དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-28 08:52:51   |   127

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚེས27ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

01.jpg

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས26ཉིན་གྱི་ཆུ་ཚོད17བར་དུ། ས་གནས་ཁག་གིས་དབྱར་འབྲུའི་གྲོ་མུའུ་ཁྲི7005བསྡུས་པ་དང་། མིག་སྔར་འབྲུ་བསྡུའི་མྱུར་ཚད་བཅུ་ཆའི་གཉིས་ཙམ་ལ་ཐོན་ཡོད་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ1པ་ནས4པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར21170.2མངོན་འགྱུར་བྱུང་བ་དང་། དུས་མཚུངས་ལས1.4%འཕར་ཡོད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་བར་དུ། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ232ལ་ཐོན་ཡོད་པ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་གི་སྡོམ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི16.9མངོན་འགྱུར་བྱུང་ཡོད།

  • སློབ་གསོ་པུས་རྨང་གཞིའི་སློབ་གསོའི“དོ་དམ་ཚད་ལྡན་རིམ་སྤོར”གྱི་བྱ་སྤྱོད་སྤེལ་ནས། སྔ་སྣུར་དུ་སློབ་མགོ་རྩོམ་པ་དང་། གུང་གསེང་ཕྱིར་འགྱངས་སོགས་ཀྱི་ལྡོག་ཕྱོགས་གསལ་ཐོ་ཁག16གཏན་འགོག་བྱ་རྒྱུ་གསལ་བོར་བཏོན་ཡོད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས“སྒམ་ཁ་ཕྱེ་བའི”(“开盒”)གནད་དོན་བཅོས་སྒྲིག་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་བཀོད་སྒྲིག་བྱས་ནས། གཙོ་གནད་དྲ་ཚིགས་ལས་སྟེགས་མང་པོས་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབས་ནས། “བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་ཐོག་ནས“སྒམ་ཁ་ཕྱེ་བའི”རྙོང་འཛིང་སྣང་ཚུལ་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པའི་བླང་བྱ་བཏོན།

  • དམངས་སྲིད་པུས་སྤྱི་ཕན་དགེ་སྒྲུབ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱི་དཔེ་མཚོན་གྱོད་དཔེ8ཡོངས་བསྒྲགས་བྱས་པ་རེད།

02.jpg

  • ཚེས27ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས“ཚན་རྩལ་གནའ་རྫས་རྟོག་ཞིབ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་གལ་ཆེན”མང་པོ་ཁྱབ་བསྒྲགས་བྱས།

  • ཚེས27ཉིན། ཐེན་ཏུའུ་ཨང་རྟགས་དང་པོའི་སའི་གོ་ལ་དང་ཟླ་བའི་ཤར་གཏོང་ལག་རྩལ་ཚོད་ལྟའི་སྐར་མ་དེ་ཉེ་བའི་ས་ཆར་འགག་རྩའི་འཁོར་ལམ་སྒྱུར་རྒྱུ་བདེ་བླག་ངང་ལག་བསྟར་བྱས་ཏེ། སའི་གོ་ལ་དང་ཟླ་བའི་ཕྱོགས་སུ་འགྲོ་འོང3:1གི་མཉམ་འདར་འཁོར་ལམ་གནད་སྨིན་བརྗེ་སྒྱུར་བདེ་བླག་ངང་ལེགས་གྲུབ་བྱུང་།

སྤྱི་ཚོགས།

03.gif

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་དང་སང་ཉིན་རིང་། ཀུའེ་ཀྲོའུ་དང་། ཅང་ནན། ཧྭ་ནན་གྱི་ས་ཁུལ་མང་ཆེ་བ་བཅས་ལ་སྔ་རྗེས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།

  • རིག་གནས་གནས་སྐོར་པུས་ལྐོག་རྩད་ཚན་ཆུང་མང་པོ་སྒྲིག་འཛུགས་བྱས་ནས། ཀྲེ་ཅང་དང་ཧྥུའུ་ཅན་སོགས་ཞིང་ཆེན(རང་སྐྱོང་ལྗོངས)8ལ་ལྐོག་ཞིབ་དང་འཐེན་བཤེར་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་དང་། ཁྲོམ་རའི་སྒྲིག་ལམ་གྱི་གནད་དོན་ཁག་གཅིག་ཤེས་རྟོགས་བྱུང་བ་མ་ཟད་བརྡ་ཁྱབ་བཏང་བ་རེད།

04.jpg

  • ཚེས27ཉིན། “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་། ཧྭ་ཕིང་བུད་མེད་མཐོ་འབྲིང་སློབ་གྲྭའི་སློབ་གཙོ་ཀྲང་ཀུའེ་མའེ་ཡིས་རྒྱུན་གཏན་སྤྱོད་པའི་དུང་ཆེན་ཆུང་ཆུང་སོགས་ཧྭ་ཕིང་བུད་མེད་མཐོ་འབྲིང་གཉེར་བའི་བརྒྱུད་རིམ་བདེན་དཔང་བྱེ་པའི་དངོས་པོ5(ཆ་ཚང)རྒྱལ་ཁབ་རྟེན་མཛོད་ཁང་གིས་དངོས་སུ་ཉར་ཚགས་བྱས་པ་རེད།

  • ཚེས27ཉིན། ཁོ་རེ་ཡའི་ཀུའེ་ཝེ་རུ་སྤེལ་བའི2025ལོའི་ཨེ་ཤེ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ5བླངས་པ་རེད།

  • ཧའེ་ནན་ཞིང་ཨུའི་དེ་སྔའི་རྒྱུན་ཨུའམ་ཧའེ་ཁོའུ་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ལུའོ་ཙེང་པིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་མ་ཧྥུང་ཧྲེང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཀུའེ་ཀྲོའུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཡུན་ནན་ཞིང་ཨུའི་དེ་སྔའི་རྒྱུན་ཨུའམ་དང་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཧྲེང་ཀྲང་གཞོན་པ་ལི་ཧྲི་སུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

  • ཚེས27ཉིན། ཧུའུ་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ཕེང་གོ་ཕུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་ནས། ཞུ་སྦྱོར་ཕྱི་མ་ཕེང་གོ་ཕུའུ་ཡིས་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ལ་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

  • ཀོང་ཀྲོའུ་ཡི་ཚན་རྩལ་སྤྱི་གཉེར་ག་གེ་མོར་ཕྱི་རྒྱལ་གྱི་ཧེག་པའི(黑客)་རྩ་འཛུགས་ཀྱིས་དྲ་རྒྱའི་ཚུར་རྒོལ་ཐེབས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བརྒྱུད། སྤྱི་གཉེར་དེར་དྲ་རྒྱའི་ཕར་རྒོལ་ཐེབས་པ་དེ་ཀྲུང་གོའི་ཐའེ་ཝན་དམངས་གཙོ་ཡར་སྐུལ་ཚོགས་པའི་(民进党)དབང་འཛིན་ལས་ཁུངས་ཀྱིས་གསོས་པའི་ཧེག་པའི་རྩ་འཛུགས་ཀྱིས་བཟོས་པ་ཞིག་ཡིན་པ་རྩད་ཆོད།

  • ཧྲན་ཏུང་ཀའོ་སྨི་ཡིའུ་ཏའོ་རྫས་འགྱུར་ཚད་ཡོད་སྤྱི་གཉེར་གྱི་འཁོར་ཁང་ཞིག་ལ་འབར་གས་ཀྱི་དོན་རྐྱེན་བྱུང་བ་དང་། ཉིན་དེའི་དུས་ཚོད19:25བར། ལས་འཛོལ་ནང་མི5རྐྱེན་ལམ་དུ་ཤོར་བ་དང་། མི6ལ་འབྲེལ་བ་བྱེད་མ་ཐུབ། མི19ལ་རྨས་སྐྱོན་ཆུང་ངུ་ཕོག་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས་ཆ་རྐྱེན་འཛོམས་པའི་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུས་པའི་ཁེ་ལས་ལ་ལོ་གསུམ་ནང་དངོས་སུ་བསྡུ་སྤྱོད་བྱས་པའི་མི་གྲངས་གཞིར་བཟུང་ནས་མི་རེར་ལོ་རེར་སྒོར7800ཡི་ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྤྲོད་རྒྱུ་རེད།

  • ཧུའུ་ནན་གྱིས་བྱེད་ཐབས་གསར་པ་ཁྱབ་བསྒྲགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟ་ཁུ། སྙིང་ནད་སོགས་ཡུན་རིང་བོར་སྨན་སྤྱོད་པའི་གཅོང་ནད་དང་དམིགས་བསལ་ནད་གཞིའི་སྒོ་བསྟེན་སྨན་བཅོས་ཀྱི་ཐོབ་ཐང་གི“དཔྱད་གཞི་མེད་པའི”བསྐྱར་ཞིབ་དྲ་ཐོག་ཏུ་དུས་འགྱངས་བྱ་རྒྱུ་རེད།

  • སི་ཁྲོན་གྱིས་གྲོང་གསེབ་ཀྱི་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐོར་རྩ་འཛུགས་ཀྱི“གནས་སྐོར་གྲོང་གསེབ་ལེགས་ཤོས”སུ་གསར་དུ་ངོན་འཛིན་བྱས་པར། ཐེངས་གཅིག་ཅན་གྱི་རྣམ་གྲངས་ཀྱི་བྱ་དགའི་ཁ་གསབ་སྒོར་ཁྲི200སྟེར་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད་དང་། ཁྲུང་ཆིང་གི་ལྷོ་རྒྱུད། ཀུའེ་ཀྲོའུ། ཡུན་ནན་གྱི་ས་ཆ་མང་ཆེ་བ། ཅང་ནན། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་། ཧུའུ་ནན་གྱི་དབུས་ལྷོ་རྒྱུད། ཅང་ཞིའི་དབུས་རྒྱུད། ཀོང་ཞིའི་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ། དེ་བཞིན་ཡུན་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཆ་ལ་ལར་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།