དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-29 10:04:58   |   326

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 2025ལོར། རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་མི་གྲངས་ཁྲི1335ཡོད།

  • ཟླ1ནས་ཟླ4བར། རང་རྒྱལ་གྱི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར1.28མང་དུ་ཕྱིན་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུའི་གྲངས་གཞི་ལས་མངོན་པར། ཟླ1པ་ནས4པའི་བར། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས11.2%འཕར་ཡོད།

  • བཟོ་འཕྲིན་པུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་ཁབ་གྲངས་གཞི་ཅུ་བཅས་ཀྱིས་ཡིག་ཆ་བཀྲམ་ནས། 2027ལོར་སླེབས་སྐབས། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་འགག་རྩའི་ལས་རིམ་གྲངས་འཛིན་ཅན་དུ་འགྱུར་ཚད85%ལས་བརྒལ་རྒྱུ་རེད།

  • མིག་སྔར། རེས་སྐོར་གསུམ་པའི་ཁག་བཞི་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་སྐོར་8པོ་ཚང་མ་བཅའ་སྡོད་བྱས་ཡོད།

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་རྒྱལ་ཡོངས་སུ་རྒན་རྒོན་གྱི་སྨན་རྫས་དང་། ལུས་ཁམས་བདེ་སྲུང་ཐོན་རྫས་རྫུས་མའི་དྲིལ་སྒྲོག་ལ་ཆེད་དོན་བཅོས་སྒྲིག་བྱ་བའི་ལས་དོན་སྤེལ་རྒྱུ་བཀོད་སྒྲིག་བྱས་ནས། སྨན་རྫས་དང་ལུས་ཁམས་བདེ་སྲུང་ཐོན་རྫས་ཁྲོམ་རའི་ “རྒན་པར་མགོ་སྐོར་གཏོང་བའི”བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཧྲན་ཏུང་ཡིའུ་ཏའོ་རྫས་འགྱུར་ཚད་ཡོད་སྤྱི་གཉེར་གྱི་འབར་གས་དོན་རྐྱེན་ལ་ཞིབ་བཤེར་ཐག་གཅོད་བྱེད་པར་ལྟ་སྐུལ་བྱ་རྒྱུའི་ཐག་བཅད་པ་རེད།

  • ཕྱི་འབྲེལ་པུས་བསྟན་དོན། 2025ལོའི་ཟླ6ཚེས9ཉིན་ནས་2026ལོའི་ཟླ6ཚེས8ཉིན་བར། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་། ཨ་མན། ཁུ་ཝེ་ཐེ། པ་རེན་བཅས་ཀྱིས་ལམ་ཡིག་དཀྱུས་མ་འཁྱེར་མཁན་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟའི་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

  • འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་ཚེས28ཉིན་གནམ་གཤིས་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། 2025ལོ་ནས2029ལོའི་བར་དུ། 80%ཡི་ཟིན་ཐོ་ཡོད་པའི་ཚུན་གྱི“དྲོད་ཚད་མཐོ་ཤོས་ཀྱི་ལོ”ཐོན་རྒྱུ་ཡིན་སྲིད་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་འོས་འཚམ་ཡོང་པ་དང་། བྱང་ཕྱོགས་ས་ཁུལ་དུ་གཙོ་བོར་གནམ་ཐང་རྒྱུ་རེད། ཧུའུ་པེ་དང་ཧུའུ་ནན། ཨན་ཧུའེ། ཅང་ཤིས། ཀྲེ་ཅང་། ཡུན་ནན་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། ས་ཁུལ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་འགག་སྒོའི་ཉིན་རེར་ཆ་སྙོམས་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི215ལ་སླེབས་རྒྱུ་ཡིན་པ་དང་། ན་ནིང་གི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་དང་བསྡུར་ན12.2%འཕར་རྒྱུ་རེད།

  • ཚེས28ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་སྤྱི་བསྒྲགས་སྤེལ་ནས། གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་གི་སྨན་པ་དཀའ་བཅུ་པ“ལག་ཁྱེར་བོགས་གཏོང”སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུའི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཅུ་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དང་། མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཚེས28ཉིན། “སྐྱེས་པ་ཞིག་སྨི8000ལྷག་གི་མཁའ་དབྱིངས་སུ་དྲངས་པའི”དོན་རྐྱེན་གྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། འཕུར་སྐྱོད་པ་ཕེང་ཡུས་ཅང་ཟླ་བ6ལ་འཕུར་མཚམས་འཇོག་དགོས་རྒྱུ་རེད།

  • ཚེས28ཉིན། 2025ལོའི་ཨེ་ཤེ་ཡའི་མཆོང་རྒྱུག་འགྲན་བསྡུར་ཀྱི་བུད་མེད་ཀྱི་སྨི100ཡི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་འགྲན་ཞུགས་པ་ལེའང་ཞའོ་ཅིང་གིས་ཨང་དང་པོ་བླངས་པ་རེད།

  • ཁྲིམས་འགལ་སྒྲིག་འགལ་ངང་སྤྱོད་མཁན་གྱི་ཆ་འཕྲིན་བསྡུ་རུབ་བྱེད་པ་དང་འབྲེལ་བ་ཡོད་པའི་སྤོ་བདེའི་བེད་སྤྱོད་མ་ལག63ལ་བརྡ་ཁྱབ་བཏང་བ་རེད།

01.jpg

  • “ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་འདེགས་འཕྲུལ་ཨང་རྟགས2པ”རྟགས་ཅན་གྱི་ཏུན1300འཁོར་ཐུབ་པའི་ལྗིད་ཐེག་གྲུ་གཟིངས་ཚེས28ཉིན་བདེ་བླག་ངང་རྩིས་སྤྲོད་བྱས་ནས། ཀྲེ་ཅང་ཀྲོའུ་ཧྲན་གྲུ་ཁའི་ལིའུ་ཧིན་གཞུང་ལམ་གྱི་ཆིང་ལུང་མོན་ཟམ་ཆེན་དུ་ཨར་ལས་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།

02.jpg

  • ཉེ་ཆར། ཡུན་ནན་ལུང་ལིང་ནས་མཐོང་དཀོན་པའི་ཡུན་ནན་གྱི་མེ་ཏོག་ལུག་མཉེ་ཁྱུ་ཚོགས་རྙེད་པ་དང་། སྡོང་རྐང་ཁྲི1ལས་བརྒལ་ལ། སྡོང་རྐང་མཐོ་ཤོས་ལ་སྨི3ལས་བརྒལ།

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཡིག་ཆ་བཀྲམ་ནས་སློབ་མའི་ལས་བྱ་འབྲི་བའི་དུས་ཚོད་དང་གྲངས་ཀ་ཚད་ལྡན་དུ་བཏང་བ་དང་། སློབ་ཆུང་གི་ལོ་རིམ་དང་པོ་དང་གཉིས་པར་ཁྱིམ་དུ་ལོག་ནས་ཡིག་ཐོག་ནས་འབྲི་དགོས་པའི་ལས་བྱ་བཀོད་སྒྲིག་མི་བྱེད་པ་དང་། སློབ་ཆུང་གི་ལོ་རིམ་གཞན་དག་གི་ཉིན་རེའི་ཡིག་ཐོག་གི་ལས་བྱ་འབྲི་དགོས་པའི་དུས་ཚོད་ཆ་སྙོམས་བྱས་ན་སྐར་མ60ལས་བརྒལ་མི་ཆོག

  • ཅི་ལིན་གྱིས་ཞིང་ཆེན་ནང་ཁུལ་དུ་ཡུན་རིང་སྡོད་པའི་ལོ60དང་དེའི་ཡན་དང་། ཁྱིམ་གྱི་རྒན་པར་འཚམ་པའི་སྒྱུར་བཀོད་ཀྱི་དགོས་མཁོ་ཡོད་པའི་རྒན་པས་ཁྱིམ་ཚང་གི་རྒན་པར་འཚམ་པའི་སྒྱུར་བཀོད་ཐོན་རྫས་ཀྱི་ཁ་གསབ་རེ་ཞུ་བྱེད་ཆོག་པ་དང་། ཁ་གསབ་ཀྱི་ཚད་གཞི་མི་རེར་རིམ་རྩིས་བྱས་ན་སྒོར2000ཡིན།

  • ཧོ་ནན་གྱིས་གཞི་རིམ་བཟོ་ཚོགས་ལ་བཟོ་ཚོགས་ཀྱི་འགྲོ་གྲོན་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱ་རྒྱུར་སྐུལ་ལྕག་བཏང་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་དུས་ཆེན་གྱི་འཚམས་འདྲིའི་དངོས་པོ་སྟེར་བའི་ཚད་གཞི་ཕུད། དོན་དངོས་དང་ཟུང་འབྲེལ་བྱས་ནས། ལོ་ལྟར་མི་རེར་སྒོར500ལས་མི་བརྒལ་བའི་ཚད་གཞི་ལྟར་བཟོ་ཚོགས་ཀྱི་འཛད་སྤྱོད་འཛིན་ཤོག་བྱིན་ཆོག

དེ་རིང་གི་གནམ་གཤིས།

03.jpg

  • ཅང་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཧྥུ་ཅན་གྱི་ལྷོ་རྒྱུད་དང་ཅང་ཞིའི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ། ཀོང་ཞིའི་དབུས་རྒྱུད་དང་ཤར་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།