དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-30 08:57:48   |   252

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་བཀའ་རྒྱར་མཚན་རྟགས་བཀོད་ནས།《དམག་དོན་ཚན་ཞིབ་བྱ་དགའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ7ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལེའུ་གསར་པ་རྩོམ་དགོས།——ཞེས་པའི་ཀྲུང་ལའི་གླེང་སྟེགས་སྐབས་བཞི་པའི་པུ་ཀྲང་རིམ་པའི་ཚོགས་འདུའི་མགོ་རྩོམ་མཛད་སྒོའི་ཐོག་གི་གཙོ་དོན་གསུང་བཤད》ཀྱི་དེབ་རྐྱང་པ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཉིན་དེ་ནས་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་འགྲེམས་སྤེལ་བྱ་རྒྱུ་རེད།

  • ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • 2025ལོའི་ཟླ4པར། རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན18845ཞིབ་བཤེར་ཐག་གཅོད་བྱས་པ་རེད།

  • ད་ལོའི་ཟླ1པ་ནས4པའི་བར། གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་7.35ཟིན་པ་དང་། དུས་མཚུངས་ལས4.9%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར6.87ཟིན་རྒྱུ་ཡིན་པ་དང་། ན་ནིང་གི་དུས་མཚུངས་ལས7.7%ཙམ་འཕར་རྒྱུ་རེད།

01.jpg

  • ཚེས29ཉིན་གྱི་དུས་ཚོད01:31སྟེང་། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ། རྒྱང་སྐྱོད་ཨང་རྟགས་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་རྒྱུ་སྐར་འཚོལ་ཞིབ་ཚད་ལེན་ལས་གྲྭའི་མཁའ་འགྲུལ་ཡོ་བྱད་ཨང་རྟགས་གཉིས་པ་འཕེན་གཏོང་བྱས་པ་རེད།

02.jpg

  • ཚེས29ཉིན་གྱི་དུས་ཚོད12:12སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ། རྒྱང་སྐྱོད་ཨང་རྟགས་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ལག་ལེན་ཨང་རྟགས་ཉེར་དྲུག་པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

03.jpg

  • ཚེས28ཉིན“གངས་འབྲུག2”རྟགས་ཅན་གྱི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས་ཧའེ་ནན་གྱི་མཚོ་ཁུག་ཏུ་འབྱོར་བ་དང་། དེས་ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས41པས་རྟོག་ཞིབ་ལས་འགན་ཚང་མ་བདེ་བླག་ངང་ལེགས་འགྲུབ་བྱས་པ་མཚོན་ཡོད།

  • ཚེས29ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་གནས་ལུགས་མེད་པར་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་ཐོངས་མཆན་མེད་པ་བཟོ་རྒྱུའི་ཐད། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་དང་། ཨ་རི་ཕྱོགས་ལ་འབྲེལ་གཏུག་བྱས་ཡོད་ཅེས་བཤད།

སྤྱི་ཚོགས།

04.jpg

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་བཏང་བ་དང་། དེ་རིང་། ཧུའུ་ནན་དང་། ཀོང་ཏུང་། ཀོང་ཤིས། ཡུན་ནན་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེ།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཡིས་གནས་ཚུལ་སྤེལ་བར་གཞིགས་ན།《ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་མཚོན་རྟགས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དེ་ཟླ6ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • 2024ལོའི་ཀྲུང་གོའི་མི་དར་མའི་རྡོ་ཐ་བརྟག་དཔྱད་བྱས་འབྲས་ལས་མངོན་པར། ཀྲུང་གོའི་ལོ15དང་དེ་ཡན་གྱི་མི་ཚོགས་ཀྱིས་ད་ལྟ་ཐ་མག་འཐེན་ཚད23.2%ཟིན་པ་དང་། 2022ལོ་དང་བསྡུར་ན་བརྒྱ་ཆའི་གྲངས0.9མར་ཆག་ཡོད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ཨུའམ་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་པི་ཅིང་ཆོན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཁྲིམས་འགལ་སྒྲིག་འགལ་ངང་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པ་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་གཞིགས་ནས། རིགས49ཡི་APPདངSDKལ་བརྡ་ཁྱབ་བཏང་བ་རེད།

  • ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་དྲ་ཐོག་ཏུ“གཞུང་ཕྱོགས་རྩ་འཛུགས་དང་དྲ་དམངས་ཀྱིས་དོམ་ཁྲར་མ་དངུལ་བསྡུ་རུབ་དང་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱེད་དགོས”སོགས་ཀྱི་དཀྲོག་གཏམ་བཏང་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་སྟེ། སྒྲིག་གཞི་དང་མི་སྒེར་སུ་ཡིན་རུང་དོམ་ཁྲ་གང་རུང་ལ་མ་དངུལ་བསྡུ་རུབ་དང་རོགས་སྐྱོར་བྱེད་དགོས་པའི་བྱེད་སྒོ་སྤེལ་རྒྱུའི་དབང་ཆ་སྤྲད་མེད་ཟེར།

  • ད་ལོའི་ཟླ1པ་ནས4པའི་བར། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར107.1ཟིན་པ་དང་། དུས་མཚུངས་ལས་24%འཕར་ཡོད།

05.jpg

  • ཚེས29ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་མི་ཆོས་གནས་སྐོར་ཆེད་སྤྱོད་མེ་འཁོར་ཤིས་ཨན་ནས་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་བར་གྱི་མེ་འཁོར་ཐོག་མ་དེ་ཤིས་ཨན་གྱི་འབབ་ཚིགས་ནས་སྐྱོད་མགོ་ཚུགས་པ་རེད།

06.jpg

  • ཚེས28ཉིན་གྱི་དགོང་མོར། བྷང་ག་ལ་ནས་ཐོན་པའི་ཨ་མྲ་ཏུན3གནམ་གྲུར་བཞག་ནས་ཁྲང་ཧྲ་ཧོང་ཧྭ་གནམ་ཐང་གི་འགག་སྒོར་འབྱོར་ཞིང་། དེ་ནི་རང་རྒྱལ་གྱིས་བྷང་ག་ལའི་ཨ་མྲ་ནང་འདྲེན་བྱེད་པ་ཐེངས་དང་པོ་རེད།

  • ཉིན་ཤས་གོང་། ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་མི་ཐབས་རིག་ནུས་ལག་རྩལ་སྤྱད་དེ། དྲ་རྒྱའི་ཐོག་དཀྲོག་གཏམ་སྤེལ་ནས་ཁེ་ལས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཡའོ་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན8འཛིན་བཟུང་བྱས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་ནས་མིས་བཟོས་རིག་ནུས་ཀྱི་བཟོ་ལས་ཅན་གསར་པར་སྐུལ་འདེད་བཏང་ནས། རྒྱལ་ནང་གི་རྩེར་སོན་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པའི་དཔེ་དབྱིབས་རྩིས་རྒྱག་ནུས་པའི་མ་གནས་མཐོ་ཤོས་ལ་སྒོར་ཁྲི་3000ལས་མི་བརྒལ་བའི་རྒྱབ་སྐྱོར་བྱེད་དགོས་ཞེས་བཏོན་ཡོད།

  • ཀན་སུའུ་ཡིས་བྱ་ཐབས་པར་འགྲེམས་བྱས་ནས་རྒན་གསོའི་སྒྲིག་གཞིས་འཚོ་བ་རང་མགོ་ཐོན་པའི་རྒན་པ་རེར་ཟླ་རེར་ཁ་གསབ་སྒོར100དང་། ནུས་པ་ཕྱེད་ཙམ་ཤོར་བའི་རྒན་པ་རེར་ཟླ་རེར་ཁ་གསབ་སྒོར200དང་། ནུས་པ་ཤོར་བའི(བློ་རིག་ཉམས་པའི་)རྒན་པར་མི་རེར་ཟླ་རེར་ཁ་གསབ་སྒོར་300བཅས་སྤྲོད་རྒྱུ།

  • ཧུའུ་པེ་ཡིས་མཐོ་སློབ་ཀྱི་ལས་གཏོད་ཚོགས་པའི་ལོ་དང་པོའི་རིན་མེད་ལམ་སྲོལ་བཙུགས་ནས། མཐོ་སློབ་ཀྱིས་སློབ་གྲྭའི་ནང་གི་ལས་གཏོད་ཚོགས་པའི་ལོ་དང་པོའི་ཚོད་ལྟའི་སྒྲིག་ཆས་བེད་སྤྱོད་ཀྱི་གྲོན་དངུལ་རྩ་ཆག་གཏོང་རྒྱུར་སྐུལ་ལྕག་བྱས་པ་རེད།

དེ་རིང་གི་གནམ་གཤིས།

07.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་ཡིན་པ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།