དེ་རིང་ནི2025ལོའི་ཟླ06པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-03 09:31:49   |   148

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར6.57ཙམ་ཟིན་པ་དེ་དུས་མཚུངས་ལས3.0%འཕར་ཡོད།

1.jpg

  • ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་དམག་དོན་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་དེ་སྔའི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཞུས་ཆི་ལེའང་ནད་ཀྱིས2025ལོའི་ཟླ6པའི་ཚེས2ཉིན་པེ་ཅིང་དུ་སྐུ་གཤེགས། སྐུ་གཤེགས་དུས་དགུང་ལོ75ཡིན་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ནུས་རྒྱུ་གསར་པ་གློག་ཤུགས་སྤྱོད་མཁན་ལ་ཐད་ཀར་གློག་གཏོང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ནུས་རྒྱུ་གསར་པའི་གློག་གཏོང་ཐག་ཉེ་སར་གཙང་སེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ལྗང་མདོག་ནུས་རྒྱུའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་བྱིས་པའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི210ལྷག་ཙམ་ཁྱབ་བསྒྲགས་བྱས་ཤིང་། དེ་དག་བྱིས་པའི་དཔེ་ཁུག་དང་བདེ་འཇགས་རྐུབ་སྟེགས་སོགས་དང་འབྲེལ་བ་ཡོད་པ་རེད།

  • ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི“ཤར་བགྲོད་ལམ”ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་རིམ་རྩིས་བྱས་ན་མེ་འཁོར2000ལྷག་ཙམ་བཏང་ནས་ཕོ་ལན་དང་། འཇར་མན། ཧོ་ལན་སོགས་རྒྱལ་ཁབ14ལ་ཤར་གཏོང་ཐུབ་ཡོད་པ་རེད།

  • ཟླ་འདི་ནས་བཟུང་ཞིན་ཅང་དབྱི་ཁེ་ཧྲེ་ཐན་འགག་སྒོར་དུས་མཚམས་ཧྲིལ་པོའི་ཟོག་འདྲེན་འགག་སྒྲོལ་ཚོད་ལྟ་བྱས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཚོང་དོན་ཟོག་འགྲེམས་བགྲོད་ལམ་སྔར་བས་ཤར་གཏོང་ཐུབ་རྒྱུ་རེད།

2.jpg

  • པོ་ཧའེ་རྒྱ་མཚོའི་ཏུན་དུང་ཕྱུར་རིམ་པའི་སྣུམ་ཞིང་གསར་སྦོལ10-2སྣུམ་ཞིང་གི་མཚོ་ཐོག་ལས་སྟེགས་ཀྱི་སྐམ་ས་འཛུགས་སྐྲུན་ལས་དོན་ལེགས་གྲུབ་ཟིན་ནས་མཚོ་ཐོག་སྒྲིག་སྦྱོར་དང་མཉམ་འབྲེལ་ལེགས་སྒྲིག་གི་དུས་མཚམས་སུ་སླེབས་རྒྱུ་རེད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སྤྱི་ལེ300རིམ་པའི་ཚད་རྡུལ་ཐད་ཀའི་འཕྲིན་གཏོང་དྲ་རྒྱ་བདེ་བླག་ངང་བསྐྲུན་པ་དང་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ《ཚན་རིག་བརྡ་ཁྱབ》དུས་དེབ་ཐོག་སྤེལ་པ་རེད།

  • ཨ་རི་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་ལས་འགལ་ཡོད་ཅེས་བརྗོད་པ་དང་། རང་རྒྱལ་གྱི་ཚོང་དོན་པུས་ཀྲུང་གོ་ཕྱོགས་ཀྱིས་ཁུངས་ལུང་མེད་པའི་སྐྱོན་འཛུགས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ལན་བཏབ་པ་རེད།

  • ཨ་རིའི་ཁེ་ལས་མཁས་ཅན་མཱ་སི་ཁེས་དེ་སྔ་ངས་འགན་འཁུར་བའི་སྲིད་གཞུང་གི་ལས་ཆོད་པུ་དེ“ཉེས་ཚབ་བྱེད་མཁན”ཞིག་ཏུ་གྱུར་ཡོད་པ་དང་། ཁོང་གིས་ཐེ་རོན་ཕུ་སྲིད་གཞུང་གིས་བསྒྲུབས་པའི་ལས་དོན་ཡོད་ཚད་ལ་འགན་འཁུར་འདོད་མེད་ལ་སྲིད་གཞུང་ལ་ཐད་ཀར་སྐྱོན་བརྗོད་བྱེད་འདོད་ཀྱང་མེད་པས་ཁོ་རང་ལ“དཀའ་ངལ་ཆེན་པོ་འདུག”ཅེས་བཤད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ལས་གནམ་གཤིས་ཀྱི་གཟའ་འཁོར་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། འབྱུང་འགྱུར་ཉིན་བཅུའི་རིང་བྱང་ཕྱོགས་སུ་གནམ་ཐང་བ་མང་ཞིང་ཆར་ཆུ་ཉུང་བས་དབྱར་འདེབས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་དང་། འབྲི་ཆུའི་དབུས་སྨད་རྒྱུད་དུ་ཆར་བ་འབབ་མང་བས་དུས་ཐོག་ཏུ་ཆུ་ཡུར་གཙང་སེལ་བྱེད་དགོས་ཞེས་བསྟན་པ་རེད།

3.jpg

  • ས་འོག་ས་སྡུད་འགུལ་སྐྱོད་ཤུགས་རྐྱེན་ཕོག་པའི་དབང་གིས་ཚེས1ཉིན་གྱི་མཚན་མོ་ནས་ཚེས2ཉིན་གྱི་ཐོ་རེངས་བར་ཧེ་ལུང་ཅང་གི་ས་ཆ་མང་པོའི་མཁའ་དབྱིངས་སུ་བཀྲག་མདངས་འཚེར་བ་དང་ནམ་མཁའི་སྐར་ཚོགས་ཕན་ཚུན་འོད་མདངས་འཕྲོ་བའི་འཆར་ཡན་བརྗིད་ཉམས་ལྡན་པ་མངོན་པ་རེད།

  • ཚེས1ཉིན་གྱི་དགོང་མོ་བོད་ལྗོངས་སྟེང་ཆེན་རྫོང་གི་དབྱར་རྩྭ་དགུན་འབུ་བརྐོ་སར་ཞིག་ལ་རི་ཉིལ་བའི་གནོད་འཚེ་བྱུང་ཞིང་། ཚེས2ཉིན་གྱི་ཆུ་ཚོད17ཙམ་བར་རི་ཉིལ་བའི་གནོད་འཚེ་ཁྲོད་མི3རྐྱེན་ལམ་དུ་ཤོར་བ་དང་མི7ལ་འབྲེལ་བ་ཆད་པ། མི2ལ་རྨས་སྐྱོན་ཕོག་པ་རེད།

  • ཚེས2ཉིན་གྱི་དགོང་མོ་བར། 2025ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་གི་གློག་བརྙན་གྱི་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར4.5ལས་བརྒལ་ཞིང་། དེ་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་གཉིས་འཕར་ཡོད་པ་རེད།

4.jpg

  • ཚེས2ཉིན་ཀྲུང་གོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་ཧིན་རྡུ་ཉི་ཞི་ཡའི་ཡ་ཅ་ཏ་རུ་ཕྱིན་ཏེ་ཚེས5ཉིན་གྱི་དགོང་མོར་ཧིན་རྡུ་ཉི་ཞི་ཡའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་འགྲན་དགོས་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་ཨེ་ཤེ་ཡ་ཁུལ་གྱི་གྲ་སྒྲིག་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། སྤོ་ལོ་རྒྱག་མཁན25རུ་ཁག་དང་མཉམ་དུ་ཕྱིན་པ་རེད།

  • “གངས་འབྲུག་ཨང་གཉིས་པ”རྟགས་ཅན་གྱི་གླིང་སྣེའི་རྟོག་ཞིབ་གྲུ་གཟིངས་ཧའེ་ཁོའུ་རུ་སྤྱི་དམངས་ལ་སྒོ་ཕྱེ་པ་རེད།

6.jpg

  • ནུས་རྒྱུ་གསར་པའི་རླངས་འཁོར་སྐྱེལ་འདྲེན་གྲུ་གཟིངས“ལྗང་མདོག་ཤར་གཏོང”གྲུ་གཟིངས་དེ་ཡན་ཐའེ་ནས་ཏ་ལེན་བར་གྱི་མཚོ་ཐོག་ཏུ་དངོས་སུ་གཉེར་སྐྱོང་བྱེད་མགོ་ཚུགས་པ་དང་། དེ་ཐོག་ནས་པོ་ཧའེ་མཚོ་འགག་གི་ནུས་རྒྱུ་གསར་པའི་རླངས་འཁོར་མཚོ་ཐོག་སྐྱེལ་འདྲེན་ཆེད་སྤྱོད་ལམ་ཐིག་ཤར་གཏོང་ཐུབ་པ་མཚོན་ཡོད།

  • ཀྲུང་གོ་ལྕགས་ལམ་ཧྲེན་དབྱང་ཅུ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་གྱིས་ཉེ་ཆར་བཟའ་བཏུང་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ཏེ་དབུ་དཀར་གནས་སྐོར་མེ་འཁོར་ཐོག་རང་འདེམས་ཟ་མ་མཁོ་འདོན་བྱས་ནས་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད།

7.jpg

  • ལོ་བཅུ་ཕྲག་ཁ་ཤས་སོང་རྗེས། ཆེས་སྟོངས་ལ་ཉེ་བའི་རྩི་ཤིང་དོམ་ཁྲ་སྟེ། གླང་ཆེན་འགྱིང་རིའི་སྣ་གཅིག་རང་བཞིན་གྱི་ཤིང་གི་སྣ་མའི་མེ་ཏོག་གླང་ཆེན་འགྱིང་རིར་སླར་ཡང་རབ་ཏུ་བཞད།

སྲིད་ཇུས།

  • ཧྲན་ཞི་ཡིས་བུ་བཙའི་ཕོགས་སྣོན་ཕྱོགས་ཡོངས་ནས་མི་སྒེར་ལ་ཐད་ཀར་སྤྲད་ནས་བུ་བཙའི་ཕོགས་སྣོན་ལེན་པའི་བརྒྱུད་རིམ་སྟབས་བདེ་ནུས་ལྡན་དུ་བཏང་།

  • ཁྲུང་ཆིང་གིས་ལས་གཏོད་ཁག་ཐེག་དངུལ་བུན་སྲིད་ཇུས་ལེགས་སུ་བཏང་བའི་ནང་མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གྱི་དངུལ་གྲངས་སྒོར་ཁྲི30ནས་སྒོར་ཁྲི50བར་མཐོ་རུ་བཏང་བ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་དངུལ་གྲངས་སྒོར་ཁྲི400ནས་སྒོར་ཁྲི600བར་མཐོ་རུ་བཏང་ཡོད།

  • ཆུ་ཐོག་གི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་། ཟམ་པ། སྒྲིག་བཀོད། ཕར་འགྲོ་ཚུར་འོང་གི་གྲུ་གཟིངས་བཅས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ཧང་ཀྲོའུ་ཡིས་ཅིང་ཧང་མིས་བཟོས་གཙང་པོའི་ཧང་ཀྲོའུ་གྲོང་ཁུལ་གཙོ་བོའི་མཚོ་འགྲུལ་དུམ་བུར་འགྲིམ་འགྲུལ་དོ་དམ་བྱ་རྒྱུའི་གཏན་འབེབས་བྱས་པ་དང་དུས་ཚོད་ལོ་གཅིག་ལ་རྒྱུན་མཐུད་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

8.jpg

  • ཀོང་ཏུང་གི་དབུས་ལྷོ་རྒྱུད་དང་། ཧྥུའུ་ཅན་གྱི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། གོང་གསལ་ས་ཁུལ་ཁག་གཅིག་ལ་ད་དུང་དུས་ཐུང་ཆར་ཆེན་འབབ་རྒྱུ་རེད། ཧེ་ལུང་ཅང་གི་བྱང་རྒྱུད་དང་ཅི་ལིན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།