དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-04 09:10:40   |   330

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི115.3ཟིན་ཞིང་། དེ་དུས་མཚུངས་ལས5.6%འཕར་ཡོད།

  • ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ཞབས་ཞུའི་ཁེ་ལས་ཀྱི་དྲ་སྦྲེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར5970ཟིན་ཞིང་། དེ་དུས་མཚུངས་ལས1.5%འཕར་ཡོད།

  • རིག་གནས་གནས་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་གནས་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར1.19ཟིན་ཞིང་། དེ་དུས་མཚུངས་ལས5.7%འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ལྔ་པའི་ཚེས་ལྔའི་གུང་གསེང་རིང་རྒྱལ་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་མྱུར་སྐྱེལ་བསྐུར་དངོས་དུང་ཕྱུར15.11བསྡུ་ལེན་བྱས་ཤིང་། དེ་དུས་མཚུངས་ལས19.4%འཕར་ཡོད།

  • སྡོམ་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས11.33%འཕར་ཡོད་པ་རེད།

  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ11པའི་ཟླ་མཇུག་སྔོན་ལ་རིམ་གསུམ་གཞུང་བཙུགས་ཀྲུང་ལུགས་གསོ་རིག་སྨན་ཁང་གི་བྱིས་ནད་ཚན་ཁག་ཁྱོན་ཡོངས་ལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྒྱུ་རེད།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་ལྔས་ཉིན་ཤས་གོང་བརྡ་ཐོ་བཏང་ནས2025ལོའི་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

640.jpg

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར“ཤར་བགྲོད་ལམ”ནས་དུས་གཏན་མེ་འཁོར2000ལས་བརྒལ་བ་ཤར་བགྲོད་བྱས་པ་རེད།

  • ཚེས4ཉིན་གྱི་ཐོ་རེངས་སུ་ལྷོ་ཁོ་རེ་ཡའི་ཀྲུང་དབྱང་འདེམས་བསྐོ་དོ་དམ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་འདེམས་ཤོག་རྩིས་རྒྱག་གྲངས་གཞི་ལས་མངོན་པར། ཐུན་མོང་དམངས་གཙོ་ཏང་གི་འོས་མི་ལི་ཙའེ་མིང་སྐབས་ཉེར་གཅིག་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་གཏན་འཁེལ་བྱས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལྔ་པའི་ཚེས་ལྔའི་གུང་གསེང་རིང་དངུལ་ཁང་མཉམ་འབྲེལ་དང་དྲ་ཐོག་མཉམ་འབྲེལ་གྱིས་གཏོང་སྤྲོད་ཉོ་ཚོང་ཐེངས་དུང་ཕྱུར140.5བྱས་པ་དང་། དངུལ་འབོར་སྒོར་དུང་ཕྱུར་ཁྲི4.8ཟིན་ཡོད།

  • ཚེས3ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་ཁྲའེ་སྣུམ་སོ་སོར་ཏུན་རེར་སྒོར65དང་སྒོར60འཕར་ཡོད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ལྔ་པའི་ཚེས་ལྔའི་གུང་གསེང་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་མི་ཐེངས་ཁྲི590.7ས་མཚམས་ནས་འགྲོ་འོང་བྱས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི196.9ཟིན་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཁྲི490ལས་བརྒལ་ཡོད་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཚོགས་པས་གསལ་བསྒྲགས་ནན་པོ་སྤེལ་ནས་རྒྱལ་ཡོངས་ཀྱི་ས་ཁུལ་གང་རུང་ཞིག་ཏུ“ལྟེ་གནས་རྒྱ་སྐྱེད་གཏོང་བ”དང་ཡང་ན“ཞབས་ཞུའི་ལྟེ་གནས་རྒྱ་སྐྱེད་གཏོང་བ”སོགས་སྒྲིག་གཞི་གང་རུང་ཞིག་གཏན་ནས་བཙུགས་མེད་པས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་དོགས་ཟོན་ཆེ་རུ་བཏང་ནས་ཉེན་ཁ་འགོག་ཟོན་བྱ་རྒྱུར་དོ་སྣང་བྱེད་དགོས་ཞེས་བཤད་པ་རེད།

微信图片_20250604083547.jpg

  • ས་འོག་དྲག་སྡུད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཉེ་ཆར་ཧེ་ལུང་ཅང་གི་ས་ཁུལ་ཁག་གཅིག་ཏུ་མཐོང་དཀོན་པའི་སྨུག་སྣེ་འོད་བྱུང་ཡོད།

སྲིད་ཇུས།

  • ཧོ་པེས་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གཅིག་སྡུད་ཆེ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཀྱིས་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་དང་རྩལ་ནུས་ལས་དོན་ཁང་ཁག་གཅིག་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ། ཞིང་ཆེན་རིམ་པའི་རྟེན་གཞི་རེར་ཁ་གསབ་སྒོར་ཁྲི100ནས་ཁྲི400བར་དང་ཞིང་ཆེན་རིམ་པའི་དགེ་རྒན་ཆེ་མོའི་ལས་དོན་ཁང་རེར་ཁ་གསབ་སྒོར་ཁྲི10ནས་ཁྲི20བར་སྤྲོད་རྒྱུ་ཁ་གསལ་བཏོན།

  • ཁྲུང་ཆིང་གིས་སྟབས་བསྟུན་ལས་ཞུགས་མི་སྣའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལེགས་སུ་བཏང་སྟེ། སྟབས་བསྟུན་ལས་ཞུགས་མི་སྣས་ཟླ་རེར་འཇལ་སྤྲོད་བྱེད་པའམ་ཡང་ན་ཐེངས་གཅིག་ལ་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་བྱས་རིགས་ལ་དངུལ་བུན་གཏོང་བའི་དུས་ཚད་དེ་འཇལ་བཅོལ་ཟླ12ཟིན་པ་ནས་ཟླ6བར་ཐུང་དུ་བཏང་ཡོད།

  • ནང་སོག་གིས་ཡིག་ཆ་བཀྲམ་ནས་ལོ0ནས6བར་གྱི་བྱིས་པའི་ཁེར་རྐྱང་ནད་ཕོག་པའི་ནད་པའི་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞི་འགན་ལེན་ཁྱབ་ཁོངས་ནང་འཇུག་རྒྱུ་གཏན་ལ་ཕབ།

དེ་རིང་གི་གནམ་གཤིས།

微信图片_20250604083552.jpg

  • བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།