དེ་རིང་ནི2025ལོའི་ཟླ06པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-05 09:23:16   |   190

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ6པའི་ཚེས4ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་མཇལ་འཛོམས་གནང་།

  • ཟླ6པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་ཙའེ་མིང་ལ་གློག་འཕྲིན་བཏང་ནས་ཁོང་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར(དམངས་གཉེར་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཚུད་པ)གྱི་ཁྲལ་འཇལ་མཁན་གྱིས་ཚན་རྩལ་གསར་གཏོད་དང་། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོའི་ཁྲལ་འཕྲི་དངུལ་གཅོག་དང་། དེ་བཞིན་ཁྲལ་སློག་སྒོར་དུང་ཕྱུར3518.8ལོངས་སུ་སྤྱོད་རྒྱུ་ཡོད།

  • ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཁབ་མཐོ་གསར་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི10.26ཟིན་ཞིང་། དེ་དུས་མཚུངས་ལས7.3%འཕར་ཡོད།

  • འབྱུང་འགྱུར་ལོ་ཤས་རིང་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་སྒོར་དུང་ཕྱུར200ལས་བརྒལ་བ་བཏང་ནས་པེ་ཅིང་དང་། ཐེན་ཅིན། ཐང་ཧྲན་སོགས་གྲོང་ཁྱེར20ཡིས་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་སྤེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་སུ་མཁར་གྲོང་གི་གཞིས་ཆུང་རྙིང་པ5679གསར་དུ་སྒྱུར་བཀོད་བྱེད་མགོ་བཙུགས་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་གྱིས་ཉེ་ཆར་བརྡ་ཐོ་བཏང་སྟེ། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར30ཙམ་དུ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས2030ལོར་སླེབས་སྐབས་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་གྲངས་གཞིའི་རྨང་གཞིའི་ལམ་ལུགས་མ་ལག་ཅུང་ཆ་ཚང་བ་ཞིག་བཙུགས་ནས། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་བཟོ་ལས་གྲངས་གཞིའི་མཛོད་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་བྱ་རྒྱུ་རེད།

  • ཚེས3ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་པ་ལིན་དང་། ཁོ་ལོམ་པི་ཡ། ཀང་ཀོ(ཅིན) ལ་ཐེ་ཝེ་ཡ། ལི་པེ་རི་ཡ་བཅས་རྒྱལ་ཁབ་ལྔ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་མིན་པའི་ལས་འཛིན་རྒྱལ་ཁབ་བདམས་པ་རེད།

སྤྱི་ཚོགས།

1.jpg

  • 2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སྐབས་ཀྱི་གནམ་གཤིས་ས་བཀྲ་ཁྱབ་བསྒྲགས་བྱས་ཤིང་། མཐོ་རྒྱུགས་རིང་འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་དུ་ཆར་པ་མངོན་གསལ་དོད་པོ་འབབ་རྒྱུ་ཡིན་པས་རྒྱུགས་སྤྲོད་པར་སྔ་ཙམ་བྱེད་དགོས་པ་དང་། ཧྭ་བྱང་དང་ཧོང་ཧོའེ་སོགས་ས་ཁུལ་དུ་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད་པས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་ཚ་གདུག་སྔོན་འགོག་བྱེད་དགོས་པ་རེད།

  • ནོར་སྲིད་པུ་སོགས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས2035ལོར་སླེབས་སྐབས་འབབ་ཡུལ་འཕྲེད་འབྲེལ་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་སྲོལ་དེ་འབྲི་ཆུ་དང་རྨ་ཆུ་སོགས་གཙོ་གནད་འབབ་ཡུལ་གྱི་གཞུང་རྒྱུན་དང་དེའི་ཡན་ལག་ཆུ་བོའི་འབབ་ཡུལ་སོགས་ནས་འཛུགས་རྒྱུ་ཁ་གསལ་བཏོན་ཡོད།

2.jpg

  • ཚེས4ཉིན། 2025ལོའི་འཛམ་གླིང་བུད་མེད་སྟར་གྲུག་མཉམ་འབྲེལ་འགྲན་བསྡུར་ཀྲུང་གོའི་པེ་ཅིང་ས་ཚིགས་ཀྱི་འགྲན་བསྡུར་ཁྲོད་ཀྲུང་གོའི་བུད་མེད་སྟར་གྲུག་རུ་ཁག་གིས་ཐེངས་དང་པོའི་འགྲན་བསྡུར་ནང་པི་ལི་ཧྲི་རུ་ཁག་ལས་རྣམ་པར་རྒྱལ་པ་རེད།

  • རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི2025ལོའི་གཟའ་འཁོར23པའི་འཛམ་གླིང་ཨང་རིམ་ནང་ལིན་ཧྲི་ཏུང་དང་སུན་དབྱིང་ཧྲ་གཉིས་སྐྱེས་པ་དང་སྐྱེས་མ་ཁེར་འགྲན་གྱི་ཨང་དང་པོར་སླེབས་ཡོད་པ་རེད།

  • འཛམ་གླིང་བྱ་སྒྲོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི2025ལོའི་གཟའ་འཁོར23པའི་འཛམ་གླིང་ཨང་རིམ་ནང་ལིའུ་ཧྲེང་ཧྲུའུ་དང་ཐན་ཉིང་། ཧྥེང་ཡན་ཀྲེ་དང་ཧོང་ཏུང་ཕིང་བཅས་སྐྱེས་མའི་ཆ་དང་མཉམ་བསྲེས་ཀྱི་ཨང་དང་པོ་སླེབས་ཡོད་པ་རེད།

3.jpg

  • ཀྲུང་གོ་ཚན་རིག་ཁང་ཡུན་ནན་གནམ་དཔྱད་ལས་ཁུངས་ཀྱིས་སྣེ་ཁྲིད་པའི་ཀྲུང་གོ་དང་འཇར་མན་གྱི་མཉམ་འབྲེལ་ཞིབ་འཇུག་ཚོགས་པས་ཉེ་ཆར་ཉི་མ་དང་འདྲ་བའི་བརྟན་སྐར་གྱི་མཐའ་འཁོར་དུ་སྤུས་ཚད་སའི་གོ་ལའི་ལྡབ་བཅུ་ཡིན་པ་དང་ ཚེ་སྲོག་ལྡན་སྲིད་པའི་རིམ་འདས་སའི་གོ་ལ་ཞིག་རྙེད་པ་རེད།

སྲིད་ཇུས།

  • ཧྲན་ཏུང་གིས་ཆུ་འབྲས་མྱུ་འབུད་འཕྲུལ་འཁོར་བེད་མེད་དུ་བཞག་ནས་རིགས་གཅིག་ཅན་གྱི་འཕྲུལ་ཆས་གསར་དུ་ཉོས་ཚེ། བེད་མེད་ཟུར་འཇོག་གི་ཁ་གསབ་དངུལ་གྲངས་ཀྱི50%གཞིར་བཟུང་ནས་བེད་མེད་ཁ་གསབ་ཚད་གཞི་མཐོ་རུ་གཏོང་དགོས་ཤིང་། བེད་མེད་ཟུར་འཇོག་གི་ཁ་གསབ་ཚད་གཞི་མཐོ་ཤོས་སྒོར་ཁྲི3ལས་བརྒལ་མི་ཆོག་པ་ཁ་གསལ་བཏོན།

  • སི་ཁྲོན་གྱིས་ཡིག་ཆ་བཀྲམ་ནས་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཀྱི་གློག་རྡུལ་རྣ་འཁྱིལ་འདེབས་འཛུགས་ལག་རྩལ་དང་། སྨན་སྤྱོད་ཡོ་བྱད་ཀྱི་མིས་བཟོས་རྣ་འཁྱིལ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ་དང་། ཟླ6པའི་ཚེས1ཉིན་ནས་ལག་ལེན་བསྟར་བྱ་རྒྱུ་ཡིན་པ་གཏན་ལ་ཕབ།

  • ཧའེ་ནན་གྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་བཏང་ནས་དམིགས་བསལ་གྱི་གཙོ་གནད་ཁྱབ་ཁོངས་ཕུད། ཡིད་རྟོན་གདེང་འཇོག་ཆེས་མཐོའི་ཁེ་ལས་ལ་གཙོ་གཉེར་སྡེ་ཚན་གཅིག་གིས་རྒྱུན་གཏན་གྱི་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པར་རྩ་དོན་ཐོག་ལོ་གཅིག་ལ་ཐེངས་གཅིག་ལས་བརྒལ་མི་ཆོག་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

4.jpg

  • བོད་ལྗོངས་ཀྱི་དབུས་བྱང་རྒྱུད་དང་། མཚོ་སྔོན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ནང་སོག་གི་ཤར་རྒྱུད། ཧེ་ལུང་ཅང་། ཅི་ལིན་གྱི་བྱང་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ། ཧྭ་ལྷོའི་དབུས་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། དེའི་ནང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཀོང་ཏུང་གི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁག་ཏུ་ཆར་པ་ཆེན་པོའམ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།