དེ་རིང་ནི2025ལོའི་ཟླ06པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-06 09:25:47   |   130

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས《དམག་དོན་སྒྲིག་བཀོད་འཛུགས་སྐྲུན་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2025ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཟླ6པའི་ཚེས5ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཁ་པར་བཏང་།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཤིང་། 2026ལོར་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཉེ་ཆར། ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཙུའུ་ཡིས་ཏང་ཡོན་ལ་ཆད་པ་གཅོད་པའི་དོན་གནད་གྲོས་བསྡུར་དང་ཐག་གཅོད་བྱེད་པའི་ལས་ཀའི་གོ་རིམ་གཏན་འབེབས》པར་འགྲེམས་བྱས།

1.jpg

  • ཉེ་ཆར། སློབ་གསོ་པུ་དང་ཀྲུང་དབྱང་དྲིལ་སྒྲོག་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སློབ་མའི་དཔེ་ཀློག་བྱ་འགུལ་གྱི་འདུ་འགོད་ཆེན་པོ་ལྔ་གསར་གཏོད་ལག་བསྟར་བྱས་ཏེ། “ཉིན་རེར་ཆུ་ཚོད་གཅིག་རེ་ཀློག་འདོན”དང“གཟའ་མཇུག་ཏུ་ཉིན་ཕྱེད་ལ་ཀློག་འདོན”བྱེད་པའི་བྱ་འགུལ་སྤེལ་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས“ཐའེ་ཝན་རང་བཙན”གྱི་ངན་རེངས་པ་ཧྲེན་པོ་དབྱང་དང་འབྲེལ་ཡོད་ཁེ་ལས་ཀྲའོ་དུང་ཕྱུར་ཚད་ཡོད་སྤྱི་གཉེར་ལ་ཆད་པ་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

  • ཚོང་དོན་པུས་གཏན་འབེབས་དང་མཐུན་པའི་ཞི་ཐུའུ(稀土)ཕྱིར་གཏོང་ཆོག་འཐུས་རེ་ཞུར་ཀྲུང་གོ་ཕྱོགས་ཀྱིས་ཆོག་མཆན་སྤྲད་དེ་ལུགས་མཐུན་གྱི་ཚོང་དོན་ལ་སྐུལ་འདེད་དང་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཚེས5ཉིན། ཡོ་རོབ་ཀྲུང་དབྱང་དངུལ་ཁང་གིས་ཡོ་སྒོར་ཁུལ་གྱི་འགག་རྩའི་སྐྱེད་ཀ་ཆེན་པོ་གསུམ་སོ་སོར་གཞི་གནས25དམའ་རུ་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

  • ཉེ་ཆར། རྒྱལ་ཁབ་གནོད་འཚེ་སྔོན་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་ཚོགས་འདུ་འཚོགས་ནས། ཟླ་དྲུག་པར་བྱང་ཤར་དང་། ནུབ་བྱང་། འབྲི་ཆུའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་དང་སེར་བ་ཡི་གནོད་འཚེའི་ཉེན་ཁ་ཅུང་ཆེ་བ་དང་། ནུབ་བྱང་གི་ས་ཁུལ་ཁ་ཤས་སུ་ཐན་པ་ནས་ཆར་ཞོད་ཚབས་ཆེན་བྱུང་སྲིད་པ་ངོས་འཛིན་བྱས།

  • ཚེས5ཉིན། ཀྲུང་གོ་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་ལྔ་པའི་ཀྲུང་གོའི་ཟོག་འགྲེམ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་ཁྱབ་བསྒྲགས་བྱས་ཤིང་། སྟོན་གྲངས་མུ་མཐུད་དུ་རྒྱ་སྐྱེད་བར་མཚམས་སུ་འཁོར་རྒྱུག་རྒྱུན་འཁྱོངས་ཐུབ་ནས་འཛད་སྤྱོད་ཟོག་འགྲེམ་གྱི་དགོས་མཁོ་མངོན་གསལ་དོད་པོས་འཕར་ཡོད་པ་རེད།

  • རྒྱལ་ཡོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱིས་ཉེན་ཟོན་སྔོན་བརྡ་བཏང་སྟེ། རྒྱ་ཆེའི་སློབ་མ་ཚོས་ཁྲིམས་འགལ་གྱི“སློབ་གྲྭའི་དངུལ་བུན”གྱི་གཡོ་སྒྱུར་དོགས་ཟོན་བྱེད་དགོས་པ་དྲན་སྐུལ་བྱས།

  • ཉེ་ཆར། མཚོ་སྔོན་ཞིང་ཨུའི་དེ་སྔའི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་དབྱང་ཧྥ་སེན་གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ལ་གཞུང་གཏུག་བྱས་པ་རེད།

  • ད་ལོ་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་ཐད་གཏོགས་སློབ་ཆེན་གཅིག་པུ་སྟེ་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་འདུ་འགོད་སློབ་ཆེན་གྱིས་སྤྱི་ཚོགས་ལ་ཕྱོགས་ནས་སློབ་བསྡུ་ཐེངས་དང་པོ་བྱས་པ་དང་། དངོས་གཞིའི་ཚན་ཁག10ཡི་ཆེད་ལས100%ཆ་འཕྲིན་ཅན་དང་རིག་ནུས་ཅན་དུ་འགྱུར་ཡོད།

2.jpg

  • ཚེས5ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྟོང་ཝ1000རིམ་པའི་སྔོན་ཐོན་དམངས་སྤྱོད་སྒྲོ་འཁོར་སྒུལ་འཕྲུལAES100སྒུལ་བྱེད་འཕྲུལ་འཁོར་ལ་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོབ་པ་དང་འབྲེལ་ཕྱིར་ཚོང་གན་རྒྱ་བཞག་པ་རེད།

  • ཀྲང་ཅ་ཅེ་བཤལ་ཕུག་གི་གད་སྙིགས་བཅོས་སྒྲིག་བྱས་ཚུལ་བརྡ་ཁྱབ་བཏང་ནས་གད་སྙིགས་ཏུན14གཙང་སེལ་བྱས་པ་རེད།

3.jpg

  • ཧྲན་ཏུང་ཙའོ་ཀྲོང་མེ་ཟོན་ལྟ་སྐུལ་ཁྲིམས་འཛིན་ལས་བྱེད་པ་ཧྲི་ཡ་ཝུའེ་ཡིས་སྐོར་ཞིབ་བྱེད་པའི་ལམ་བར་དུ་མི་ཞིག་ཆུར་ལྷུང་བ་མཐོང་ནས། མཐོ་ཚད་སྨི10ཡོད་པའི་ཟམ་ངོས་ནས་མར་མཆོངས་ནས་ཆུ་ལྷུང་མཁན་བསྐྱབས་པ་རེད།

སྲིད་ཇུས།

  • ཧེ་ལུང་ཅང་གིས་བརྡ་ཐོ་བཏང་ནས་རྫོང་རིམ་པ་ཡན་གྱི་བཟོ་ཚོགས་ཀྱིས་བཟོ་ཚོགས་རྩ་འཛུགས་ནང་ཞུགས་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ། མྱུར་སྐྱེལ་པ། མངགས་ཟས་སྡེབ་སྐྱེལ་མཁན་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པར་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་སོགས་ལས་རིགས་གནོད་འཚེ་འགན་ལེན་ཐོན་རྫས་ཉོ་རྒྱུར་སྐུལ་ལྕག་བྱས་པ་རེད།

  • ཀྲེ་ཅང་གིས་བརྡ་ཐོ་བཏང་ནས་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པར་གོ་མིང་སྤར་བའི་ཐད་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་དང་། གཞི་རིམ་འཕྲོད་བསྟེན་ཆེད་ལས་ཀྱི་མཐོ་རིམ་གོ་མིང་རེ་ཞུ་བྱེད་དུས་སློབ་རྒྱུས་དང་ལོ་ཚད་སོགས་ཀྱི་ཆ་རྐྱེན་ཐད་ལྷུག་ཏུ་གཏོང་དགོས་པ་མ་ཟད། གཏན་འབེབས་གསོ་སྦྱོང་གི་བླང་བྱའི་ཚོད་འཛིན་མི་ཐེབས་པ་གཏན་ལ་ཕབ།

  • ཀུའེ་ཀྲོའུ་ཡིས་བརྡ་ཐོ་བཏང་ནས་གྲོང་ཁྱེར་རྙིང་པའི་སྤྱི་སྤྱོད་རླངས་འཁོར་བེད་མེད་དུ་བཏང་བ་དང་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཉོས་ཚེ། རླངས་འཁོར་རེར་ཁ་གསབ་སྒོར་ཁྲི12སྤྲོད་རྒྱུ་ཡིན་པ་གཏན་ལ་ཕབ།

དེ་རིང་གི་གནམ་གཤིས།

4.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་བྱང་རྒྱུད། མདོ་དབུས་མཐོ་སྒང་གི་ས་ཆ་མང་ཆེ་བ། ཀན་སུའུ་ལྷོ་རྒྱུད་དང་ཁྲུང་ཆིང་གི་ས་ཆ་མང་ཆེ་བ། ཅང་ཧན་གྱི་ས་ཆ་མང་ཆེ་བ། ཅང་ཧོའེ་ཡི་ནུབ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།