དེ་རིང་ནི2025ལོའི་ཟླ06པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-09 09:01:47   |   86

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ6པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབར་མའི་མགོ་ཁྲིད་མིན་ཨང་ལའེ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། ཀྲུང་འབར་དབར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།

1.jpg

  • བློ་མཐུན་ཞུས་ཆི་ལེའང་གི་སྐུ་གདུང་པེ་ཅིང་དུ་ཞུགས་འབུལ་བྱས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་སོང་སྟེ་ཞལ་གྱེས་བྱས།

  • གྲངས་གཞི་ལས་མངོན་པ་ལྟར་ན། ན་ནིང་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི10ལས་ཐོག་མར་བརྒལ། དེ་ལོ་གོང་མ་ལས5.9%འཕར་ཡོད།

  • དེ་རིང་། ཧོ་པེ་དང་ཧྲན་ཞི། ཅི་ལིན། ཅང་སུའུ་སོགས་སུ་མཐོ་རྒྱུགས་ཀྱི་རྒྱུགས་ཚང་མ་བླངས་ཚར་རྒྱུ་ཡིན་པ་དང་། པེ་ཅིང་དང་། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་སོགས་སུ་སང་ཉིན་མཐོ་རྒྱུགས་ཀྱི་ཡིག་རྒྱུགས་ཚང་མ་མཇུག་འགྲིལ་རྒྱུ་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་མཁན་གྱི་ཉེས་གསོག་དོགས་ཅན་ཁྲི1.3འཛིན་བཟུང་བྱས་ཡོད།

2.jpg

  • ད་ལོའི་ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར20ལས་བརྒལ། དེ་དུས་མཚུངས་ལས58%འཕར་ཡོད།

  • 2025ལོའི་འཛམ་གླིང་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ད་ལོའི་ཟླ8པའི་ཚེས15ནས17ཉིན་བར་པེ་ཅིང་དུ་འཚོག་རྒྱུ་རེད། དེ་ནི་འགྲན་ཞུགས་པ་གཙོ་བོ་མི་གཟུགས་འཕྲུལ་མི་ཡིན་པའི་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཐོག་མ་ཡིན།

  • ཚེས7ཉིན་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་རྒྱལ་དུ་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ལ་ཧ་ཧྥུ་སློབ་ཆེན་དུ་སློབ་སྦྱོང་བྱེད་པའམ་ཡང་ན་འཚམས་འདྲིའི་མཁས་པའི་འཆར་གཞིར་ཞུགས་རྩིས་ཡོད་པའི་རེ་འདུན་ཞུ་མཁན་ལ་ཐོངས་མཆན་སླར་གསོ་བྱ་རྒྱུའི་བླང་བྱ་བཏོན་ཡོད།

    སྤྱི་ཚོགས།

3.jpg

  • ཀྲུང་གོ་གནམ་གཤིས་ཅུས་ད་ལོའི་དུས་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་དྲོད་མཐོ་ཚ་གདུག་གི་གནམ་གཤིས་སྔོན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་། ཧོ་པེའི་ལྷོ་རྒྱུད་དང་། ཧོ་ནན་གྱི་བྱང་རྒྱུད། ཧྲན་ཏུང་གི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཚ་གདུག་ཕོག་སླ།

  • ཁག་གསར་པའི་རྒྱལ་ཁབ་ཀྱི་རྐང་འཛིན་འཁྱག་སྦྲེལ་ཟོག་འགྲེམ་རྟེན་གཞི་འཛུགས་སྐྲུན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཁྲང་ཁྲུན་དང་། ལུའོ་དབྱང་། ཙུན་དབྱི་སོགས་གྲོང་ཁྱེར19དང་འབྲེལ་བ་ཡོད།

  • ཧུའུ་ནན་ཀྲང་ཅ་ཅེ་བྲག་ཕུག་གི་གད་སྙིགས་གནད་དོན་གྱི་བརྡ་ཁྱབ་ལྟར་ན། ཚེས8ཉིན་གྱི་ཆུ་ཚོད18བར་རིམ་རྩིས་བྱས་ན་གད་སྙིགས་ཏུན51གཙང་སེལ་བྱས་པ་དང་། མི4ལས་གནས་མཚམས་འཇོག་བྱས།

  • ཨན་ཧུའེ་ཅིང་རྫོང་གིས“གནས་སྐོར་བར་ཉེས་རྡུང་བཏང་བའི” བརྡ་ཁྱབ་བཏང་བ་དང་། དོན་དག་དང་འབྲེལ་བ་ཡོད་པའི་མི་གསུམ་བཀག་ཉར་བྱས་པ་དང་གཞུང་ལས་མི་སྣ5ཐག་གཅོད་བྱས།

  • ཀྲུང་གོ་ཚན་རིག་ཁང་ཉེ་རབས་དངོས་ཁམས་ཞིབ་འཇུག་སུའོ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཉིང་རྡུལ་རྒྱུ་གསར་པ་ཕུ-210འདྲེས་སྦྱོར་བྱས་པ་དང་འབྲེལ་ཡོད་དཔྱད་འབྲས་དེ《རང་བྱུང་དང་འཕྲིན་གཏོང》ཐོག་སྤེལ་ཡོད།

  • ཉེ་དུས་རང་རྒྱལ་གྱི་ཞིབ་འཇུག་ཚོགས་པས་སྐར་མ་མིག་དམར་གྱི་རླུང་ཁམས་ཆེ་མོ་སྨྱན་རྫས་བྱས་ནས་ནུས་གསོག་དང་གློག་གཏོང་ཐད་ཞིབ་འཇུག་བྱས་པ་དང་། དཔྱད་འབྲས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

  • སྐབས27པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དེ་ཚེས13ནས22ཉིན་བར་འཚོག་རྒྱུ་རེད། དེའི་རིང་ཧྲང་ཧའེ་དང་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་གྱི་གློག་བརྙན་ཁང48ཀྱིས་རྒྱལ་ཁབ་དང་ས་ཁུལ71གི་གློག་བརྙན400ལྷག་ཙམ་སྟོན་རྒྱུ་ཡིན་པ་དང་། ཧ་ལམ་ཐེངས1500ཙམ་སྟོན་རྒྱུ་རེད།

4.jpg

  • གནའ་རྫས་རྟོག་ཞིབ་མི་སྣས་རྟོག་ཞིབ་ལེགས་གྲུབ་བྱས་མ་ཐག་པའི་ཏ་ལིན་གཙང་པོའི་བར་རྒྱུད(ཁྲའོ་དབྱང་)ས་ཁུལ་གྱི་ཧུང་ཧྲན་རིག་གནས་གནའ་རྫས་བརྟག་དཔྱད་ལས་དོན་ཁྲོད་ཧུང་ཧྲན་རིག་གནས་ཀྱི་རྗེས་ཤུལ44གསར་དུ་རྙེད། དེས་ཧུང་ཧྲན་ཤེས་དཔལ་རིམ་འགྱུར་གྱི་འཕེལ་རིམ་ལ་སླར་ཡང་བདེན་དཔང་བྱས་ཡོད།

5.jpg

  • ཉེ་ཆར་ཤིན་ཅང་ཏུའུ་ཁུའུ་གཞུང་ལམ་གྱི་རླངས་འཁོར་ཆུང་ཆུང་ཞིག་ཤུད་ནས་གཡང་གཟར་དུ་ལྷུང་ལ་ཉེ་བ་ན། ཉེན་ཁ་ཆེ་བའི་སྐབས་སུ་ལམ་འགྲོ་རླངས་འཁོར་མང་པོ་ཞིག་འགྲོ་མཚམས་བཞག་ནས་མི་མང་པོས་མཉམ་དུ་རླངས་འཁོར་ནང་གི་མི་གཉིས་བསྐྱབས།

    སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་བཏོན་པ་སྟེ། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་སློབ་གསོ་མིན་པའི་སློབ་ཁྲིད་ཁུར་པོ་ཡང་དུ་གཏོང་དགོས་པ་དང་། དབྱར་དགུན་གུང་གསེང་དང་ཁྲིམས་ནང་གཏན་འཁེལ་བྱས་པའི་དུས་ཆེན་དང་གུང་གསེང་། དེ་བཞིན་རྒྱུན་གཏན་དུ་རྩ་དོན་ཐོག་དགེ་རྒན་གྱི་ལས་རེས་བཀོད་སྒྲིག་བྱེད་མི་རུང་ཞེས་བཏོན་ཡོད།

  • ཧེ་ལུང་ཅང་གིས་བྱེད་ཐབས་བཏོན་པ་སྟེ། མཐོ་རིམ་ལས་རིགས་སློབ་གྲྭས2025ལོའི་སྟོན་དུས་ཀྱི་སློབ་དུས་ནས་མགོ་བཙུགས་ཏེ། རྩ་དོན་ཐོག་སློབ་དུས་རེར་ཆེད་ལས་མི་འདྲ་བའི་སློབ་མར་སློབ་ཚན་བརྒྱད་ལས་མི་ཉུང་བ་བཀོད་སྒྲིག་བྱས་ཏེ། “AI+ཆེད་ལས”ཀྱི་མི་ཐབས་རིག་ནུས་སློབ་ཚན་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཧྲན་ཞི་ཡིས་བརྡ་ཐོ་བཏང་སྟེ། ཆ་རྐྱེན་དང་མཐུན་པའི་ཞིང་ལས་ཐོན་རྫས་དང་དེ་བཞིན་ཞིང་ཞོར་ཐོན་རྫས་ཀྱི་དྲ་རྒྱའི་ཕྱིར་ཚོང་མྱུར་སྐྱེལ་དངོས་རྫས་རེར་སྒོར1གི་ཁ་གསབ་སྤྲོད་པ་དང་གཉེར་སྐྱོང་བྱེད་པོས་ལོ་ཧྲིལ་པོར་ཁ་གསབ་རོགས་དངུལ་མང་ཤོས་སྒོར་ཁྲི100ལོངས་སྤྱོད་བྱེད་ཆོག

    དེ་རིང་གི་གནམ་གཤིས།

6.jpg

  • ཅང་ཞིའི་ཤར་རྒྱུད་དང་། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད། ཀོང་ཞིའི་བྱང་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་པ་དང་། དེའི་ནང་ཀྲེ་ཅང་གི་ལྷོ་རྒྱུད་དང་། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།