དེ་རིང་ནི2025ལོའི་ཟླ06པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-10 09:06:35   |   79

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དམངས་འཚོར་སྔར་བས་འགན་ལེན་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་ཐག་གཅོད་ནུས་ལྡན་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། དམངས་འཚོ་འཛུགས་སྐྱོང་དེ་བས་དྲང་གཞག་དང་། དོ་སྙོམས། ཀུན་ཕན། སྒྲུབ་ཐུབ་པ་བཅས་ཡོང་བར་སྐུལ་འདེད་བཏང་།

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ལྔ་པར་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས0.1%ཆག་ཡོད།

  • འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི17.94ལ་སླེབས། དུས་མཚུངས་ལས2.5%འཕར་ཡོད།

1.jpg

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་བྱེད་པའི་བྱེད་ཐབས་ཀྱིས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི7000ལྷག་ཙམ་ལ་ཕན་པ་ཐོབ།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཚེས9ཉིན་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཁྲལ་དོན་སྡེ་ཚན་གྱིས་རིམ་རྩིས་བྱས་ན་ས་ཁོངས་ལས་བརྒལ་བའི་ཤར་གཏོང་ལས་སྒོ་ཁྲི52.77གཉེར་ཡོད།

  • ད་ལོའི་དུས་ཚིགས་དང་པོའི་བར་རྒྱལ་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རིམ་རྩིས་བྱས་ན་ཁེ་ལས་ཀྱི་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་ཆ་འཕྲིན་ཁྲི877.79ཉམས་གསོ་བྱས། དུས་མཚུངས་ལས34.52%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་སྤྱི་ལེ500ལས་བརྒལ་བའི་གཞུང་ལམ་མ་ལམ་གྱི་རིག་ནུས་རྒྱ་སྐྱེད་བཏང་ཡོད།

  • ས་གནས་དེ་གའི་ཟླ6པའི་ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་ལམ་སྲོལ་གྲོས་མོལ་གྱི་ཚོགས་འདུ་ཐེངས་དང་པོ་དབྱིན་ཇིའི་ལོན་ཏོན་དུ་འཚོགས།

  • ཟླ6པའི་ཚེས9ཉིན་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་། ཨ་མན། ཁུ་ཝེ་ཐེ། པ་རེན་བཅས་ཀྱི་ལམ་ཡིག་དཀྱུས་མ་འཁྱེར་མཁན་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱས་ཡོད།

2.jpg

  • ཚེས8ཉིན། ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ལུའོ་ཧྲན་ཅི་ཉེན་རྟོག་ཕྱོགས་ཀྱིས་ལུའོ་ཧྲན་ཅིའི་གྲོང་ཁྱེར་ལྟེ་གནས་སུ་སྤེལ་བའི་འདུ་འཛོམས་ཚང་མ་ཁྲིམས་འགལ་གྱི་འདུ་འཛོམས་ཡིན་པ་ཁྱབ་བསྒྲགས་བྱས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས11ཉིན་གྱི་ལྷོ་རྒྱ་མཚོའི་ཚ་ཁུལ་གྱི་རླུང་ཆེན་ནི་ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་དང་པོར་འགྱུར་སྲིད་པ་དང་། གཟའ་མཇུག་འདིར་ཧྭ་ནན་མཚོ་རྒྱུད་དུ་སླེབས་ཤས་ཆེ།

  • ཉེ་ཆར། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཕྱོགས་བསྡུས་དྲ་ཐོག་ཚོང་དོན་དང་། དྲ་ཐོག་ཚོང་དོན་ཐད་གཏོང་། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ལས་སྟེགས་ཁེ་ལས་ལ“6·18” ཁྲིམས་མཐུན་དྲ་རྒྱའི་གཅིག་སྡུད་བྲིན་ཚོང་གི་དྲན་སྐུལ་ཁྱབ་བསྒྲགས་བྱས།

  • དེ་སྔའི་ཀྲུང་དབྱང་ལོག་ཆོས་གནད་དོན་ལ་དོགས་ཟོན་དང་ཐག་གཅོད་བྱེད་པའི་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀའོ་དབྱི་ཁྲེན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • རྒྱལ་ཁབ་ཡིག་ཚགས་ཅུས་ཁག་དྲུག་པའི《ཀྲུང་གོའི་ཡིག་ཚགས་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང》ཁྱབ་བསྒྲགས་བྱས། དེའི་ནང《ཐོན་བརྒྱའི་དམག་ཆེན་ཡིག་ཚགས》སོགས་རྣམ་གྲངས52ཚུད་ཡོད།

3.jpg

  • ཉིན་ཤས་གོང་། མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མ་ཁག་གཅིག་ལ་འཕྲིན་ཐུང་འབྱོར་ནས་རྒྱུགས་ཤོག་རྐུ་འབྲི་ཡི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅེས་བཤད། ས་གནས་མང་པོའི་སློབ་གསོ་གཙོ་གཉེར་སྡེ་ཚན་དང་རྒྱུགས་ལེན་སྒྲིག་གཞིས་རྒྱུགས་སྤྲོད་སློབ་མར་ཆ་འཕྲིན་དེ་རིགས་གཏོང་མི་སྲིད་པའི་དྲན་སྐུལ་བྱས།

4.png

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་གྲུབ་འབྲས་ཐོབ་པའི་ངང“འཕྲུལ་མིའི་ལག་པ”ཞིབ་བཟོ་བྱས་པ་དང་འབྲེལ་ཡོད་གྲུབ་འབྲས་ཚེས9ཉིན་རྒྱལ་སྤྱིའི་རིག་གཞུང་དུས་དེབ་རྩེ་གྲ《རང་བྱུང·འཕྲུལ་འཁོར་གྱི་རིག་ནུས》ཐོག་བཀོད།

  • ཚེས9ཉིན། པེ་ཅིང་སློབ་ཆེན་གྱིས་དགེ་རྒན་ཝུའེ་ཏུང་དབྱིའི་བདེ་ཐང་གི་གནད་དོན་ལ་ལན་བཏབ་ཅིང་། མཁས་དབང་ལ་སྲུང་སྐྱོང་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་གཉེར་ཞིབ་འཇུག་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བྱས།

  • ཚེས11ཉིན་གྱི་དགོང་མོར། སའི་གོ་ལ་ཕྱེད་བྱང་མའི་སྤྱི་དམངས་ཀྱིས་ད་ལོའི་ས་ངོས་དང་ཐག་ཉེ་ཤོས་ཀྱི་ཉ་གང་ཟླ་བ་མཐོང་ཐུབ་རྒྱུ་རེད།

  • ཉེ་ཆར། ཀོང་ཏུང་ཏུང་ཀོན་ཁྲིམས་ཁང་གཉིས་པས་གྱོད་གཞི་ཁྱབ་བསྒྲགས་བྱས་ཏེ། བསིལ་ཇ་ཚོང་ཁང་གི་སྦྱིན་བདག་གིས་བསིལ་ཇའི་ནང་རང་དགར་དབྱི་ཞན་ཨན་ཅི་ཧྥུན་དང་པུའུ་ལུའོ་ཧྥུན་གྱི་སྨན་ཕྱེ་བསྣན་ནས་ཕྱིར་ཚོང་བྱས་པར་དུས་བཀག་བཙོན་འཇུག་ཟླ་དྲུག་བྱས་པ་དང་། ཁྲིམས་ཆད་ཕྱིར་འགྱངས་ལོ་གཅིག་བྱ་རྒྱུའི་ཁྲིམས་ཐག་བཅད།

5.gif

  • ཧྥུ་ཅན་ཀྲང་ཀྲོའུ་ལུང་ཧྲན་གྲོང་རྡལ་གྱི་འབབ་ཚུགས་སུ་འགྲུལ་པ་ཞིག་གློ་བུར་དུ་འབབ་ཚུགས་ཀྱི་མཐའ་རུ་བཙོག་སྟེ་རྐང་པ་གཉིས་བར་སྣང་དུ་དཔྱངས་པ་ན། འགྲུལ་སྐྱེལ་པ་ལུའུ་མིན་ལུའུ་དང་ལིའུ་ཅུན་འཕྲལ་མར་མདུན་དུ་སོང་སྟེ་མེ་འཁོར་འབབ་ཚུགས་སུ་མ་འཛུལ་གོང་མི་དེ་བདེ་འཇགས་ས་ཁོངས་སུ་སྐྱེལ།

    སྲིད་ཇུས།

  • ནང་སོག་གིས་ཡིག་ཆ་བཀྲམ་སྟེ། དངུལ་རྩས་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་རྒྱུར་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི3000ནས་སྒོར་ཁྲི5000བར་མཐོ་རུ་བཏང་།

  • སི་ཁྲོན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཏེ། གཉེན་སྒྲིག་གུང་གསེང་ཉིན5ནས20བར་རིང་དུ་གཏོང་རྒྱུ་དང་། གཉེན་སྒྲིག་མ་བྱས་གོང་གི་གསོ་རིག་བརྟག་དཔྱད་ནང་རང་མོས་ངང་ཞུགས་མཁན་ལ་གཉེན་སྒྲིག་གུང་གསེང་ཉིན5ཁ་སྣོན་བྱ་རྒྱུ་རེད།

  • ཡུན་ནན་གྱིས་གནས་སྐོར་འཕེལ་རྒྱས་ཀྱི་ལྡོག་ཕྱོགས་གསལ་ཐོ་པར་འགྲེམས་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་གནས་སྐོར་གྱི་མིང་ཐོག་ནས་གྲོང་གསེབ་ཏུ་ཞིང་པའི་ཁང་པ་དང་། ཁང་ས་ཉོ་བའམ་ཡང་ན་ས་ཆ་བཟུང་ནས་ཁང་པ་བསྐྲུན་མི་ཆོག

    དེ་རིང་གི་གནམ་གཤིས།

6.jpg

  • ཧེ་ལུང་ཅང་གི་དབུས་ཤར་རྒྱུད་དང་། ཅི་ལིན་གྱི་དབུས་རྒྱུད། ཧྲན་ཏུང་གི་དབུས་ལྷོ་རྒྱུད། ཡུན་ནན་གྱི་དབུས་ནུབ་རྒྱུད་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཧྭ་ལྷོའི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།