དེ་རིང་ནི2025ལོའི་ཟླ06པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-11 09:15:17   |   1351

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ6པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་ཁ་པར་བཏང་ནས་བཀའ་མོལ་གནང་།

  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཧྲེན་ཀྲེན་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ས་ཁུལ་གྱི་སྒྱུར་བཅོས་ཟབ་སྤེལ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས།

  • ཉེ་ཆར། བཟོ་འཕྲིན་པུ་དང་སློབ་གསོ་པུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག《བཟའ་བཅའི་བཟོ་ལས་གྲངས་འཛིན་ཅན་དུ་བསྒྱུར་བའི་ལག་བསྟར་ཇུས་གཞི》པར་འགྲེམ་བྱས།

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས10ཉིན་གྱི་ཆུ་ཚོད17བར་རྒྱལ་ཡོངས་སུ་དབྱར་འབྲུའི་གྲོ་མུའུ་དུང་ཕྱུར2.6བསྡུས། བརྔ་བསྡུ་བྱེད་ཚད74.72%ཟིན་ཡོད།

  • ཀྲུང་གོ་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ལྔ་པར་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམ་སྟོན་གྲངས111.6ཟིན་པ་དེ་ཟླ་བ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས1.1འཕར་ཡོད།

  • ཚེས10ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དཔེ་མཚོན་གྱོད་དཔེ4ཁྱབ་བསྒྲགས་བྱས།

  • ཟླ་ལྔ་པར་རྒྱལ་ཡོངས་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཁྲོམ་རར་སིལ་ཚོང་བྱེད་ཚད་ཁྲི193.2ཟིན་པ་དེ་དུས་མཚུངས་ལས13.3%འཕར་ཡོད།

1.png

  • ཉིན་ཤས་གོང་ཀྲུང་གོའི་མཚོ་དམག་གི་ལེའོ་ཉིང་དམག་གྲུ་དང་ཧྲན་ཏུང་དམག་གྲུའི་དཔུང་རུ་ཞི་བདེ་རྒྱ་མཚོ་སོགས་མཚོ་ཁོངས་སུ་སྦྱོང་བརྡར་བྱེད་པར་བསྐྱོད་དེ་དཔུང་སྡེའི་ཐག་རིང་འགོག་སྲུང་དང་མཉམ་འབྲེལ་དམག་འཐབ་ནུས་པར་ཞིབ་བཤེར་བྱས།

  • ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཡོ་རོབ་མནའ་འབྲེལ་ནས་ནང་འདྲེན་བྱས་པའི་འབྲེལ་ཡོད་ཕག་ཤ་དང་དེ་བཞིན་ཕག་ཞོར་ཐོན་རྫས་ཀྱི་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་གྱོད་དོན་ཐོ་འགོད་བརྟག་དཔྱད་དེ2025ལོའི་ཟླ12པའི་ཚེས16ཉིན་བར་ཕྱིར་འགྱངས་བྱས།

    སྤྱི་ཚོགས།

2.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་ཐའེ་རླུང་དང་པོ་སྟེ“ཕྱེ་མ་ལེབ”ཆགས་ལ་ཉེ། ཚ་ཁུལ་གྱི་རླུང་འཚུབ་དྲག་པོའམ་ཡང་ན་ཐའེ་རླུང་གི་རིམ་པ་དེ་ཚེས13ཉིན་ཧའེ་ནན་གླིང་ཕྲན་གྱི་ལྷོ་རྒྱུད་ནས་ཀོང་ཏུང་གི་ཤར་ནུབ་རྒྱུད་ཀྱི་མཚོ་རྒྱུད་ནས་སྐམ་སར་འབུད་རྒྱུ་རེད།

  • ཚེས10ཉིན། 2025ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་དངོས་སུ་མཇུག་གྲིལ་བ་དང་། མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་མང་པོས་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་བའི་དུས་ཚོད་ཁྱབ་བསྒྲགས་བྱས།

3.png

  • ཚེས10ཉིན། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་སྟེ། “སེམས་མཐུན་མཆོང་སྐྱོད”དངོས་སུ་འགྲེམ་སྟོན་བྱས།

  • ཧྲང་ཧའེ་གྲོང་ཨུའི་དེ་སྔའི་རྒྱུན་ཨུའམ་ཕུའུ་ཏུང་གསར་སྤེལ་ཆུས་ཀྱི་དེ་སྔའི་ཆུས་ཨུའི་ཧྲུའུ་ཅི་ཀྲུའུ་ཀྲི་སུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • ཚེས10ཉིན་ཀྲུང་གོའི་ལྷོ་ཕྱོགས་གློག་དྲ་ཚད་ཡོད་འགན་འཁྲི་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་ལུང་ཧྥེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལུང་ཧྥེ་ལ་དུས་བཀག་བཙོན་འཇུག་ལོ་བདུན་བྱ་རྒྱུའི་ཁྲིམས་ཐག་བཅད།

4.png

  • ཚེས10ཉིན་བར། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་མེ་འཁོར་ཁྲི11ལས་བརྒལ་བ་དང་། དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར4500ལས་བརྒལ་ཡོད།

  • རང་རྒྱལ་གྱིས་བཟོས་པའི་ཞིབ་འཇུག་སྨན་ཏེ་ཨང་ལ་ཏི་ཝུའེ་ལ་ཉེ་ཆར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའི་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པ་དང་། གོ་ལ་ཧྲིལ་པོའི་ཆམ་རིམས་ཀ་པPB2འགོག་པའི་སྨན་གསར་པ་ཐོག་མར་གྱུར་ཡོད།

5.gif

  • ཉེ་ཆར། ཧོ་ནན་ཧྲང་ཆིའུ་ཡི་མི་གཉིས་ཀྱིས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་ན། ཕོ་གཞོན་གསུམ་ཆུ་ནང་དུ་མཆོངས་ནས་སྐྱོབ་ཐབས་བྱས་ཀྱང་ཆུ་གཏིང་ཟབ་སར་ལུས། ཉེན་ཁ་ཆེ་བའི་སྐབས་སུ། དམག་མི་ཀྲང་ཝུའེ་ཡིས་དཔའ་ངར་ཆེར་བསྐྱེད་ཀྱིས་མི་ལྔ་བསྐྱབས་མཐར་ལུས་ཤུགས་ཟད་ནས་དྲན་པ་ཐོར་བའི་གནས་སུ་གྱུར་བ་དང་། འཕྲལ་མར་སྨན་བཅོས་བྱེད་པར་བསྐྱལ་བ་དང་མིག་སྔར་བདེ་འཇགས་ངང་སྨན་ཁང་ནས་ཕྱིར་བུད།

    སྲིད་ཇུས།

  • པེ་ཅིང་གིས་ཁྱབ་བསྒྲགས་བྱས་དོན། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱིས་ཁེ་ལས་ཀྱི་ཞབས་ཞུའི་དོན་ཚན་གྱི་གསལ་ཐོ་ཁྱབ་བསྒྲགས་བྱས་ཏེ། རིགས25དང་གནད་སྨིན་ཞབས་ཞུ64མཁོ་འདོན་བྱས་ཏེ་ཁེ་ལས་ཀྱིས་བློ་འདྲིའི་ཁ་པར་དང་དྲ་ཐོག་གཉེར་སྒྲུབ་ཐབས་ལམ་མགྱོགས་མྱུར་འཚོལ་རྒྱུར་སྟབས་བདེ་བསྐྲུན་ཡོད།

  • ཁྲུང་ཆིང་གིས་ཇུས་གཞི་པར་འགྲེམ་བྱས་ཏེ། ད་ལོའི་ལོ་མཇུག་ཏུ་སྤྱི་པའི་གློག་གསོག་འཕྲུལ་ཆས་ཁྲི4.8ཡན་དང་གློག་བརྗེ་ས་ཚིགས240ཡན་བསྐྲུན་ནས་འཁོར་སྐྱོད་བྱེད་རྩིས་ཡོད།

    དེ་རིང་གི་གནམ་གཤིས།

6.png

  • ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་དང་དབུས་ཤར་རྒྱུད། ཧྭ་ལྷོའི་ས་ཁུལ་མང་ཆེ་བ། ཞིན་ཅང་དབྱི་ལི་ལུང་གཞུང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་པ་དང་། དེའི་ནང་ཀྲེ་ཅང་གི་བྱང་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།