དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-12 09:10:25   |   495

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ6པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀང་ཀོའི་ཙུང་ཐུང་ས་སུའུ་དང་ལྷན་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་མི་སྣའི་པུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

  • རང་རྒྱལ་གྱིས་ལོ16ལ་བསྟུད་མར་ཨ་ཧྥེ་རི་ཁའི་ཉོ་ཚོང་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད། 2024ལོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཉོ་ཚོང་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི2ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་ཁྲི2.1ཟིན་ཡོད།

  • ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོ་དབྱིན་ཇིའི་ལོན་ཏོན་དུ་འཚོགས།

1.png

  • སློབ་གསོ་པུས་ཡོངས་བསྒྲགས་བྱས་ཏེ། ཏ་ཝན་ཁུལ་སློབ་ཆེན་སོགས་སློབ་གྲྭ10འཛུགས་རྒྱུར་མོས་མཐུན་བྱེད་རྩིས་ཡོད།

  • ཉེ་ཆར། རླངས་འཁོར་ཁེ་ལས་མང་པོ་ཞིག་གིས་མཁོ་འདོན་ཚོང་པའི་གཏོང་སྤྲོད་དུས་ཚོད་ཉིན60བར་གཅིག་གྱུར་བྱས་ཏེ་བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་ཐོན་ལས་སྦྲེལ་ཐག་གི་མ་དངུལ་འཁོར་རྒྱུག་ལས་ཕྱོད་མགྱོགས་སུ་བཏང་བ་དང་། རླངས་འཁོར་ཐོན་ལས་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཁྱབ་བསྒྲགས་བྱས།

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་མགྱོགས་མྱུར་ངང་འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་ཀྱིས་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་སྡོམ་འབོར་གྱི44%ཟིན་ཡོད།

  • རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲསAG600“ཁུན་ལུང”ལ་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའི་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོབ་ཅིང་། འབོར་ཆེན་ཐོན་སྐྱེད་བྱེད་པའི་དུས་མཚམས་སུ་དངོས་སུ་སླེབས་ཡོད།

  • ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་ནང་ལོག་ཏུ་ཡོང་སྒོ་བཙལ་ཞོར“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་མཁན་གཏན་ནས་ཡོད་མི་རུང་ཞེས་བཤད།

  • ཚེས11ཉིན། ལྷོ་ཁོ་རེ་ཡའི་རྒྱལ་སྲུང་པུས་ལྷོ་ཁོ་རེ་ཡའི་དམག་ཕྱོགས་ཀྱིས་སྒྲ་སྐྱེད་འཕྲུལ་ཆས་སྤྱད་དེ་བྱང་ཁོ་རེ་ཡ་ལ་རླུང་འཕྲིན་གཏོང་མཚམས་བཞག་པ་ར་སྤྲོད་བྱས།

    སྤྱི་ཚོགས།

3.png

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་དང་པོ་སྟེ།“ཕྱེ་མ་ལེབ”ཚེས11ཉིན་གྲུབ་པ་དང་། རང་རྒྱལ་གྱི་སྐམ་སར་ཐེངས་གཉིས་ཐོན་སྲིད་པ་དང་། ཧའེ་ནན་དང་ཀོང་ཞི། ཀོང་ཏུང་བཅས་ཀྱི་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཀྲུང་གོའི་ཐུམ་སྒྲིལ་མཉམ་འབྲེལ་ལྷན་ཚོགས་སོགས་མཐུན་ཚོགས་དྲུག་དང་མཉམ་དུ་སྤྱི་ཚོགས་ཡོངས་ལ་ཚོང་ཟོག་ཐུམ་སྒྲིལ་རྒྱས་སྤྲས་བྱེད་པར་ངོ་རྒོལ་བྱས་ཤིང་། ལྗང་མདོག་ཤེས་དཔལ་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་མགོ་བཏོན།     

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཡིས་རྒྱལ་ཁབ་ཀྱི་ཚད་གཞི་ཁག6ཁྱབ་བསྒྲགས་བྱས། དེ་དག་ཚོང་ར་དང་། ཆུ་རྐྱལ་རྫིང་བུ། ཆང་ཁང་སོགས་ཀྱི་འཕྲོད་བསྟེན་བདེ་འཇགས་གནད་དོན་དང་འབྲེལ་བ་ཡོད་ཅིང་། ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

  • རྒྱལ་ཡོངས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་ཟླ9པར་ཀྲེང་ཀྲོའུ་རུ་འཚོག་རྒྱུ་རེད། མི་མེད་གནམ་གྲུའི་མ་ལག་དང་རིག་ནུས་བདེ་འཇགས་སྲུང་སྐྱོང་ལག་རྩལ་སོགས་འགྲན་བསྡུར་རྣམ་གྲངས་6གསར་སྣོན་བྱས་ཡོད།

  • རང་རྒྱལ་གྱི་བསྐྱར་སྐྱེས་ལྕགས་རིགས་དུས་བཅད་ཚོང་ཟོག་ཐོན་རྫས་ཐོག་མ་སྟེ། ཧ་ཡང་བསྲེས་མའི་དུས་བཅད་ཚོང་ཟོག་ཚེས10ཉིན་ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་དུ་སྒོ་བྱང་བཀལ་ནས་ཁྲོམ་རར་བཏོན།

  • ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཕྱིར་སྡོད་རང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལུའོ་པའོ་མིང་གི་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

4.jpg

  • ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་ལེན་བྱས་པ་ལྟར་ན། ཚེས11ཉིན་གྱི་ཆུ་ཚོད19ཡི་སྟེང་། ཐའེ་ཝན་ཐའེ་ཏུང་རྫོང་གི་མཚོ་ཁོངས་སུ་ས་ཡོམ་རིམ་པ5.8བྱུང་བ་དང་ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི20ཡོད།

5.jpg

  • ཧ་སྨི་ནས་ཁྲུང་ཆིང་བར་གྱི་སྟོང་ཧྥུ±800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭས་གློག་འདྲེན་བྱེད་མགོ་ཚུགས། སྐར་ཆ0.007ཙམ་ལ་ཞིན་ཅང་གི་གློག་ནུས་སྤྱི་ལེ2260ཡི་ཕྱི་རོལ་གྱི་ཁྲུང་ཆིང་གྲོང་ཁྱེར་ཡུས་པེ་འཁོར་རྒྱུག་ས་ཚིགས་སུ་འབྱོར་ཐུབ།

  • ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་དཔེ་དབྱིབས་མང་བའི་སྐད་ཡིག་ཆེན་མོའི་དཔེ་དབྱིབས་ཀྱིས་མིའི་རིགས་དང་འདྲ་བར་གོ་བ་ལེན་ཐུབ་པ་ར་སྤྲོད་བྱས་པ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ་དྲ་ཐོག་ནས《རང་བྱུང·འཕྲུལ་འཁོར་རིག་ནུས》དུས་དེབ་ཐོག་བཏོན་ཡོད།

6.gif

  • ཉེ་ཆར། ཞིན་ཅང་ཝུའེ་ལི་རྫོང་ཐ་ཁེ་ལ་མ་ཀན་བྱེ་ཐང་འགྲམ་དུ་མུའུ་ཁྲི160ལྷག་ཙམ་གྱི་ནོར་བུ་མེ་ཏོག་བཞད།

    སྲིད་ཇུས།

  • 《དྲ་ཐོག་ཚོང་དོན་ཐད་གཏོང་གི་ལྟ་སྐུལ་དོ་དམ་བྱ་ཐབས》ཀྱིས་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས། གཉེར་ཚོང་མི་སྣས་ཚོང་ཟོག་གམ་ཞབས་ཞུ་དོན་དངོས་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ངོ་སྤྲོད་བྱེད་པ་ལས་འཛད་སྤྱོད་པར་མགོ་སྐོར་དང་གོ་ནོར་ཐེབས་སུ་འཇུག་མི་ཆོག་པའི་བླང་བྱ་བཏོན།

  • ཧྲན་ཏུང་གིས《དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་ཁག་ཅིག》ཁྱབ་བསྒྲགས་བྱས་ཤིང་། ལོ་གསུམ་ནང་མ་དངུལ་སྒོར་དུང་ཕྱུར360ལྷག་ཙམ་ཐད་ཀར་བཏང་ནས་དམངས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཀོང་ཏུང་ཧྲེན་ཀྲེན་དང་ཀྲུའུ་ཧའེ། ཧྲན་ཐོའུ། ཅང་མོན། ཁྲའོ་ཀྲོའུ། ཅེ་དབྱང་བཅས་ས་གནས་དྲུག་གིས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྡོད་ཁང་སྤྱི་གསོག་མ་དངུལ་གྲོང་ཁྱེར་ལས་བརྒལ་ནས་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ཡུལ་གཞན་དུ་ཁང་པ་ཉོས་ན་གྲོང་ཁྱེར་ནང་ཁུལ་དང་གཅིག་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།

    དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཧོ་པེའི་བྱང་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ་དང་ཀྲེ་ཅང་ཤར་རྒྱུད་ཀྱི་མཚོ་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། འབྲི་ཆུའི་ལྷོ་ནུབ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཀོང་ཏུང་གི་བྱང་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་པ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།