དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-16 09:12:37   |   160

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ6ཚེས16ཉིན་པར་སྐྲུན་བྱ་བའི《བདེན་འཚོལ》དུས་དེབ་ཐེངས12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《དུས་ཡུན་འབྲིང་རིང་གི་འཆར་འགོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་ཁྲིད་བྱ་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན》ཞེས་པའི་གསུང་རྩོམ་གལ་ཆེན་ཞིག་སྤེལ་རྒྱུ་རེད།

5accf2dd4276e70eeecfdd9820572cd.jpg

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར2864.2ཡིན་པ་དེ་དུས་མཚུངས་ལས10.4%འཕར་ཞིང་། གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ5510བསྐྲུན་པ་དང་། སྡོད་དམངས་དུང་ཕྱུར1.25ལ་ཞབས་འདེགས་ཞུས་ཡོད། 

  • ཚེས15ཉིན་བཟོ་འཕྲིན་པུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་ལྔས་སྒྲིག་འཛུགས་བྱས་པའི2025ལོའི་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་ས་ཚིགས་དང་པོའི་བྱེད་སྒོ་ཅང་སུའུ་རུའུ་ཀའོ་རུ་སྤེལ་མགོ་བརྩམས་པ་དང་། ད་ལོར་ནང་དུ་ཚུད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་རླངས་འཁོར་རིགས་ཁྱོན124ཡོད། 

  • ད་ལོའི་རྒྱ་མཚོའི་རླུང་འཚུབ1པོའི“ཕྱེ་ལེབ”དང་དྲག་ཆར་དང་ཆུ་ལོག་གི་གནོད་འཚེར་དམིགས་ཏེ། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི4000འཕྲལ་མར་བཏང་ནས། ཧའེ་ནན་དང་ཀོང་ཏུང་། ཀོང་ཞི་སོགས་ཞིང་ཆེན(རང་སྐྱོང་ལྗོངས)གྱིས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་སྡོམ་ཉེན་སེལ་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར2421བྱས་པ་དེ་དུས་མཚུངས་ལས5.9%འཕར་ཡོད། 

  • ཚེས14ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་ས་ཁོངས་ཀྱིས་ལྷོ་རྒྱ་མཚོ་རུ་མཚོ་མཁའ་མཉམ་འབྲེལ་སྐོར་ཞིབ་སྒྲིག་འཛུགས་བྱས། 

  • ནེའུ་ཙི་ལན་སྲིད་གཞུང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ11པ་ནས་བཟུང་། ཀྲུང་གོའི་ལམ་ཡིག་ཡོད་མཁན་གལ་སྲིད་ཨོ་སི་ཁྲུ་ལི་ཡ་ནས་རྒྱལ་ཁོངས་སུ་ཡོང་བ་མ་ཟད། ཨོ་སི་ཁྲུ་ལི་ཡའི་ཐོངས་མཆན་ནུས་ལྡན་ཡོད་ཚེ་ཐོངས་མཆན་འགོད་མི་དགོས་པར་ནེའུ་ཙི་ལན་དུ་བསྐྱོད་ཆོག་གི་ཡོད་པ་རེད། 

  • ཚེས14ནས་5ཉིན་བར། དབྱི་སི་རལ་གྱིས་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་སོགས་སུ་མུ་མཐུད་མཁའ་རྒོལ་བྱས་ཤིང་། དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས15ཉིན་དབྱི་རན་གྱིས་དབྱི་སི་རལ་ལ་རེས་སྐོར་གསར་པའི་འཕུར་མདེལ་འཇབ་རྒོལ་བྱས་པ་རེད། 

  • ཚེས14ཉིན་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཝ་ཧྲིང་ཐོན་དམིགས་བསལ་ཁུལ་དུ་དམག་གཟིགས་མཛད་སྒོ་འཚོགས་ནས། ཨ་རིའི་སྐམ་དམག་བཙུགས་ནས་ལོ250འཁོར་བར་དྲན་གསོ་ཞུས། ཉིན་དེར་ཨ་རི་ཡོངས་ཀྱི་ས་ཆ་མང་པོར་རྔམ་སྟོན་ཁྲོམ་སྐོར་ཧ་ལམ་ཐེངས2000བྱུང་བ་དང་མི་ཁྲི་བརྒྱ་ཕྲག་ཁ་ཤས་ཞུགས་ཡོད། 

    སྤྱི་ཚོགས།

ee1261c675ee8938839150c98e21c0b.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཆེན་སྔོན་པོའི་སྔོན་བརྡ་བཏང་བ་དང་། དེ་རིང་ཤིན་ཅང་གི་ཤར་རྒྱུད་དང་། ནང་སོག་གི་དབུས་ཤར་རྒྱུད། ཧྭ་བྱང་། ཧོང་ཧུའེ། ཅང་ཧོའེ་ཤར་རྒྱུད་དང་དེ་བཞིན་ཀྲེ་ཅང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ5ནས་6བར་དང་། ཐོལ་རླུང་རིམ་པ7ནས8བར་གྱི་རླུང་ཆེན་ཡོད། 

  • རྒྱལ་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོར་སྐམ་དམག་དམིགས་བསལ་དམག་འཐབ་སློབ་གླིང་དང་། སྐམ་དམག་མཐའ་སྲུང་མཚོ་སྲུང་སློབ་གླིང་། དྲག་ཆས་ཉེན་རྟོག་དམིགས་བསལ་ཉེན་རྟོག་སློབ་གླིང་། དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སློབ་གླིང་བཅས་སློབ་གྲྭ་བཞིས་ཐད་ཀར་སློབ་མ་བསྡུ་རྒྱུ་མིན་པ་རེད། 

  • ཕ་རི་སིའི་མཁའ་འགྲུལ་འགྲེམ་སྟོན་སྐབས55པ་དེ་ཟླ6ཚེས16ནས་ཚེས22ཉིན་བར་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པས་ད་ལོའི་འགྲེམ་སྟོན་ནང་ཞུགས་མཁན་དཔུང་ཁག་ཡོངས་བསྒྲགས་བྱས་ཡོད།

6c1a9ca5fdb200bcabf8826ab54f491.jpg

  • ཚེས15ཉིན་སྔོན་གཤེགས་དཔའ་བོ་ཁྲེན་ཞང་རུང་གི་མ་ཡུམ་སློབ་གྲྭ་ཧྥུའུ་ཅན་ཕིང་ནན་རྫོང་ཕིང་ཁྲེང་དམའ་རིམ་སློབ་འབྲིང་དུ། “ཕིང་ནན་རྫོང་ཞང་རུང་སློབ་འབྲིང”གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་། སྔོན་གཤེགས་དཔའ་བོ་ཁྲེན་ཞང་རུང་གི་ཨ་མ་ཡའོ་ཅིའུ་སུའེ་གདན་ཞུས་ལྟར་སློབ་གྲྭར་སྒོ་བྱང་བཀལ་བ་རེད། 

  • ཚེས15ཉིན་སི་ཁྲོན་དབྱི་པིན་གྲོང་ཁྱེར་ཀུང་རྫོང་དུ་ས་ཡོམ་རིམ་པ4.8བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི10ཡིན། 

  • ཀུང་པེ་འགག་སྒོ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོའི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར355ཡིན་པ་དེ་དུས་མཚུངས་ལས82.6%འཕར་ཡོད། 

d1994fb67a78a52c713b9f41f325702.jpg

  • ཚེས14ཉིན། ཡའེ—90ཤེལ་གྲུག་ཆུང་གྲས་ཀྲུང་གོ་ཉིང་རྡུལ་ཚོགས་པའི་ཆིན་ཧྲན་ཉིང་རྡུལ་གློག་ཁང་དུ་བདེ་བླག་ངང་སྤུངས་པ་དང་འབྲེལ་འབྲེལ་ཡོད་རྟོག་འཇལ་བྱས་པ་ཚད་ལོན་པ་དེའི་ཐོག་ནས་རང་རྒྱལ་གྱིས་ཚོང་སྤྱོད་ཐོན་སྐྱེད་བྱས་པའི་ཡའེ—90ཡི་ལག་རྩལ་གྲུབ་འབྲས་ཐོབ་པའི་ངང་ཁོང་དུ་ཆུད་པ་བྱས་ནས་ཚད་འབེབས་ཐོན་སྐྱེད་བྱེད་ཐུབ་པ་མཚོན་ཡོད། ལག་རྩལ་དེས་མཆིན་པའི་འབྲས་སྐྲན་སྨན་བཅོས་ཁྱབ་ཁོངས་སུ་གནད་འགག་གི་ནུས་པ་འདོན་རྒྱུ་རེད། 

  • 2025ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་གྱི་སྣ་མང་ཆུ་རྐྱལ་འཛམ་གླིང་བུམ་པའི་རྟིང་རྩོད་ཚེས15ཉིན་མཇུག་སྒྲིལ་བ་དང་། ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ7ཐོབ་ནས་གསེར་གྱི་རྟགས་མའི་ཨང་དང་པོར་སླེབས་ཡོད་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཚེས14ཉིན། 2025ལོར་རྒྱལ་སྤྱིའི་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་འཇར་མན་ས་ཚིགས་མཇུག་སྒྲིལ་བ་དང་། ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་4དང་། དངུལ་གྱི་རྟགས་མ1དང་། ཟངས་ཀྱི་རྟགས་མ2བཅས་ཀྱི་བྱ་དགའ་ཁྱོན7ཐོབ་ནས། གསེར་གྱི་རྟགས་མ་དང་བྱ་དགའི་ཨང་རིམ་ནང་གཉིས་ཀ་ཨང་དང་པོར་སླེབས་ཡོད། 

  • ཚེས16ནས་ཚེས18ཉིན་གྱི་ས་སྲོད་བར། ལི་དམར་མིག་དམར་གྱིས་དཀར་སྔོན་ཞོན་ཡོན་བཅུ་བཞི་རུ་ཉེ་བར་བཅར་ནས། མཉམ་དུ་ནུབ་ཕྱོགས་ཀྱི་མཁའ་དབྱིངས་སུ་མངོན་པའི་ནང་། ཚེས17ཉིན་གྱི་ས་སྲོད་དེ་གཉིས་བར་ཐག་ཆེས་ཉེ་ཤོས་ཡིན་པ་དང་། སྤྲོ་སྣང་ཆེ་བའི་སྤྱི་དམངས་ཀྱིས་སྐར་མ་དེ་གཉིས་ལ་ལྟ་ཞིབ་བྱེད་ཆོག 

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱིས་སྡོད་ཁང་ཁུལ་ཆུང་དོ་དམ་ཁྲུའུ་སོགས་མངོན་གསལ་དོད་སར་སྡེ་ལས་ཞབས་ཞུའི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས། ཁང་བདག་གི་གནས་ཚུལ་ཤེས་དབང་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

  • ཧུའུ་པེ་ཡིས་ཕྱི་འཚོང་པ་ཁག་གཅིག་བདམས་ནས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་པའི་འགན་འཁུར་དུ་བཅུག་སྟེ། དྲ་རྒྱའི་བཟའ་བཏུང་དང་རྒྱུད་འབྲེལ་བཟའ་བཏུང་སོགས་བཟའ་བཏུང་ཞབས་ཞུའི་ཚན་པའི་བཟའ་བཅའི་བདེ་འཇགས་གནད་དོན་ལ་ལྟ་སྐུལ་བྱ་རྒྱུ་རེད། 

  • ལེའོ་ཉིང་གིས་བརྡ་ཐོ་བཏང་ནས། “ལོ་ལྔ་ཚན་བཅོ་ལྔའི”རིང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཞིང་ཆེན་རིམ་པའི་རྟེན་གཞི་དང་ལས་དོན་ས་ཚིགས3ནས5བར་གསར་སྐྲུན་བྱེད་རྩིས་ཡོད་པ་དང་། རྟེན་གཞི་དང་ལས་དོན་ས་ཚིགས་རེར་ཁ་གསབ་ཆེས་མཐོ་ཤོས་སྒོར་ཁྲི200དང་སྒོར་ཁྲི10སྤྲོད་རྩིས་ཡོད་པ་རེད། 

དེ་རིང་གི་གནམ་གཤིས།

896cedf07dbc71adf58328458773517.jpg

  • ཀྲེ་ཅང་གི་དབུས་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཅང་ཞིའི་བྱང་ཤར་རྒྱུད། ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད། ལྷོ་རྒྱུད་མཚོ་རྒྱུད། ཀོང་ཏུང་། ཀོང་ཞིའི་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཀྲེ་ཅང་གི་བྱང་ཤར་རྒྱུད་དང་ཀོང་ཏུང་གི་དབུས་ལྷོ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།