དེ་རིང་ནི2025ལོའི་ཟླ06པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-17 09:04:37   |   43

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

8411134d91c1a1d1022a0c916a3f872.jpg

  • ས་གནས་དེ་གའི་དུས་ཚོད་ཟླ6ཚེས16ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨ་སི་ཐ་ནར་འབྱོར་ཏེ། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་ཡི་གདན་ཞུས་ལྟར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་ཡོད།

29b61ab9c648e2976b0ffd14fd46deb.jpg

  • ས་གནས་དེ་གའི་དུས་ཚོད་ཟླ6ཚེས16ཉིན་གྱི་ཕྱི་དྲོར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་ཙུང་ཐུང་ལས་ཤག་ཏུ་གྲོས་མོལ་གནང་།

  • རྒྱལ་ཁབ་བསྡོམས་རྩིས་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བ་ལྔ་པར་རྒྱལ་དམངས་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ཐུབ་པ་དང་། ཐོན་སྐྱེད་ཀྱི་དགོས་མཁོ་བརྟན་པོའི་ངང་འཕར་བ། ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། སྒུལ་ནུས་གསར་པ་འཚར་ལོངས་དང་སྟོབས་ཆེར་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལེགས་སུ་ཕྱིན་པ་བཅས་ཡོད།

  • རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱ་རྒྱུ་ཡིན་ལ། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་འབྲུ་རིགས། བཟའ་བཅའ་ཆེན་པོ་བཅས་ཐོན་སྐྱེད་གནས་ཚུལ། ཞིང་ལས་ཀྱི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་གནས་ཚུལ་སོགས་ཕྱོགས་ལྔའི་ཐད་ཀྱི་ནང་དོན་ལ་བརྟག་དཔྱད་བྱ་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོ་སྒྲུབ་ཚད་དུང་ཕྱུར787.7ཡིན་པ་དེ་དུས་མཚུངས་ལས20.1%འཕར་ཡོད།

  • 2024ལོར་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་གཡོ་བསླུའི་གྱོད་གཞི་ཁྲི29.4རྩད་ཆོད་པ་དང་། གཡོ་བསླུ་ཚོགས་པའི་ལྟག་རྒྱབ་ཀྱི“གསེར་བདག”དང་མགོ་གཙོ། རྐང་འཛིན་པ་བཅས570ལྷག་ཙམ་འཛིན་བཟུང་བྱས་ནས། གཡོ་བསླུ་རྒྱག་མཁན་གྱི་རྫིག་ཉམས་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།

  • རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས2024ལོར་ལོ་ཚད་དམའ་བའི་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྒྲུབ་པའི་མི་གྲངས་ཉུང་དུ་ཕྱིན་པ་དང་། ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་གཞི་ཐག་གཅོད་བྱེད་ཚད་ཇེ་དལ་དུ་ཕྱིན་ཡོད་པ་རེད།

  • རང་རྒྱལ་གྱི་ཆན་པི་ཐེ་གེགས་མེད་ཚད་རྡུལ་རྩིས་རྒྱག་ཚད་ལེན་ཚོད་འཛིན་མ་ལག་རྩིས་སྤྲོད་ལེགས་གྲུབ་བྱུང་ནས། རྗེས་མཐུད་ཀྱི་གཞི་ཁྱོན་སྔར་ལས་ཆེ་བའི་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་པའི་ཚད་རྡུལ་རྩིས་འཁོར་ཞིབ་འཇུག་གསར་སྤེལ་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

acccd0d7f7f6476bd47ef0842674131.jpg

  • ཀྲུང་གོའི་མཚོ་དམག་གི“དར་གོས་རྒྱུ་ལམ་གྲུ་གཟིངས”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཚེས16ཉིན་ཧའེ་ནན་སན་ཡའི་དམག་དོན་གྲུ་ཁ་ཞིག་ནས་གྲུ་ཐག་གྲོལ་ཏེ། ལྷོ་རྒྱ་མཚོའི་མཚོ་འོག་གླིང་ཕྲན་ཁག་ཏུ“བདེ་ཐང་ངང་མཚོ་ཁོངས་སྐྱེལ་བའི”ལས་འགན་སྒྲུབ་པར་བསྐྱོད་རྒྱུ་ཡིན་པ་རེད།

  • ཉེ་ཆར་ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་དང་མཉམ་ལས་བྱེད་པའི་ཐད་ཚུལ་མིན་གྱི་གཏམ་བརྗོད་སྤེལ་བ་དང་། ཚེས16ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་གཞན་གྱི་ལངས་ཕྱོགས་ལ་བཙན་ཤེད་བྱེད་པ་དང་ཀྲུང་གོའི་མཉམ་ལས་ལ་ཚོད་འཛིན་བྱེད་པ་མཚམས་འཇོག་དགོས་ཞེས་བཤད་པ་རེད།

སྤྱི་ཚོགས།

1f6086de1e0e3a48a8ef0204e63c866.jpg

  • ཚེས17ཉིན་གྱི་ཉིན་མོར། སི་ཁྲོན་གཤོང་ས་དང་ཧྭ་བྱང་། ཧོང་ཧོའེ་སོགས་སུ་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད་པའི་ནང་། ཧོ་པེ་དང་ཧོ་ནན། ཤིན་ཅང་ཐུའུ་ལུའུ་ཧྥན་གཤོང་ས་སོགས་ས་ཁུལ40℃ཡན་དུ་སླེབས་པ་དང་། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་བཏང་ཡོད།

  • ཟླ7ཚེས1ཉིན་ནས་བཟུང་། ཏ་ལེན་གྲོང་ཁྱེར་དང་ཧུའུ་པེ་ཞིང་ཆེན་གྱིས་ཕྱི་རྒྱལ་གྱི་འགྲུལ་པའི་དངོས་ཟོག་ཉོ་སྒྲུབ་དང་མངའ་ཁོངས་ནས་བྲལ་བའི་ཁྲལ་སློག་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

  • ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཕེང་ཞའོ་ཁྲུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཟླ5པའི་ཟླ་མཇུག་བར། ནང་སོག་གི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་དུང་ཕྱུར1.4ལས་བརྒལ་བ་དེས་ལྗོངས་ཡོངས་ཀྱི་གློག་ཤུགས་སྤྱིའི་སྒྲིག་སྦྱོར་བྱེད་ཚད་ཀྱི52%བཟུང་ཡོད།

  • ཀྲུའུ་ཧའེ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས16ཉིན་ཀྲུའུ་ཀང་དང་ཀྲུའུ་ཨའོ་འགག་སྒོའི་ལོ་འདིའི་ནང་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར1ལས་བརྒལ་བ་དེ་ན་ནིང་ལས་ཉིན22སྔ་སྣུར་དུ་ཕྱིན་ཡོད་པ་རེད།

  • ཚེས16ཉིན་ལྷོ་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱིས་པེ་ཅིང་ཏ་ཤིང་ནས་ཏུའུ་ཤང་པེ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ཡོད། རང་རྒྱལ་དང་ཐ་ཇིག་སི་ཐན་དབར་རྒྱལ་ཁབ་གཉིས་པོའི་རྒྱལ་སར་ཐད་ཀར་འཕུར་བའི་མཁའ་ལམ་ཐོག་མར་བཏོད་ཡོད།

  • གཟའ་འཁོར་སྔོན་མའི་གཟའ་མཇུག་གི་ཉིན་གཉིས་ནང་། “སུའུ་ཁྲའོ”འགྲན་བསྡུར་ལ་ལྟ་བའི་འགྲན་བསྡུར་ལྔ་ཡི་མི་གྲངས་བསྡོམས་འབོར་ཁྲི12.9ལས་བརྒལ་བ་དང་འགྲན་ར་རེར་ལྟད་མོ་བ་ཁྲི2.58རེ་ཡོད།

  • བུད་མེད་ཝང་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས་དུས་ཐེངས་གསར་ཤོས་ཀྱི་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲེང་ཆིན་ཝུན་བུད་མེད་རྐྱང་བའི་འཛམ་གླིང་གི་ཨང་བཞི་པར་འཕར་ནས་མི་སྒེར་གྱི་ལས་རིགས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

640.gif

  • ཚེས15ཉིན་གྱི་ཐོ་རེངས་སུ། ཀོང་ཏུང་མའོ་མིང་ཤིན་དབྱི་གྲོང་ཁྱེར་གྱི་སྡེ་བ་ཞིག་ཏུ་རི་ཉིལ་བའི་གནས་ཚུལ་བྱུང་བ་དང་། མང་ཚོགས་སྔ་སྣུར་དུ་ཉེན་བརྡ་བཏང་ནས་གནས་སྤོས་བྱས་པས་དུད་ཚང25ཡི་མ་57ལ་གནོད་འཚེ་ཕོག་པའི་རྐྱེན་ལས་ཤི་རྨས་མི་ཡོང་བ་བྱས་ཡོད།

སྲིད་ཇུས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་བསམ་འཆར་བསྡུ་ལེན་བྱས་ནས། བླང་བྱ་དང་མཐུན་པའི་གསར་གཏོད་སྨན་རྫས་ནད་ཐོག་སྨན་བཅོས་ཚོད་ལྟའི་རེ་ཞུར་ཞིབ་བཤེར་ཞིབ་མཆན་འགོད་པའི་དུས་བཀག་དེ་ལས་ཀའི་ཉིན60ནས་ལས་ཀའི་ཉིན30བར་ཐུང་དུ་གཏོང་རྩིས་ཡོད་པ་རེད།

  • ཧྲང་ཧའེ་ཡིས་ཚན་རྩལ་གུན་སྐྱོབ་ཀྱི་སྲིད་ཇུས་གསར་པ་བཏོན་ནས། ཚན་རྩལ་གུན་སྐྱོབ་ཞབས་ཞུ་ཁྲོམ་རར་ཞུགས་པའི་ཚན་རྩལ་གསར་གཏོད་འཛིན་ཤོག་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་སུ་བཅུག་སྟེ། ཁེ་ལས་འབྲིང་ཆུང་གི་གུན་སྐྱོབ་མ་གནས་ཐད་ཀར་དམའ་རུ་གཏོང་དགོས་ཞེས་བཏོན་ཡོད།

  • ཁྲུང་ཆིང་གིས་སྟབས་བསྟུན་ལས་ཞུགས་མི་སྣའི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་དང་བེད་སྤྱོད་སྲིད་ཇུས་ལེགས་སུ་གཏོང་བའི་ནང་། འཇལ་སྤྲོད་དུས་བཀག་དམའ་ཤོས་ཐུང་དུ་གཏོང་བ་དང་དངུལ་བུན་གྱི་ལྡབ་གྲངས་མཐོ་རུ་གཏོང་རྒྱུ་སོགས་ཚུད་ཡོད།

དེ་རིང་གི་གནམ་གཤིས།

c537119c30cc5512af7ddcd4d07eae1.jpg

  • ཀོང་ཏུང་གི་ས་ཁུལ་མང་ཆེ་བ་དང་ཀོང་ཞིའི་དབུས་ལྷོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཀོང་ཏུང་གི་དབུས་རྒྱུད་དང་ལྷོ་ནུབ་ཀྱི་མཚོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་ཅིང་། ཀོང་ཏུང་དབུས་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།