དེ་རིང་ནི2025ལོའི་ཟླ06པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-18 09:04:07   |   118

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

e4cb46b2a5dc8c51be2bdde580e1ca8.jpg

  • ས་གནས་དེ་གའི་དུས་ཚོད་ཟླ6ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་ཁེར་བཙུགས་ཕོ་བྲང་དུ་འཚོགས་ཤིང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མའེ་ཏུའོ་ཕུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཕུའུ་བཅས་ཚོགས་འདུར་ཕེབས་ཡོད། ཞི་ཅིན་ཕིང་གིས《“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ”ཞེས་པའི་ས་ཁུལ་གྱི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ》ཞེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་།

ed44d6c8509347eabe3b5935c831659.jpg

  • ས་གནས་དེ་གའི་དུས་ཚོད་ཟླ6ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ནར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རིང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་དང་མཇལ་འཛོམས་གནང་།

e0ba6bfb8847fbecd597d22369e750c.jpg

  • ས་གནས་དེ་གའི་དུས་ཚོད་ཟླ6ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ནར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་དང་མཇལ་འཛོམས་གནང་།

1d137b097928075b4238988d5812cfe.jpg

  • ས་གནས་དེ་གའི་དུས་ཚོད་ཟླ6ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ནར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རིང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མའེ་ཏུའོ་ཕུའུ་དང་མཇལ་འཛོམས་གནང་།

8903ab296047edd310dcdba49871856.jpg

  • ས་གནས་དེ་གའི་དུས་ཚོད་ཟླ6ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ནར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རིང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཕུའུ་དང་མཇལ་འཛོམས་གནང་།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་བྱེ་འགྱུར་ས་ཆ་བཅོས་སྐྱོང་ལས་འགན་མུའུ་དུང་ཕྱུར3.65ལེགས་སྒྲུབ་བྱས་པ་དང་བཀག་སྡོམ་སྲུང་སྐྱོང་རྒྱ་ཁྱོན་མུའུ་ཁྲི2794ཡོད།

  • སྐབས་བཅོ་བརྒྱད་པའི་ཀྲུང་ཧྭའི་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ་སྤྲོད་པའི་མཛད་སྒོ་ཚེས17ཉིན་པེ་ཅིང་དུ་འཚོགས་ནས། རྒྱལ་ཁབ12ཀྱི་བྱ་དགའ་ཐོབ་མཁན16ལ་གཟེངས་བསྟོད་བྱས།

  • རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོའི་དུས་མཇུག་བར་ཀྲུང་དབྱང་ཁེ་ལས་ཁག་དང་ས་གནས་ཁག་གི་གཞུང་ཁོངས་ཁེ་ལས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་ཀྱི་གཙོ་གནད་བཅོས་སྒྱུར་ལས་འགན་ཆ་སྙོམས་ལེགས་སྒྲུབ་བྱེད་ཚད80%ལས་བརྒལ་ཡོད་པ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལ་མ་འཇོག་བྱེད་ཚད་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར300ལས་བརྒལ་ཡོད་པ་རེད།

2a54b87518447ee05779ae0dc09ef32.jpg

  • ཚེས17ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཕུགས་འདུན་གྲུ་གཟིངས་ཀྱི་མི་བཞུགས་འཕུར་གྲུ་མཐོ་ཚད་མེད་པའི་བྲོས་བྱོལ་འཕུར་སྐྱོད་ཚོད་ལྟ་བདེ་བླག་ངང་སྒྲིག་འཛུགས་དང་ལག་བསྟར་བྱས་ཤིང་། དེས་རང་རྒྱལ་གྱི་མི་བཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་བཟོ་སྐྲུན་ཞིབ་བཟོའི་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད། 

  • ཚེས17ཉིན་ཕྱི་འབྲེལ་པུས་ཕྱི་འབྲེལ་པུ་དང་འབྲེལ་ཡོད་གཞུང་ཚབ་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དབྱི་རན་དང་དབྱི་སི་རལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། ཀྲུང་གོའི་སྤྱི་དམངས་མགྱོགས་མྱུར་ཕྱིར་འཐེན་བྱེད་བཞིན་ཡོད་ཅེས་བསྒྲགས།

    སྤྱི་ཚོགས།

95985902e44da21cdca591b4a84d447.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས17ཉིན་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་གནམ་གཤིས་ཀྱི་ཉེན་ཁའི་སྔོན་བརྡ་བཏང་བ་སྟེ། སྔོན་དཔག་བྱས་ན། ཚེས17ཉིན་གྱི་ཆུ་ཚོད20ནས་ཚེས18ཉིན་གྱི་ཆུ་ཚོད20བར། ཀོང་ཏུང་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཀྲོའུ་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི“ཉིན་བརྒྱའི་མི་ཁྲི་སྟོང་གི་གདན་ཞུའི་ཆེད་དོན་བྱ་སྤྱོད”ཚེས་17ཉིན་སྤེལ་མགོ་བརྩམས་པ་རེད།

  • ཟླ7ཚེས1ཉིན་གྱི་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་འཁོར་སྐྱོད་རེའུ་མིག་གསར་པ་ལག་བསྟར་བྱ་རྒྱུ་རེད། རེའུ་མིག་ལེགས་སྒྲིག་བྱས་རྗེས། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་མེ་འཁོར13302བཀོད་སྒྲིག་བྱས་པ་དེ་ད་ལྟའི་འཆར་གཞི་ལས་མེ་འཁོར236གིས་མང་བ་རེད།

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔའི་བར་རིམ་རྩིས་བྱས་ན་སྨན་རྫས་ཁུངས་འདེད་ཨང་རྟགས་དུང་ཕྱུར398.85བསྡུས་ནས་སྨན་རྫས་ཁྱབ་ཁོངས་ཀྱི“བསྐྱར་འདྲེན་སྨན”གནད་དོན་ལ་རྡུང་རྡེག་གཏོང་རྒྱུར་རམ་འདེགས་བྱས་ཡོད།

  • ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཀྲུང་གོའི་དྲ་བའི་རྩོམ་རིག་སྤྱོད་མཁན་དུང་ཕྱུར5.75ཡོད་པ་དང་། ལོ་འཁོར་དུ་བརྩམས་ཆོས་ཁྲི་200མང་དུ་ཕྱིན་ཅིང་། གཉེར་སྐྱོང་གཞི་ཁྱོན་སྒོར་དུང་ཕྱུར440ཡོད་པ་རེད།

  • ཚེས17ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར260དང255འཕར་ཡོད།

  • ཧྲའན་ཞི་ཞི་ཨན་གྱིས་ཉེ་ཆར་ཁྲིམས་འགལ་ངང་རྔོན་རྒྱག་པ་དང་ཉོ་ཚོང་། རི་སྐྱེས་འདབ་ཆགས་གསོ་ཚགས་བཅས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། ཚེས9ནས་ཚེས16ཉིན་བར་རི་སྐྱེས་འདབ་ཆགས་རིགས་དང་འབྲེལ་བའི་ཉེས་དོན་གྱོད་གཞི15རྩད་ཆོད་པ་དང་། མི9ལ་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད།

  • ཚེས16ཉིན་གྱི་སྔ་དྲོར། ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་ལིན་ལི་རྫོང་ཐིང་ཞན་ཏུའུ་གྲོང་རྡལ་ཧྲན་ཀྲོའུ་སྡེ་བ་རུ་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ཞིང་། ཟླ6ཚེས17ཉིན་གྱི་ཆུ་ཚོད9པ་བར། དོན་རྐྱེན་དེའི་ནང་མི9རྐྱེན་ལམ་དུ་ཤོར་བ་དང་མི26ལ་རྨས་སྐྱོན་ཕོག་ཡོད་པ་རེད།

d51f2163d2c149b17023bcbe0e937db.jpg

  • ཚེས17ཉིན་རོལ་དབྱངས་པ་གྲགས་ཅན་ཁྲེན་པི་ཏེ་ཡི་ནང་མིས་འདས་ཡིག་ཁྱབ་བསྒྲགས་བྱས་པའི་ནང་། ཁྲེན་པི་ཏེ2025ལོའི་ཟླ6ཚེས14ཉིན་ཁྲེང་ཏུའུ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ82ཡིན་ཞེས་འཁོད་ཡོད་པ་རེད།

    སྲིད་ཇུས།

  • ཅང་ཞིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། ཚོང་འགུགས་མ་འདྲེན་ནང་འདྲེན་བྱས་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར1གམ་ཡང་ན་མི་དམངས་ཤོག་སྒོར་དུང་ཕྱུར20ཡན་ཟིན་པའི་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་ལ་མ་དངུལ་ནང་འདྲེན་བྱེད་ཚད་ཀྱི2%ཀྱི་བསྡུར་ཚད་ལྟར་བྱ་དགའ་ཆེས་མཐོ་ཤོས་སྒོར་ཁྲི5000སྤྲོད་རྒྱུ་རེད།

  • ཧའེ་ནན་གྱིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། 2025ལོ་ནས་བཟུང་ལོ་ལྔ་ལ་བསྟུད་མར་ཞིང་ཆེན་ཕྱིའི་སློབ་ཆེན་དུ་ཀྲུང་ལུགས་གསོ་རིག་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ50ལས་མི་ཉུང་བ་ཞིག་གཏན་འཁེལ་གྱིས་གསོ་སྐྱོང་བྱ་རྒྱུའི་མངགས་བཅོལ་བྱ་རྒྱུ་དང་། སློབ་མ་སློབ་གྲྭ་མཐར་ཕྱིན་རྗེས་ངེས་པར་དུ་ཧའེ་ནན་གྱི་གྲོང་ཁྱེར་དང་རྫོང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ལོག་ནས་ཉུང་མཐར་ཡང་ལོ་དྲུག་ལ་ཞབས་འདེགས་ཞུས་ན། སྒྲིག་ཁོངས་དོ་དམ་ནང་འཇུག་རྒྱུ་རེད།

  • ཉིང་ཞ་ཡིས་ཞིབ་སྲོལ་དཔར་འགྲེམ་བྱས་ནས། དཀའ་ངལ་ཡོད་པའི་བྱིས་པས་ལོ་གཅིག་ནང་གནས་གཏན་འཁེལ་གྱི་སྨན་ཁང་གི་ནད་བརྟག་སྨན་བཅོས་འགྲོ་གྲོན་ནང་རིམ་རྩིས་བྱས་ན་སྒོར1000ཡན་གྱི་རང་སྤྲོད་ཆ་ཤས་ལ་ལོ་འཁོར་གྱི་ཚད་གཞི་ཆེས་མཐོ་ཤོས་སྒོར་ཁྲི3གྱི་རོགས་སྐྱོར་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

73f8816401bf52a648e7b7d52d857c1.jpg

  • ཀན་སུའུ་ཡི་ཤར་རྒྱུད་དང་ལྷོ་རྒྱུད་དང་། ཧྲའན་ཞིའི་དབུས་རྒྱུད། སི་ཁྲོན་གཤོང་སའི་ས་ཆ་མང་ཆེ་བ། ཀོང་ཞིའི་དབུས་བྱང་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད། ཀོང་ཏུང་གི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་ཡོད་པ་དང་། དེའི་ནང་སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་དང་། ཀོང་ཞིའི་བྱང་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།