དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-19 09:13:06   |   118

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ6ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཞུགས་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ཕྱིར་ལོག་གནང་།

  • ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་སྦྱོང་སློབ་གསོ་མུ་མཐུད་ཀྲུང་དབྱང་གི་མཛུབ་ཁྲིད་ཚན་སྐོར་གསུམ་མངགས་ནས། ནང་སོག་དང་ཀོང་ཞི་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུ། ཀྲུང་གོ་ཞིང་ལས་དངུལ་ཁང་དང་ཀྲུང་གོ་ཁྱེར་འཕྲིན་འཕྲིན་གཏོང་ཚོགས་པ་ཚད་ཡོད་སྤྱི་གཉེར། པེ་ཅིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་སོགས་ས་གནས་དང་ཚན་པ7དུ་སློབ་སྦྱོང་སློབ་གསོའི་མཛུབ་ཁྲིད་ལྟ་སྐུལ་ལས་དོན་སྤེལ་རྒྱུ་ཐག་བཅད།

7873e69b00cc6270c44e0baa3a7354f.jpg

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ6ཚེས18ཉིན་བར། གྲོ་བརྔ་བསྡུ་བྱེད་ཚད96%ཟིན་པ་དེས་ད་ལོའི་རྒྱལ་ཡོངས་ཀྱི“དབྱར་གསུམ”གྲོ་གཞི་ཁྱོན་ཆེ་བའི་འཕྲུལ་བསྡུའི་ལས་དོན་སྤྱིའི་ཆ་ནས་མཇུག་སྒྲིལ་བ་མཚོན་ཡོད།

  • ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གིས《ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས།

  • རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲ་སྦྲེལ་བརྙན་འཕྲིན་འདུས་གྲུབ་གཏོང་བ་ཚོད་འཛིན་ལས་སྟེགས་ཀྱིས་སྤྱོད་མཁན་གྱི་གྲོན་དངུལ་རང་འགུལ་ངང་མུ་མཐུད་མ་བསྡུས་པའི་ཉིན5ཡི་ཡར་སྔོན་དུ། འཕྲིན་ཐུང་དངAPPསྐུར་གཏོང་། ཞབས་ཞུ་རྟགས་ཨང་རྟགས་སུ་ཆ་འཕྲིན་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་འཐེན་རིན་དྲན་སྐུལ་བྱེད་དགོས་པ་ཁ་གསལ་བཟོས་ཡོད།

  • སྡོད་ཁང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར36གིས་ཚོད་ལྟ་བྱས་པ་དང་། རིམ་རྩིས་བྱས་ན་སྟབས་བསྟུན་ལས་ཞུགས་མི་སྣ་ཁྲི100ལྷག་ཙམ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བཅོལ་བྱས་པའི་ནང་མི་ཁྲི24ཡིས་སྡོད་ཁང་གི་སྤྱི་བསགས་མ་དངུལ་སྤྱད་དེ་ཁང་གླ་སྤྲད་པའམ་ཡང་ན་ཁང་པ་ཉོས་པ་རེད།

  • ཚེས18ཉིན། མི་དམངས་ཤོག་སྒོར་རྒྱལ་མཚམས་སྒྲོལ་བའི་གཏོང་སྤྲོད་མ་ལག་གིས་ཚད་ལྡན་དངུལ་ཁང་དང་། ཨ་ཧྥེ་རི་ཁའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་། ཨབ་ཀྲ་པེའི་དངུལ་ཁང་དང་པོ། ཏ་ཧྭ་དངུལ་ཁང་སོགས་ཕྱི་རྒྱལ་གྱི་མ་དངུལ་སྒྲིག་གཞི་དྲུག་དང་གན་རྒྱ་བཞག་པ་རེད།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར2209.45ཡིན་པ་དེ་དུས་མཚུངས་ལས49.2%འཕར་བ་དང་། ཉོ་ཚོང་བྱེད་ཚད་ན་ནིང་གི་ལོ་ཧྲིལ་པོའི་ཆུ་ཚད་དང་ཧ་ལམ་མཚུངས་པ་རེད།

  • ཚེས18ཉིན། ཕྱི་འབྲེལ་པུས་མིག་སྔའི་བར་ཀྲུང་གོའི་སྤྱི་དམངས791དབྱི་རན་ནས་བདེ་འཇགས་ས་ཁུལ་དུ་གནས་སྤོ་བྱས་པ་དང་། ད་དུང་མི1000ལྷག་ཙམ་གནས་སྤོ་བྱེད་པའི་ལམ་བར་དུ་ཡོད། ཀྲུང་གོའི་སྤྱི་དམངས་ཁག་གཅིག་དབྱི་སི་རལ་ནས་བདེ་འཇགས་ངང་གནས་སྤོ་བྱས་ཡོད།

  • ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མིག་སྔའི་དུས་བབ་ལ་དམིགས་ནས། དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་། དེ་བཞིན་ཅེ་རུ་ས་ལེམ་དང་ཐེ་ལ་ཝུའེ་ཕུའུ་རུ་བཅའ་སྡོད་ཨ་རིའི་ཁེ་སྐྱོང་སྒྲིག་གཞི་ཚེས18ནས20ཉིན་བར་སྒོ་རྒྱག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

    སྤྱི་ཚོགས།

06038aba20d991d74118d61b7aff434.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ནང་སོག་གི་ཤར་ལྷོའི་རྒྱུད་དང་ཧོ་པེའི་ཤར་རྒྱུད། ཐེན་ཅིན་བྱང་རྒྱུད། ཧྲན་ཏུང་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ་བཅུ་ཡན་གྱི་དྲག་ཆར་རླུང་ཆེན་པོ་ཡོད་པ་དང་། རླུང་ཤུགས་ཆེས་ཆེ་ཤོས་རིམ་པ11ཡན་དུ་སླེབས་རྒྱུ་རེད།

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཨན་ཧུའེ་དང་ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ་བཅས་ལ་འབྲུབ་འགོག་རིམ་པ་བཞིའི་འཕྲལ་སྡོམ་དང་ལེན་བྱས་པ་དང་འབྲེལ་ལས་དོན་ཚན་སྐོར་གསུམ་གཙོ་གནད་ས་ཁུལ་དུ་མངགས་ནས། འབྲུབ་འགོག་གེགས་སེལ་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པ་རེད།

  • སྤྱི་བདེ་པུའི་ཉེས་དོན་མྱུལ་ཞིབ་ཅུ་དང་རྒྱལ་ཁབ་མགོ་སྐོར་གཡོ་འཕྲུལ་ངོ་རྒོལ་ལྟེ་གནས་ཀྱིས《2025ལོའི་པར་གཞིའི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་དོགས་ཟོན་བྱེད་པའི་དྲིལ་སྒྲོག་ལག་དེབ》རྩོམ་སྒྲིག་བྱས་ནས། ཚེས18ཉིན་སྤྱི་ཚོགས་ལ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས18ཉིན། པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་བཤམས་སྟོན་སྐབས་སོ་གཅིག་པ་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་མགོ་བརྩམས་པ་རེད།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཏུའུ་ཡུས་པོ་ལ་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེར་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད།

cba2a18667b635f93156c656bf9248f.jpg

  • རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་འདུས་འགྱུར་འཕྲུལ་ཆས་གཙོ་བོའི་འགག་རྩའི་མ་ལག་གི་ཕྱོགས་བསྡུས་ཞིབ་འཇུག་སྒྲིག་བཀོད་ཀྱི་ཡན་ལག་མ་ལག19ཡི་གྲས་ཏེ། ཙ་པོ་དམའ་བའི་གློག་རྒྱུན་གྱི་སྐུལ་འདེད་མ་ལག(低杂波电流驱动系统)ཚེས18ཉིན་རིགས་གཅིག་མཁས་ཅན་ཚན་སྐོར་གྱིས་ཚོད་ལྟ་དང་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། མ་ལག་གི་སྤྱིའི་ནུས་པ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

  • ཉེ་ཆར་ཧུའུ་པེའི་ཏུང་ཧུའུ་ཚོད་ལྟ་ཁང་དུ་ཚན་ཞིབ་མི་སྣས་དཔྱང་གཡེང་འདེགས་སྐྱོར་དང་གློག་ཁབ་ལེན་སྐུལ་འདེད་གཏོང་བའི་བྱེད་ཐབས་བརྒྱུད། བར་ཐག་སྨི1000ནང་ཚོད་ལྟའི་རླངས་འཁོར་ཏུན1.1ཆུ་ཚོད་རེར་སྤྱི་ལེ650བར་མགྱོགས་སུ་བཏང་བ་རེད།

  • ཧྲེན་ཀྲེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཟླ6ཚེས5ཉིན་ནས2024ལོའི་ཟླ7ཚེས31ཉིན་བར་བཟོས་པའི་རོ་མ་ཧྲིROMOSSརྟགས་ཅན་གྱི་སྒུལ་བདེའི་གློག་ཁུངས་ཁག་གཅིག་ཚུར་བསྡུ་བྱས་པ་རེད།

  • ཉེ་ཆར་ཀུང་པེ་འགག་སྒོའི་ཁོངས་གཏོགས་ཀང་ཀྲུའུ་ཨའོ་ཟམ་ཆེན་འགག་སྒོས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་དབང་གནོད་དངོས་ཟོག་ཕྱིར་གཏོང་བྱས་པའི་གྱོད་གཞི་གསུམ་བསྟུད་མར་རྩད་ཆོད་པ་དང་། ཝུའུ་མ་ཐེའི་སྤུས་རྟགས་ལ་གནོད་འཚེ་བཏང་བའི་ཚོང་ཟོག20599རྩད་ཆོད་པ་རེད།

033a648597b852811f6a1f2020d83b7.jpg

  • ཚེས18ཉིན་ཀྲུང་གོ་དང་ལོ་སི། ཐེ་ལན་བཅས་ཀྱི་ལྕགས་ལམ་དང་གཞུང་ལམ། མཚོ་ཐོག་མཉམ་འདྲེན་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཐོག་མར་བཏང་།

    སྲིད་ཇུས།

  • པེ་ཅིང་གིས་བསམ་འཆར་དཔར་འགྲེམ་བྱས་ནས་ཆ་རྐྱེན་འཛོམས་པའི་སྤྱི་པའི་གངས་འཁྱག་ལུས་རྩལ་ཐང་སྤྱི་ཚོགས་ལ་རིན་མེད་དམ་ཡང་ན་གྲོན་དངུལ་དམའ་བའི་སྒོ་ནས་སྒོ་དབྱེ་རྒྱུར་སྐུལ་མ་བཏང་ཡོད།

  • ཐེན་ཅིན་གྱིས་བྱ་གཞག་སྡེ་ཚན་གྱི་ཡོངས་བསྒྲགས་གདན་ཞུའི་ཁྲོད་གདན་ཞུའི་འཆར་གཞི་ལོ་དེའི་སློབ་ཐོན་སློབ་མར་ཕྱོགས་རྒྱུ་དང་། གནས་གཏན་འཁེལ་གྱིས་ལོ་དེའི་སློབ་ཐོན་སློབ་མའི་ལས་གནས་ཀྱིས་ལོ་ཧྲིལ་པོའི་འཆར་གཞིའི་གདན་ཞུའི་མི་གྲངས་བསྡོམས་འབོར་གྱི50%ཡན་འཛིན་པ་ཁ་གསལ་བཟོས་ཡོད།

  • ཧུའུ་ནན་གྱིས་ལས་གཏོད་ཁག་ཐེག་དངུལ་བུན་གྱི་སྲིད་ཇུས་གསར་པ་བཏོན་ནས། མི་སྒེར་དང་ཁེ་ལས་ཆུང་ཕྲན་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་ཚད་སོ་སོར་སྒོར་ཁྲི30དང་སྒོར་ཁྲི་400ཡིན་པ་དང་། དུས་བཀག་ལོ་གསུམ་དང་ལོ་གཉིས་ལས་མི་བརྒལ་བ་ཡིན་དགོས།

    དེ་རིང་གི་གནམ་གཤིས།

e6cd12ddc19846256fb7e51eaf6d6d9.jpg

  • བྱང་ཤར་ས་ཁུལ་གྱི་དབུས་ནུབ་རྒྱུད་དང་ཧྭ་བྱང་ཤར་རྒྱུད། ཧོང་ཧོའེ། ཅང་ཧུའེ་ནུབ་རྒྱུད། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད་དང་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་ཡོད་པའི་ནང་། ཧོ་ནན་དབུས་ཤར་རྒྱུད་དང་ཧུའུ་པེའི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། སི་ཁྲོན་ལྷོ་རྒྱུད། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཀུའེ་ཀྲོའུ་དབུས་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཡུན་ནན་བྱང་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་རམ་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།