དེ་རིང་ནི2025ལོའི་ཟླ06པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-20 09:18:50   |   91

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ6ཚེས19ཉིན་གྱི་ཕྱི་དྲོར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཞལ་པར་ཐོག་ནས་དབུས་ཤར་ས་ཁུལ་གྱི་དུས་བབ་ཐད་གཙོ་གནད་ཐོག་དགོངས་འཆར་བརྗེ་རེས་གནང་།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས6.3%འཕར་ཡོད། 

  • རྒྱལ་ཁབ་བསྡོམས་རྩིས་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ5པར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི4.13ཡིན་པ་དེ་དུས་མཚུངས་ལས6.4%འཕར་ནས2024ལོ་ཚུན་གྱི་ཟླ་འཁོར་འཕར་ཚད་ཆེས་མགྱོགས་ཤོས་ཡིན་པ་རེད། 

  • ཚེས19ཉིན། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2024ལོར་རྒྱལ་ཡོངས་ཀྱི་སྤྱི་པའི་ཉོ་སྒྲུབ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི45ཡིན་པ་དེས་གཞུང་ཁོངས་ཁེ་ལས་ཀྱི་ཉོ་སྒྲུབ་ཀྱིས་གནོན་རྡོའི་ནུས་པ་འདོན་སྤེལ་བྱས་ཡོད། 

  • ཚེས19ཉིན། རྒྱལ་ཁབ་དུག་འགོག་གཞུང་ལས་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཉི་ཆིན་རིགས་ཀྱི་དངོས་པོ་དང་བསམ་པའི་གསོན་ཤུགས་རང་བཞིན་གྱི་དངོས་པོ་གསར་པ12དོ་དམ་ནང་འཇུག་རྒྱུའི་གཏན་འབེབས་བྱས་པ་རེད། 

  • ཚེས19ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཞི་ཐུའུ་ཕྱིར་གཏོང་གི་འབྲེལ་ཡོད་གནད་དོན་ཐད་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཞི་ཐུའུ་ཡི་འབྲེལ་ཡོད་ཕྱིར་གཏོང་ཆོག་འཐུས་རེ་ཞུར་ཞིབ་བཤེར་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད། 

  • ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུའི་གསར་འགྱུར་མགྲིན་ཚབ་པས་ཧྥི་ལི་ཕིན་གྱི་ཟླ་ཕྱེད་བྲག་རྡོ་དང་ཅན་ཀྲང་བྲག་རྡོ་ཡི་ཁྲིམས་འགལ་དབང་གནོད་དང་འཁྲུག་རྐྱེན་སློང་བའི་ཐད་གཏམ་བཤད་སྤེལ་བ་རེད། 

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཚེས19ཉིན་བར། ཀྲུང་གོའི་སྤྱི་དམངས1600ལྷག་ཙམ་དབྱི་རན་ནས་བདེ་འཇགས་ངང་ཕྱིར་འཐེན་བྱས་པ་དང་། ཀྲུང་གོའི་སྤྱི་དམངས་བརྒྱ་ཕྲག་དབྱི་སི་རལ་ནས་ཕྱིར་འཐེན་བྱས་ཡོད། 

  • ཚེས18ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུ་དང་ཡུག་རེན་གྱི་གྲོས་མོལ་ཚོགས་པས་ཟླ6ཚེས22ཉིན་གྱི་རྗེས་སུ་གྲོས་མོལ་བྱེད་རྩིས་ཡོད་ཅེས་བཤད་པ་རེད། 

    སྤྱི་ཚོགས།

cfd1f4af1cfdc5188cef4178a3da2f6.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་སྔོན་བརྡ་དམར་པོ་བཏང་བ་དང་། དེ་རིང་ཨན་ཧུའེ་ཡི་ནུབ་རྒྱུད་དང་ཧོ་ནན་ལྷོ་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཧུའུ་ནན་བྱང་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་སྲིད་པ་དང་། ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེན་པོ་ཡོད། 

  • 2024ལོར་རྒྱལ་ཡོངས་སུ་དུག་རྫས་ཉེས་གསོག་གྱོད་གཞི་ཁྲི3.7རྩད་ཆོད་པ་དང་། ཉེས་གསོག་དོགས་གཞི་ཅན་ཁྲི6.2འཛིན་བཟུང་བྱས་པ། དུག་རྫས་ཏུན26.7གཞུང་བཞེས་བཏང་བ་རེད། 

d85f77d3e095cd2a05d483cd65c10a1.jpg

  • ཚེས19ཉིན་གྱི16:45བར། 2025ལོའི་དབྱར་གསེང་ཡིག་ཆ(ཟླ6པ་ནས8པ)སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)དུང་ཕྱུར10ལས་བརྒལ་ཡོད་པ་རེད། 

  • ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཧུའུ་ཡིའུ་ཐའོ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

88a2c211ed7afd74d1abe7fbff86da2.jpg

  • ཚེས19ཉིན། 2025ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས12པའི་བྱ་དགའི་རྟགས་མ“སྨྱུག་འོད”དངོས་སུ་འགྲེམས་སྟོན་བྱས་པ་རེད། 

e0d222ca94363c7e09d94c7056bde22.jpg

  • ཉེ་ཆར་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཐུང་ཤིན་རྫོང་དུ་རྨིག་པའི་རིགས་ཀྱི་ཁུང་འབྲུག་ཆུང་གྲས་ཀྱི་རྗེས་ཤུལ་གཙོ་བོར་བྱས་པའི་རིགས་བཞིའི་རྗེས་ཤུལ་གྱི་འགྱུར་རྡོའི་སྡེབ་སྒྲིག་ཐོག་མར་རྙེད་པ་རེད། 

7e1886a8abe4c2845acb038a19ce1f9.jpg

  • ཚེས19ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་དགུ་པ་ཁུན་མིང་དུ་མགོ་བརྩམས་པ་དང་། དེར་ཞུགས་པའིཁེ་ལས2500ལྷག་ལ་སླེབས་ཤིང་། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཚང་མར་ཁྱབ་ཡོད་པ་རེད། 

  • ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་དབང་པོ་སྐྱོན་ཅན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ལ་སྔོན་དཔག་བྱས་ན་རྒྱལ་ཡོངས་ཀྱི་ལུས་རྩལ་པ་ཁྲི3.6འགྲན་བསྡུར་ནང་ཞུགས་རྒྱུ་རེད། མིག་སྔར་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དང་དབང་པོ་སྐྱོན་ཅན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཡོད། 

346e4ec1b3f194c2c0b865b9af743ea.jpg

  • ཉིན་འགའི་སྔོན་དུ། ཀོང་ཀྲོའུ་གྲོང་ཁྱེར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་དྲ་ཐོག་ཚོང་དོན་གྱི་མྱུར་བགྲོད་ལམ་ཐིག་ཐོག་མ་དངོས་སུ་འཁོར་སྐྱོད་བྱས། 

640.gif

  • ཉེ་ཆར་ཧྲན་ཏུང་རི་ཀྲའོ་ཡི་བྱིས་པ་བུ་མོ་ཞིག་རླངས་འཁོར་ནང་ཆུ་ཚོད་གཅིག་ལ་ལུས་པ་དང་། དྲོད་ཚད་མཐོ་བ་དང་གསོ་རླུང་མི་འདང་བའི་རྐྱེན་གྱིས་དྲན་པ་ཐོར། འབྲིང་རྒྱུགས་མཇུག་སྒྲིལ་མ་ཐག་པའི་ཧན་ཧའོ་དབྱང་དང་ཅང་ཁྲེང་ཧའོ། ལིའང་ཁྲེང་བཅས་སློབ་མ་གསུམ་གྱིས་འཕྲལ་དུ་སྒེའུ་ཁུང་བརྟོལ་ནས་བྱིས་པ་བུ་མོ་དེ་བསྐྱབས། 

    སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)འཕྲུལ་རྟའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་གཅིག་ཁྱབ་བསྒྲགས་བྱ་རྒྱུའི་ཆོག་མཆན་སྤྲད་ཅིང་། དེ་སྣུམ་སྒམ་དང་གློག་སྒྲོན། རིས་དབྱིབས་མཚོན་རྟགས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་། 2026ལོའི་ཟླ1ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

  • ཁྲུང་ཆིང་གིས་བྱེད་ཐབས་བཀྲམ་ནས་སློབ་གྲྭ་འབྲིང་ཆུང་གིས་ཉིན་རེར་ལུས་རྩལ་དང་བདེ་ཐང་སློབ་ཚན་གཅིག་འཛུགས་རྒྱུར་སྐུལ་ལྕག་བྱེད་པ་དང་འབྲེལ། སྐར་མ30ཡི་རིང་གི་སློབ་ཆེན་དབར་གྱི་ལུས་རྩལ་བྱེད་སྒོ་གཉིས་བཀོད་སྒྲིག་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད་གཉིས་ལས་མི་ཉུང་བ་འགན་ལེན་བྱེད་དགོས་པར་སྐུལ་མ་བཏང་། 

  • ཧྲན་ཏུང་གིས་བརྡ་ཐོ་བཏང་ནས། ལས་གནས་བརྟན་དུ་གཏོང་བའི་ཆེད་དོན་དངུལ་བུན་རྒྱབ་སྐྱོར་བྱ་ཡུལ་དེ་ཁེ་ལས་ཆུང་ཕྲན་གྱི་ཁེ་ལས་བདག་པོ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བར་རྒྱ་ཆེར་བཏང་བ་དང་། ཁེ་ལས་ཆུང་ཕྲན་དང་མི་སྒེར་གྱི་ཡིད་རྟོན་དངུལ་བུན་ཆེས་མཐོ་ཤོས་སོ་སོར་སྒོར་ཁྲི5000དང་སྒོར་ཁྲི1000བར་མཐོ་རུ་བཏང་ཡོད། 

    དེ་རིང་གི་གནམ་གཤིས།

46cf4fa6579dba6c5e0fa55439a2147.jpg

  • ཅང་སུའུ་དབུས་བྱང་རྒྱུད་དང་ཨན་ཧུའེ་དབུས་བྱང་རྒྱུད། ཧོ་ནན་ཤར་ལྷོའི་རྒྱུད། ཧུའུ་པེའི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་བྱང་རྒྱུད། ཀུའེ་ཀྲོའུ་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད། ཡུན་ནན་ཤར་རྒྱུད་སོགས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཅང་སུའུ་དབུས་བྱང་རྒྱུད་དང་ཨན་ཧུའེ་དབུས་བྱང་རྒྱུད། ཧོ་ནན་ཤར་ལྷོའི་རྒྱུད། ཧུའུ་པེའི་བྱང་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཧུའུ་ནན་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ལྷོ་རྒྱུད། ཀོང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་ཅིང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།