དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-23 09:27:20   |   181

སྒྲིག་སྒྱུར། ཀླུ་མཁར་རྒྱལ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས་རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར16.41སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས3.1%འཕར་ཡོད། 

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་རླུང་གློག་གིས་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར3814.3ཟིན་པ་དེ་དུས་མཚུངས་ལས17.35%འཕར་ཡོད། 

  • གྲངས་གཞི་ལས་མངོན་པ་ལྟར་ན། ཟླ5ཚེས1ཉིན་ནས་ཟླ6ཚེས21ཉིན་བར་རང་རྒྱལ་གྱི་རྫོང་ཁོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས47%འཕར་བ་དང་། “རྙིང་ཚབ་གསར་བརྗེའི”ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས54%འཕར་ཡོད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རབས་གསར་པའི་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས30འཛུགས་སྐྲུན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དེ་ཤར་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན24དང་དེ་བཞིན་འཆར་གཞི་ལོགས་བཀོད་གྲོང་ཁྱེར2ལ་ཁྱབ་ཡོད་པ་རེད། 

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བརྡ་ཐོ་བཏང་ནས་སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས། སྤུས་ཚད་དངུལ་བསྡུ་དང་ཡིད་རྟོན་ཆེ་རུ་གཏོང་བའི་ལས་དོན་དེ་རྒྱ་ཆེའི་ཁེ་ལས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་བྱས་ཏེ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱིས་སྤུས་ཚད་དང་ཕན་འབྲས་ཆེ་བའི་ལམ་བུར་བསྐྱོད་རྒྱུར་རོགས་སྐྱོར་དེ་བས་ནུས་ལྡན་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

  • ཚེས22ཉིན་འཛམ་གླིང་ཐོག་གི་ཚངས་ཐིག་ཆེ་ཤོས་ཀྱི་ཆུ་འོག་གི་ཕུབ་སྒྲོམ་ཕུག་ལམ་སྟེ་ཅི་ནན་གྲོང་ཁྱེར་ཧོང་ཀང་ལམ་གྱི་རྨ་བརྒལ་ཕུག་ལམ་གྱིས་རྨ་ཆུའི་དུམ་མཚམས་བརྐོས་ཡོད་པ་རེད།

  • ནང་ལོགས་དང་ཞང་ཀང་གི་རྒྱལ་མཚམས་སྒྲོལ་བའི་གཏོང་སྤྲོད་ཚེས22ཉིན་ཤར་གཏོང་ཐུབ་པ་དང་ས་གནས་གཉིས་ཀྱི་གྲོང་མིས་ལག་ཐོགས་ཁ་པར་ཐོག་ཕ་རོལ་པོའི་ལག་ཐོགས་ཁ་པར་ཨང་གྲངས་སམ་ཡང་ན་དངུལ་ཁང་གི་རྩིས་ཐོའི་ཨང་གྲངས་ནང་འཇུག་བྱས་ཚེ་རྒྱལ་མཚམས་སྒྲོལ་བའི་དངུལ་འགྲུལ་སོགས་བཀོལ་སྤྱོད་བྱས་ཆོག་པ་རེད།

  • ཚེས22ཉིན་དབྱི་རན་ནས་ཕྱིར་འཐེན་བྱས་པའི་ཀྲུང་གོའི་སྤྱི་དམངས་ཀྱི་གནས་སྐབས་དུས་གཏན་གནམ་གྲུ་གཉིས་པ་པེ་ཅིན་གྱི་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། གནམ་གྲུའི་ཐོག་ཁྱོན་འགྲུལ་པ119བསྡད་པ་ཚང་མ་ཀྲུང་གོའི་སྤྱི་དམངས་ཡིན་པ་རེད། 

  • ཚེས22ཉིན་ཕྱི་འབྲེལ་པུ་ན་རེ་ཨ་རིས་དབྱི་རན་གྱི་ཉིང་རྡུལ་སྒྲིག་བཀོད་ལ་རྡུང་རྡེག་གཏོང་བའི་ཐད་ཨ་རི་ཕྱོགས་ཀྱིས་དབྱི་རན་ལ་འཇབ་རྒོལ་བྱས་པ་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ལྟ་སྐུལ་དོ་དམ་འོག་གི་ཉིང་རྡུལ་སྒྲིག་བཀོད་ལ་རྒོལ་རྡུང་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ཉིན་མོ་པེ་ཅིན་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་། ཧོ་ནན། ཧྥུན་ཝེ་བདེ་ཐང་དང་དེ་བཞིན་ནང་སོག་དང་། ལེའོ་ཉིང་། ཅི་ལིན། ཞིན་ཅང་གི་ཇུན་གར་གཤོང་ས་དང་ཤིན་ཅང་ལྷོ་རྒྱུད་གཤོང་ས་སོགས་སུ་དྲོད་ཚད་35ཡན་གྱི་གནམ་གཤིས་ཡོད། 

  • འཕྲལ་སྡོམ་དོ་དམ་པུས་ཉེ་ཆར་ཉེན་གཡོལ་གྱི་དཔེ་མཚོན་གྱོད་གཞི10ཡོངས་བསྒྲགས་བྱས་པ་རེད། 

  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའི་དེ་སྔའི་ཅུ་ཀྲང་ཡུས་ཝུན་མིང་ལ་ལས་ཐོག་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་མིག་སྔར་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཚེས22ཉིན། ཀྲུང་གོའི་འགྲན་ཞུགས་པ་ཝང་ཞིན་ཡུས་ཀྱིསWTA500པོ་ལིན་ས་ཚིགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་དཀའ་སྤྱད་འབད་བརྩོན་གྱིས་འགྲན་སྡུར་ཐེངས་གསུམ་བྱས་པ་དང་། སྐར་གྲངས1-2ཀྱིས་འགྲན་ཐེངས་སྔོན་མའི་ཨང་དང་པོ་ལེན་མཁན་ཝན་ཀྲུའོ་སུའོ་ཝ་ལ་འགྲན་མ་ནུས་པར་ཨང་གཉིས་པ་ཐོབ་སྟེ་མི་སྒེར་གྱི་སྐོར་སྐྱོད་འགྲན་སྡུར་གྱི་ཁེར་རྒྱག་འགྲན་སྡུར་གྱི་གྲུབ་འབྲས་ཡག་ཤོས་བཏོད་པ་རེད།

  • 2025ལོའི་འཛམ་གླིང་བུད་མེད་སྟར་གྲུག་མཉམ་འབྲེལ་འགྲན་སྡུར་ཀྲུང་གོའི་ཞང་ཀང་ས་ཚིགས་སུ་ཚེས22ཉིན་མཇུག་བསྡུས་པ་དང་། ཀྲུང་གོའི་བུད་མེད་སྟར་གྲུག་རུ་ཁག་འགྲན་ཐེངས་འདིར་གསུམ་རྒྱལ་གཅིག་ཕམ་བྱུང་ཡོད། 

  • པེ་ཅིན་གྱི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གིས་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི“ལས་རིགས་ཡོལ་ལྡེམ་པའི”དྲིལ་བསྒྲགས་རྫུན་མ་ཐད་གཏོང་བྱས་པའི་དོགས་གཞི་ཡོད་པས། ཉེ་ཆར་པེ་ཅིན་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དེར་དངུལ་ཆད་སྒོར་ཁྲི10བཅད་པ་རེད།

  • ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་བདུན་པ་ཚེས22ཉིན་མཇུག་བསྒྲིལ་ནས་རྒྱལ་ཁབ་དང་ས་ཁུལ71ནས་ཡོང་བའི་གློག་བརྙན400ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།

  • ནན་ཉིང་འགག་སྒོའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཀོང་ཞིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར1735.4ཟིན་པ་དེ་དུས་མཚུངས་ལས13%འཕར་བ་དང་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

  • མའོ་མིང་མཚོ་དོན་ཅུས་ཚེས23ཉིན་གྱི་ཆུ་ཚོད6པ་ནས23བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་ལ་མདེལ་བརྫངས་འཕེན་གཏོང་སྦྱོང་བརྡར་བྱ་རྒྱུ་ཡིན་པས་ནང་འཛུལ་མི་ཆོག་པའི་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ཡོད།

སྲིད་ཇུས།

  • ལེའོ་ཉིང་གིས་བརྡ་ཐོ་བཏང་ནས་རང་མོས་ངང་ལག་ལེན་བསྟར་བའི་ཞིང་འཕྲུལ་མཉམ་ལས་ཁང་དང་། ཁྱིམ་ཚང་ཞིང་ར། ཞིང་འཕྲུལ་དུད་ཚང་ཆེ་གྲས་སོགས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་དང་ཞིང་འཕྲུལ་ལས་གཉེར་མཁན་ལ་མུའུ་རེར་ཁ་གསབ་མཐོ་ཤོས་སྒོར25སྤྲོད་རྒྱུ་རེད། 

  • སི་ཁྲོན་གྱིས་བརྡ་ཐོ་བཏང་ནས་ཁྲལ་འཇལ་ལོ་འཁོར་གཅིག་གི་ནང་ཟླ་རེར་ཆ་སྙོམས་དངོས་སུ་བཀོད་སྒྲིག་བྱས་པའི་དབང་པོ་སྐྱོན་ཅན་ལས་ཞུགས་མི་གྲངས་ཀྱིས་ལས་ཐོག་ལས་བཟོའི་བསྡོམས་འབོར་གྱི་བསྡུར་ཚད་དེ25%ལས་མཐོ་བ་ཡོད་པ་མ་ཟད། མི་གྲངས10ལས་མང་བའི་ཁྲལ་འཇལ་མཁན་ལ་ལོ་འཁོར་དེའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་རེད། 

  • ཁྲུང་ཆིང་གིས་བསམ་འཆར་བསྡུ་ལེན་བྱེད་སྐབས་སྤྱི་པའི་རླངས་འཁོར་འཇོག་ས་དང་སྡོད་ཁང་གཞིས་ཁུལ་དུ་གློག་གསོག་སྒྲིག་ཆས་ཆ་ཚང་ཞིག་བསྐྲུན་རྒྱུའི་གཏན་འབེབས་བྱས་ཡོད།

དེ་རིང་གི་གནམ་གཤིས།

  • ཅང་སུའུ་ཡི་ཤར་ལྷོའི་རྒྱུད་དང་། ཧྲང་ཧའེ། ཀྲེ་ཅང་གི་དབུས་བྱང་རྒྱུད། ཅང་ཞིའི་དབུས་རྒྱུད། ཧུའུ་ནན་དབུས་རྒྱུད་དང་ལྷོ་ནུབ་རྒྱུད། ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད། ཀོང་ཞིའི་བྱང་རྒྱུད། ཡུན་ནན་གྱི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧུའུ་ནན་ལྷོ་ནུབ་རྒྱུད་དང་ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།