དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-24 09:16:37   |   183

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 《དྲ་སྦྲེལ་སྟེགས་བུའི་ཁེ་ལས་ཀྱི་ཁྲལ་འབྲེལ་ཆ་འཕྲིན་འབུལ་སྐྱེལ་གཏན་འབེབས》ཁྱབ་བསྒྲགས་ལག་བསྟར་བྱས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས10ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་དྲན་གསོའི་བྱེད་སྒོའི་སྤྱི་ཁྱབ་བཀོད་སྒྲིག་ངོ་སྤྲོད་བྱ་རྒྱུ་རེད།

  • ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར3འཕྲལ་མར་བཏང་ནས། ཧུའུ་ནན་དང་།ཀོང་ཏུང་། ཁྲུང་ཆིང་སོགས་ཞིང་ཆེན(གྲོང་ཁྱེར)7གྱི་འབྲུབ་འགོག་གེགས་སེལ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་རེད། 

  • རྒྱལ་ཁབ་ནུས་རྒྱུ་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་འོད་ཤུགས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར10ལས་བརྒལ་བ་དེས་རང་རྒྱལ་གྱི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་གྱི་བསྡུར་ཚད་ཀྱི30%ཟིན་ཡོད། 

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་དུག་རྫས་གྱོད་གཞི་ཞིབ་གཅོད་མཇུག་སྒྲིལ་བྱེད་ཚད་དུས་མཚུངས་ལས་བཅུ་ཆ་གསུམ་ཙམ་ཆག་ཡོད་པ་རེད། ཉེ་བའི་ལོ་བཅུའི་རིང་རང་རྒྱལ་གྱི་དུག་ཚུལ་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། 

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་ནུས་རྒྱུ་ཟད་གྲོན་བྱེད་ཚད་རིམ་རྩིས་བྱས་ན11.66%ཆག་པ་དང་ནུས་གྲོན་ཐཱན་གཅོག་ཤུགས་མུ་མཐུད་ཆེ་རུ་ཕྱིན་ཡོད། 

  • ཉིའུ་ཧོ་ལྱིང་ཧུང་ཧྲན་རིག་གནས་གནའ་ཤུལ་གནའ་རྫས་རྟོག་ཞིབ་ལས་ར་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་དུ་ལོ་ངོ་ལྔ་སྟོང་གོང་ཅུང་གོ་རིམ་ལྡན་པའི་མཆོད་འབུལ་གུས་ལུགས་མ་ལག་ཅིག་ཆགས་ཡོད་པ་རེད། 

  • ཚེས23ཉིན་ཧྥུ་ཅན་གྱི་མཚོ་ཐོག་ཉེན་རྟོག་གིས་ཅིན་མོན་ཉེ་འགྲམ་དུ་གནས་པའི་མཚོ་ཁོངས་སུ་ཁྲིམས་ལྟར་རྒྱུན་རྣམ་གྱི་ཁྲིམས་འཛིན་སྐོར་ཞིབ་བྱས།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོའི་སྤྱི་དམངས3125དབྱི་རན་ནས་བདེ་འཇགས་ངང་ཕྱིར་འཐེན་བྱས་པ་དང་ཀྲུང་གོའི་སྤྱི་དམངས500ལྷག་ཙམ་བདེ་འཇགས་ངང་དབྱི་སི་རལ་ནས་ཁ་བྲལ་ཡོད་ཚུལ་ངོ་སྤྲོད་བྱས།

  • ཚེས23ཉིན་རྒྱལ་སྤྱིའི་ཨའོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རྩིས་སྤྲོད་ལེགས་གྲུབ་བྱུང་ཞིང་། ཐུའོ་མ་སི·པ་ཧོ་ལས་གནས་ནས་ཕྱིར་འཐེན་བྱས་པ་དང་། ལོ41ལ་སླེབས་པའི་ཙམ་པབ་ཝེའི་ཆུ་རྐྱལ་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཁོ་སི་ཏི·ཁའོ་ཝུན་གྱིས་འགན་གཞུག་བསྐྱངས་པ་རེད།

སྤྱི་ཚོགས།

  • པེ་ཅིན་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་། ཧོ་ནན་སོགས་ས་ཁུལ་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་རྒྱུན་མཐུད་རྒྱུ་ཡིན་པ་དང་། ས་ཁུལ་ཁག་ཅིག་གི་དྲོད་ཚད་མཐོ་ཤོས40℃ཡན་ཟིན་པས། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ཡོད།

  • ཚེས23ཉིན། 2025ལོར་རྨ་ཆུའི་ཆུ་འདྲེན་བྱེ་སྙོམས་མགོ་ཚུགས་པ་རེད། སྔོན་དཔག་བྱས་ན་ད་ཐེངས་ཀྱི་ཆུ་འདྲེན་བྱེ་སྙོམས་དེ་ཟླ7ཚེས9ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་བྱེ་མ་འབུད་ཚད་ཏུན་དུང་ཕྱུར1ཟིན་རྒྱུ་རེད།

  • ཧྲང་ཁུན་མྱུར་བགྲོད་ལྕགས་ལམ་གྱི་ཧང་ཀྲོའུ་ཤར་ནས་ཁྲང་ཧྲ་ལྷོའི་དུམ་མཚམས་ཀྱི་ཆུ་ཚོད་རེར་སྤྱི་ལེ350ཡི་མྱུར་ཚད་མགྱོགས་སུ་གཏོང་བའི་ཚོད་ལྟ་ལེགས་གྲུབ་བྱུང་ཡོད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཁྱིམ་སྤྱོད་འཁྱགས་སྒམ་གྱི་ནུས་རྒྱུའི་ཚད་གཞི་གསར་སྒྱུར་རིམ་སྤོར་བྱས་པས་ཤོང་ཚད་བེད་སྤྱོད་བྱེད་ཚད་ཀྱི་བླང་བྱ་གསར་དུ་བསྣན་ནས། ཁེ་ལས་ཀྱིས་ནུས་པ་ཆེ་བ་དང་བོངས་ཚད་ཆུང་བ་ཅན་གྱི་ཚ་སེལ་རྒྱུ་ཆ་སྤྱོད་རྒྱུར་སྐུལ་འདེད་བཏང་ཡོད།

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ལྔ་པ་ནས་བཟུང་རྒྱལ་ཡོངས་ཀྱི་ཕག་པའི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ་དང་ཕག་པའི་རིན་གོང་འཕར་ཆག་བྱེད་ཚད་ཆུང་དུ་ཕྱིན་ཡོད་པ་རེད།

  • ནང་སོག་གི་ཝུའུ་ཧའེ་གྲོང་ཁྱེར་དང་། ཧྲན་ཏུང་གི་ཙི་པོ་གྲོང་ཁྱེར་དང་ཏེ་ཀྲོའུ་གྲོང་ཁྱེར་བཅས་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལས་དོན་ཡག་པོ་མ་བྱུང་བར་ཡོངས་བསྒྲགས་སུ་བརྡ་ཁྱབ་བཏང་བ་རེད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལིའུ་ཡུའེ་ཅིན(པུའུ་ཀྲང་གཞོན་པའི་རིམ་པ)གྱི་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལིའུ་ཡུའེ་ཅིན་གྱིས་ལྐོག་རྔན་སྒོར་དུང་ཕྱུར1.21ལྷག་ཙམ་བླངས་པས་དུས་འགྱངས་སྲོག་ཆད་གཅོད་རྒྱུ་རེད།

  • ཅང་སུའུ་སྤྱི་བདེ་ཡིས“གླང་སེར”གྱིས“ཅང་སུའུ་སྦྲེལ་འགྲན”གྱི་སྒོ་འཛིན་ལྐོག་ཚོང་བྱེད་པའི་གནད་དོན་ལ་གཅིག་སྡུད་ཐོག་རྡུང་རྡེག་བཏང་བ་དང་མི105འཛིན་བཟུང་བྱས་ཡོད།

  • དེ་རིང་ནི“ཧང་ཀྲོའུ་ཞི་ཧུའུ་ཉིན་མོ”དྲུག་པ་དེ་ཡིན་པ་དང་། ཞི་ཧུའུ་མཛེས་ལྗོངས་ཁུལ་ཁོངས་གཏོགས་ཀྱི་གྲོན་བསྡུའི་མཛེས་ལྗོངས་ཁུལ(“ཆུ་རྫིང་གསུམ་གྱི་ཟླ་བའི་མཚན་མོ”ཕུད)ལ་སྒོ་འཛིན་མི་དགོས་པ་རེད།

  • ཉེ་དུས་ཆར་པ་བསྟུད་མར་བབས་ཏེ་ཆུ་རྒྱས་པའི་ཤུགས་རྐྱེན་ཐེབས་པས། ཀོང་ཞིའི་ཀྲུང་གོ་དང་ཝེ་ཐེ་ནམ་མཐའ་མཚམས་ཀྱི་ཏེ་ཐེན་རྒྱལ་སྒྲོལ་རྦབ་ཆུའི་དེ་སྔའི་དྭངས་གཙང་གི་རྣམ་པ་འགྱུར་ནས་བརྗིད་ཉམས་ལྡན་པའི“གསེར་ལྡན་རྦབ་ཆུའི”མཛེས་ལྗོངས་ཤིག་མངོན་ཡོད།

སྲིད་ཇུས།

  • 《ཅི་ལིན་ཞིང་ཆེན་གྱི་བུ་བཙའི་གུང་གསེང་རིང་གི་མ་གནས་ཁ་གསབ་ལམ་ལུགས་ལག་བསྟར་ཞིབ་སྲོལ》ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་མི་སྤྱོད་སྡེ་ཚན་ལ་བུ་བཙའི་གུང་གསེང་རིང་གི་མ་གནས་ཁ་གསབ་སྤྲོད་རྒྱུ་དང་ཕྲུ་གུ་སྐྱེས་པའི་བུད་མེད་ལས་བཟོ་རེར་ཁ་གསབ་སྒོར2000སྤྲོད་རྒྱུ་རེད།

  • ཁྲུང་ཆིང་གིས《ཟ་ཁང་མེད་པའི་ཕྱིར་ཚོང་གཉེར་སྐྱོང་ཞབས་ཞུའི་ཚད་གཞིའི》ཚོགས་པའི་ཚད་གཞི་ཁྱབ་བསྒྲགས་བྱས་ནས་ཟ་ཁང་མེད་པའི་ཚོང་པས་དུས་ཐོག་ཏུ་བཟའ་བཅའ་ལས་སྣོན་གྱི་བརྒྱུད་རིམ་འགྲེམས་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • སི་ཁྲོན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས་སྲིད་ཇུས་རང་བཞིན་གྱི་ལས་གནས་གཞི་ཁྱོན་ཆེ་རུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་རམ་འདེགས་དང་ཚན་ཞིབ་ལས་རོགས་སོགས་སྲིད་ཇུས་རང་བཞིན་གྱི་ལས་གནས་འཛུགས་པ་དང་གསར་སྤེལ་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

  • ཀན་སུའུ་ལྷོ་རྒྱུད་དང་། ཁྲོན་ནུབ་ས་མཐོའི་བྱང་ཤར་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད། ཀོང་ཞིའི་བྱང་རྒྱུད། ཧུའུ་ནན་གྱི་དབུས་ལྷོ་རྒྱུད། ཅང་ཞིའི་དབུས་རྒྱུད། ཀྲེ་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་པ་དང་། དེའི་ནང་སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།