དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-25 08:58:09   |   147

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

图片11.jpg

  • ཟླ6ཚེས24ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་དང་མཇལ་འཛོམས་གནང་བ་རེད།

  • ཟླ9ཚེས3ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་རྒྱུ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་སྤྱི་ཁྱབ་བཀོད་སྒྲིག་ངོ་སྤྲོད་བྱས་པ་རེད། 

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར1.96མང་དུ་ཕྱིན་པ་དེ་དུས་མཚུངས་ལས57%འཕར་ཡོད། 

  • ཚེས24ཉིན་ནོར་སྲིད་པུས2025ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་དཔེ་སྟོན་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ནས་དཔེ་སྟོན་ཁུལ90ལ་མ་དངུལ་སྒོར་དུང་ཕྱུར22.8ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། 

  • ཀྲུང་དབྱང་དངུལ་ཁང་སོགས་སྡེ་ཁག་དྲུག་གིས་ཚེས24ཉིན་ཡིག་ཆ་བཀྲམས་ནས་བྱེད་ཐབས་ཁག19བཏོན་པ་དང་། འཛད་སྤྱོད་ཀྱི་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ལ་དམིགས་ནས་ཚོང་ཟོག་འཛད་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་ཀྱི་དངུལ་རྩའི་མཁོ་སྤྲོད་ལ་ཤུགས་བརྒྱབ་སྟེ་འཛད་སྤྱོད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱས་ཡོད། 

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས23ཉིན་གྱི་ཆུ་ཚོད8པ་ནས་ཚེས24ཉིན་གྱི་ཆུ་ཚོད8པའི་བར་ཆར་བབས་པའི་རྐྱེན་གྱིས་རྒྱལ་ཡོངས་ཀྱི་ཆུ་བོ20ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད་པ་རེད། མིག་སྔར་ཆུ་བེད་པུས་ཀྲེ་ཅང་དང་། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཀོང་ཞི། ཀུའེ་ཀྲོའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་ཆུ་ལོག་འགོག་སྲུང་རིམ་པའི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་ཡོད། 

  • ཀྲུང་གོའི་ཁེ་ལས་དང་ཐོན་རྫས་ཡོ་རོབ་མནའ་འབྲེལ་གྱི་སྨན་བཅོས་ཡོ་བྱད་ཀྱི་སྤྱི་པའི་ཉོ་སྒྲུབ་ནང་ཞུགས་རྒྱུར་ཚོད་འཛིན་བྱས་པར་དམིགས་ནས་རང་རེའི་ཚོང་དོན་པུས་ཀྲུང་གོ་ཕྱོགས་ཀྱིས་དེར་ཡིད་མི་ཚིམ་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅིང་། ཡོ་རོབ་ཕྱོགས་ཀྱིས་ནོར་འཁྲུལ་གྱི་བྱེད་ཐབས་འཕྲལ་མར་ཡོ་བསྲང་བྱེད་དགོས་པའི་སྐུལ་མ་བཏང་བ་མ་ཟད་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།

  • ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དབྱི་སི་རལ་དང་དབྱི་རན་བར་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་པའི་ཁྱབ་བསྒྲགས་བྱས་པའི་ཐད་ཕྱི་འབྲེལ་པུས་ཚེས24ཉིན་ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་ས་ཁུལ་གྱི་དུས་བབ་འཕེལ་རྒྱས་ལ་ཚད་མཐོའི་དོ་ཁུར་བྱེད་པ་ལས་ཛ་དྲག་གི་དུས་བབ་རེས་སྐོར་གྱིས་ཆེ་རུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་མེད་པས་དམག་མཚམས་འཇོག་རྒྱུ་གང་མགྱོགས་མངོན་འགྱུར་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

图片22.jpg

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོའི་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་ཉེན་ཟོན་སྔོན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས24ཉིན་གྱི་ཆུ་ཚོད20ནས་ཚེས25ཉིན་གྱི་ཆུ་ཚོད20བར་ཧུའུ་པེ་དང་། ཧུའུ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་ས་ཁུལ་ཁག་ཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པ་རེད།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་མྱུལ་ཞིབ་ཐིང་གི་སྒོ་བྱང་དངོས་སུ་བཀལ་ནས་གསར་དུ་བཙུགས་པ་རེད།

  • ཚེས24ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཁྲུང་ཆིང་དང་ཀུའེ་ཀྲོའུ་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞིའི་འཕྲལ་སྡོམ་དང་ལེན་བྱེད་མགོ་བཙུགས་ཏེ། ལས་དོན་ཚོ་ཆུང་ཀུའེ་ཀྲོའུ་རུ་གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་ཉེན་སེལ་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་བཏང་བ་རེད།

图片33.jpg

  • ཚེས24ཉིན། G76ཞ་རུང་མྱུར་བགྲོད་གཞུང་ལམ་གྱི་ཀོ་ཏུའུ་ལམ་ཐིག་གི་སྤྲེའུ་གཙང་པོའི་རབ་ཆེའི་ཟམ་པ་རྒྱུན་མཐུད་ཆར་པ་བབས་པའི་རྐྱེན་གྱིས་རི་ཉིལ་ནས་ཟམ་པ་བརྡིབས་པ་དང་ཡུལ་དངོས་སུ་མི་སྣ་ཤི་རྨས་བྱུང་མེད་པ་རེད།

  • མིག་སྔའི་བར་ཧྲང་ཧའེ་དང་། ཐེན་ཅིན། ཁྲུང་ཆིང་སོགས་ཀྱིས་མཐོ་རྒྱུགས་ཀྱི་སྐར་གྲངས་ཁྱབ་བསྒྲགས་བྱས་ཡོད།

  • ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཏའེ་ཏའོ་ཅིན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཏའེ་ཏའོ་ཅིན་གྱིས་ལྐོག་རྔན་སྒོར་དུང་ཕྱུར1.07ལྷག་ཙམ་བླངས་པས་ཕྱིར་འགྱངས་སྲོག་ཁྲིམས་བཅད་ཡོད།

图片44.jpg

  • ཚེས23ཉིན། ཀྲུང་གོའི་འགྲིགས་པ་དབྱང་ཁའེ་ཝུན་གྱིས་སྐབས15པའི་ཁྲུན་ལན་བུམ་པའི་འཛམ་གླིང་ལས་རིགས་སྐོར་འགྲིགས་གཟེངས་རྟགས་འགྲན་སྡུར་གྱི་མཐའ་འགྲན་ནང2:1གིས་ཧན་གོའི་འགྲིགས་པ་ཕུའུ་ཐིང་ཧོན་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་སྐོར་འགྲིགས་ཀྱི་འཛམ་གླིང་གི་ཨང་དང་པོ25པར་གྱུར་པ་རེད།

  • སྤྱི་བདེ་པུའི་དྲ་བའི་བདེ་འཇགས་ཅུས་ཚེས24ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སྐྱེས་པ་ཞིག་གིསAIསྤྱད་དེ“ལས་བྱེད་པས་སྟབས་བདེའི་ཐུག་པ་ཉོས་ནས་བརྡ་ཁྱབ་བཏང”ཞེས་དཀྲོག་གཏམ་བཟོས་པ་དང་མིག་སྔར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་ཡོད་པ་རེད།

图片55.jpg

  • ཉེ་ཆར་རང་རྒྱལ་གྱི་ནུས་ཆེའི་སྭེལ་འོད་གློག་ལྡབ་འཕར་འཕྲུལ་ཆས་ཀྱི་ཐུམ་སྒྲིལ་ཐོན་སྐྱེད་སྐུད་པ་བདེ་བླག་ངང་ཤར་གཏོང་ཐུབ་པ་མ་ཟད་ལྷུ་ལག་ལེགས་ཚད90%ལྷག་ཙམ་གྱི་དམིགས་ཚད་སྔ་སྣུར་དུ་གྲུབ་པ་དང་། དེས་རྒྱལ་ནང་གི་ནུས་ཆེའི་སྭེལ་འོད་གློག་ལྡབ་འཕར་ཡོ་བྱད་ཀྱི་ཐོན་རྫས་རང་རྒྱལ་གྱིས་ཐོན་སྐྱེད་ཐུབ་པ་མཚོན་ཡོད།

སྲིད་ཇུས།

  • ཧོ་པེས་ཡིག་ཆ་བཀྲམས་ནས་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱི་བཟོ་ལས་ཇུས་འགོད་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས་ལ་དངོས་ཡོད་གཏོང་སྒོའི་50%གཞིར་བཟུང་རོགས་སྐྱོར་བྱས་པ་དང་རྣམ་གྲངས་རྐྱང་པར་ཁ་གསབ་མཐོ་ཤོས་སྒོར་ཁྲི100སྤྲད་པ་རེད།

  • ཀོང་ཞིས་ཡིག་ཆ་བཀྲམས་ནས་ཟླ7ཚེས་1ཉིན་ནས་བཟུང་ལས་ཤོར་འགན་བཅོལ་དངུལ་ལེན་མཁན་བུ་བཙའི་འགན་བཅོལ་ཁྱབ་ཁོངས་ནང་བཅུག་ནས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་དང་མཉམ་དུ་བུ་བཙའི་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།

  • ཧྲན་ཞིས་བྱེད་ཐབས་བཏོན་ནས་ལས་བཟོའི་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། གཞི་རིམ་བཟོ་ཚོགས་ཀྱིས་བུ་བཙའི་སྲིད་ཇུས་དང་མཐུན་པའི་ཚོགས་མིར་ཕྲུ་གུ་དང་པོ་དང་། ཕྲུ་གུ་གཉིས་པ། ཕྲུ་གུ་གསུམ་པ(ཡན)བཅས་ལ་གཞིགས་ནས་སྒོར1500དང་། སྒོར2000། སྒོར་2500བཅས་ཀྱི་ཚད་གཞི་ལས་མི་བརྒལ་བའི་འཚམས་འདྲིའི་དངོས་པོ་སྤྲད་པས་བཟའ་ཚོ་གཉིས་ཀས་ལོངས་སུ་སྤྱོད་ཆོག་པ་རེད།

དེ་རིང་གི་གནམ་གཤིས།

图片66.jpg

  • ཧུའུ་པེ་དང་། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད། ཧོ་ནན་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧུའུ་པེའི་དབུས་ནུབ་རྒྱུད་དང་། ཧུའུ་ནན་གྱི་ནུབ་བྱང་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཁྲུང་ཆིང་གི་དབུས་ཤར་རྒྱུད། ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་ཡིན་པ་དང་ས་ཁུལ་ཁག་ཅིག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།