དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-26 09:08:07   |   42

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ6ཚེས25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས།

  • ཞིང་ཆེན31གི2025ལོའི་མཐོ་རྒྱུགས་སྐར་གྲངས་ཀྱི་ཚད་གཞི་གཅིག་རྗེས་གཉིས་མཐུད་ངང་ཡོངས་བསྒྲགས་བྱས།

  • གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གློག་འཕྲིན་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར7488ཟིན་པ་དེ་དུས་མཚུངས་ལས1.4%འཕར་ཡོད།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་སྤྱོད་ས་ཆ་ཁྲིམས་འགལ་ངང་བཟུང་སྤྱོད་བྱེད་པའི་ཉེས་དོན་གྱོད་གཞི1000ལྷག་ཙམ་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ་དང་ཉེས་གསོག་དོགས་གཞི་ཅན2600ལྷག་ཙམ་འཛིན་བཟུང་བྱས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར2བཏང་ནས་ཀུའེ་ཀྲོའུ་སོགས་ས་ཆའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་བྱུང་རྗེས་འཕྲལ་སྡོམ་སླར་གསོ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

  • ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་ཉེ་ཆར་གནམ་གྲུ་བདམས་ནས་གྲུ་ཚང་ནས་ཕྱིར་སྐྱོད་པའི་བྱེད་སྒོ་ཐེངས་གཉིས་པ་སྤེལ་རྒྱུ་རེད།

图片1111.png

  • ཚེས25ཉིན“ཟབ་མཚོ་ཨང་དང་པོའི”རླངས་ཞིང་ཆེ་གྲས་ཀྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། དེས་རང་རྒྱལ་གྱི་མཚོ་ཐོག་རླངས་ཞིང་ཆེ་ཤོས་བསྐྲུན་ཟིན་པ་མཚོན་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ7ཚེས1ཉིན་ནས2027ལོའི་ཟླ12ཚེས31ཉིན་བར། ཐའེ་ཝན་གྱི“ཐོག་ཞུའི་རིགས”ཀྱིས་ཐའེ་ཝན་གྱི་སྤུན་ཟླའི་ལག་ཁྱེར་གཉེར་རྒྱུའི་རེ་ཞུ་བྱས་ན་གྲོན་དངུལ་རྩ་ཆག་གཏོང་རྒྱུ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས23ཉིན་ནས་བཟུང་། ཨ་རིས་ངར་ལྕགས་ཀྱིས་བཟོས་པའི་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ལ་ཁྲལ་སྣོན་པའི50%སྒོ་ཁྲལ་དངོས་སུ་ཕན་ནུས་ལྡན་པ་རེད།

སྤྱི་ཚོགས།

图片222.png

  • རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་བཏང་ནས། སྔོན་དཔག་བྱས་ན་དེ་རིང་ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་། བྱང་རྒྱུད། ཤར་ལྷོའི་རྒྱུད། ཡུན་ནན་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པ་རེད།

  • ཟླ6ཚེས12ཉིན་བར་རྒྱལ་ཡོངས་ཀྱི་ཞིང་ཆེན13གྱི་སྤྱི་འདོམས་ཁུལ་ཚང་མའི་བུ་བཙའི་ཕོགས་སྣོན་ཚང་མ་མི་སྒེར་ལ་ཐད་ཀར་སྤྲད་ཆོག་པ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་གི“རེའུ་མིག་ཀུན་མཐོང”རྒྱུན་མཐུད་གསར་བརྗེ་བྱས་ནས་ས་གནས་ཁག་གིས་འཕྲེད་ཕྱོགས་བསྡུར་བ་དང་ས་ཁོངས་མཐུན་སྦྱོར་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

  • ཚེས25ཉིན་ཞིང་ལས་གྲོང་གསེབ་པུའུ་དང་། སྤྱི་བདེ་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་ཉེན་ཁའི་དྲན་སྐུལ་ཁྱབ་བསྒྲགས་བྱས་ནས་རྒྱ་ཆེའི་ཞིང་པར“མངགས་ཐོའི་ཞིང་ལས”ཀྱི་གཡོ་ཐབས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

  • ཧའེ་ནན་ཞིང་ཨུའི་རྒྱུན་ཨུ་དང་དྲུང་ཆེ་ཉི་ཆང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

图片3333.png

  • ཚེས21ཉིན་གྱི་དགོང་མོར། དོམ་ཁྲ“ལིང་ལང”གིས་ཝོ་ལུང་ཧྲེང་ཧྲུའུ་ཕིང་རྟེན་གཞིར་ཕྲུ་གུ་གཅིག་སྐྱེས་པ་དང་། དེ་ནི་ད་ལོའི་དོམ་ཁྲའི་ལྟེ་གནས་སུ་གསོས་པའི་དོམ་ཁྲའི་ཁྱུ་ཚོགས་ལས་སྐྱེས་པའི་ཕྲུ་གུ་ཐོག་མ་དེ་རེད།

  • མིག་སྔའི་བར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་བླངས་ཞབས་ཞུའི་དཔུང་ཁག་ཁྲི30ཙམ་ཡོད་པ་དང་དང་བླངས་པའི་མི་གྲངས་ཁྲི3500ལས་བརྒལ་ཡོད།

  • ཉིན་ཤས་གོང་། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་དགུ་པ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་ཅིང་། སྐབས་འདིའི་ལྷོ་ཨ་ཧྥེ་རི་ཁའི་དངོས་མང་སྟོན་ཚོགས་ཀྱིས་དངུལ་འཇོག་མཉམ་ལས་རྣམ་གྲངས31ལ་མིང་རྟགས་བཀོད་པར་དངུལ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར136.09ཟིན་པ་དེ་སྐབས་གོང་མ་ལས33%འཕར་ཡོད།

图片44444.png

  • ཅང་ཞིའི་ཧའེ་ཧུན་ཧོའུ་ཡི་བང་སོ་ནས་ད་ལྟའི་བར་ཆེས་སྔ་བའི་རང་རྒྱལ་གྱི་ལྕགས་བཟོས་སྨན་སྤྱོད་ཁབ་ཕྲན་ཤེས་རྟོགས་བྱུང་བ་དང་། དེས་ཀྲུང་གོའི་ཁབ་བཙའ་བྱུང་འཕེལ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

图片555.png

  • ཚེས27ཉིན། སྐར་མ་ལྷག་པའི་འགྲམ་དུ་ཟླ་བ་སླེབས་ནས་ཟླ་བ་དང་སྐར་མ་ལྷག་པ་མཉམ་དུ་གནས་པས། སྤྲོ་བ་ལྡན་པའི་སྤྱི་དམངས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་ཆོག

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གནད་ཆེན་གདེང་འཇོག་དང་བྱ་དགའ་སྤྲོད་ཐབས་ཁྱབ་བསྒྲགས་བྱས་ནས། ཕུལ་བྱུང་གི་སྒྲིག་བཀོད་ལ་སྒོར་ཁྲི་1500ལྟར་བྱ་དགའ་སྤྲོད་པ་དང་། སྒྲིག་བཀོད་ཡག་པོ་ཐོབ་པར་སྒོར་ཁྲི1000ལྟར་བྱ་དགའ་སྤྲོད་པ། ཚད་ལྡན་གྱི་སྒྲིག་ཆས་ལ་སྒོར་ཁྲི500ཡི་བྱ་དགའ་སྤྲོད་རྒྱུ་རེད།

  • ཧྲན་ཞིས་བརྡ་ཐོ་བཏང་ནས་ལས་རིགས་བརྒྱའི་ལས་རིགས་རྩལ་ནུས་མཐོར་འདེགས་བྱ་སྤྱོད་སྤེལ་ནས་ལོ་གསུམ་རིང་རིགས་སོ་སོའི་མི་ཐེངས་ཁྲི240ཡན་གསོ་སྦྱོང་བརྩོན་ལེན་བྱ་རྒྱུ་རེད།

  • སི་ཁྲོན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས་ཞབས་ཞུའི་འགྲོ་གྲོན་མཐོན་པོ་དང་། སྟེགས་བུའི་བླང་ཆ་མཐོན་པོ། “ལྟས་རྟོག་རྩིས་ཁྲ”སོགས་ཀྱི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱས་ཏེ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་དྲ་ཐོག་རླངས་འཁོར་གྱི་ཁ་ལོ་བའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

དེ་རིང་གི་གནམ་གཤིས།

图片6666.png

  • ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད་དང་། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་བྱང་ཤར་རྒྱུད། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཧུའུ་པེའི་དབུས་རྒྱུད། ཧོ་ནན་གྱི་ཤར་ལྷོའི་རྒྱུད། སུའུ་ཝན་གྱི་བྱང་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད། དེ་བཞིན་ཀོང་ཏུང་གི་ལྷོ་རྒྱུད་མཚོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧུའུ་པེའི་བྱང་ཤར་རྒྱུད་དང་། ཧུའུ་ནན་བྱང་རྒྱུད། ཀུའེ་ཀྲོའུ་དབུས་རྒྱུད།ཀོང་ཏུང་གི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།