དེ་རིང་ནི2025ལོའི་ཟླ06པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-06-30 09:24:45   |   73

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་རེ་བ་ནན་པོ་བཏོན།

  • སྡོད་འཛུགས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་གི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁུག་མའི་སྤྱི་གླིང་ཁྲི4.8ལྷག་ཙམ་བསྐྲུན་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་ལྗང་མདོག་བར་མཐོངས་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བཞིན་ཡོད་པ་རེད།

  • ཀྲུང་གོའི་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ཟོག་འགྲེམ་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི5.6ཡིན་པ་དང་། སྣ་མང་མཉམ་འདྲེན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《བཟའ་བཅའི་ཁ་གསབ་ཞིབ་བཤེར་བྱེད་ཐབས་ཀྱི་ཁས་ལེན་གཙོ་འགན་ལས་ཀའི་ཇུས་གཞི》ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཡོངས་ལ་བཟའ་བཅའི་ཞིབ་བཤེར་བྱེད་ཐབས་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་འགོག་རགས་སྔར་བས་བརྟན་དུ་བཏང་ཡོད།

  • རང་རྒྱལ་གྱི་གློག་གཏོང་ཆེད་ལས་ཀྱི་དཔེ་དབྱིབས་ཆེན་པོ་ཐོག་མ་སྟེ། ཆིང་ཡོན(擎源)པེ་ཅིང་དུ་ཁྱབ་བསྒྲགས་བྱས་ནས་བདེ་འཇགས་དང་། ནུས་ཆེ། ལྗང་མདོག རིག་ལྡན་བཅས་ཀྱི་གློག་གཏོང་བར“རིམ་འདས་ཀླད་ཆེན”མཁོ་འདོན་བྱས་ཡོད།

  • རང་རྒྱལ་གྱིས་བཟོས་པའི་ཡན་ལག་མཁའ་ལམ་གྱི་འགྲུལ་སྐྱེལ་གནམ་གྲུC909ཚོང་ལས་གཉེར་སྐྱོང་བྱས་ནས་ལོ་དགུ་ལོན་པ་དང་། ཁྱོན་ཁྲོམ་རར་གནམ་གྲུ166རྩིས་སྤྲོད་བྱས་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི2400ལས་བརྒལ་ཡོད།

  • བརྟག་དཔྱད་མི་སྣས་ཞིན་ཅང་དུ་ཐེན་ཧྲན་གྱི་ལྷོ་འདབས་སུ་སྤྱི་ལེ་སྟོང་འཕྲེད་བརྒལ་བྱས་པའི“སེ་འདུའི་སྐེ་རགས”ཞིག་རྙེད་པ་དང་། གཞི་རྒྱུ་སེ་འདུས་པའི་ས་ཆ་མུའུ་ཁྲི4900ཙམ་ཡོད་པའི་ནང་གཞི་རྒྱུ་སེ་འདུས་པའི་རྨོ་ཞིང་མུའུ་ཁྲི1130ཡོད་པ་རེད།

1.jpg

  • མཚོ་དམག་ཧྲན་ཏུང་མ་གྲུའི་དཔུང་རུས་ཟླ7པའི་ཚེས3ནས་ཚེས7ཉིན་བར་ཞང་ཀང་ལ་འཚམས་འདྲི་བྱ་རྒྱུ་དང་། དེའི་རིང་དཔུང་རུའི་དམག་གྲུ་དེ་ཞང་ཀང་གི་གྲོང་མིས་ལྟ་སྐོར་བྱས་ཆོག་པ་རེད།

  • ཟླ6པའི་ཚེས28ནས་ཚེས29ཉིན་བར་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱི་མཐའ་མཚམས་ཐུག་འཕྲད་ཐེངས་དང་པོ་ཀོང་ཞི་ནན་ཉིང་དུ་འཚོག་རྒྱུ་རེད།

  • ཚེས28ཉིན་ཨ་རིའི་ཁེ་ལས་མཁས་ཅན་ཨའེ་ལུང·མ་སི་ཁེས་ཙུང་ཐུང་ཁྲོམ་ཕུ་ཡིས་ཁྱབ་གདལ་བཏང་བའི“ཆེ་ཞིང་འཛེས”ཞེས་པའི་ཁྲལ་འབབ་དང་གཏོང་སྒོའི་ཁྲིམས་གཞིར་སླར་ཡང་སྐྱོན་བརྗོད་བྱས་པ་རེད།

སྤྱི་ཚོགས།

  • ཆུ་བེད་པུས་ཚེས29ཉིན་ཁྲུང་ཆིང་དང་། སི་ཁྲོན། ཀན་སུའུ་བཅས་ལⅣརིམ་པའི་ཆུ་ལོག་སྔོན་འགོག་གི་འཕྲལ་སྡོམ་དང་ལེན་བྱེད་མགོ་བརྩམས།

  • ཀུའེ་ཀྲོའུ་རུང་ཅང་རྫོང་གིས་འབྲུབ་འགོགⅠརིམ་པའི་འཕྲལ་སྡོམ་དང་ལེན་མཚམས་འཇོག་བྱས་པ་རེད། ས་གནས་དེ་གར་འཚོ་བའི་དངོས་ཟོག་གནས་སྐབས་ལེན་ས7བཙུགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་ཡོད།

2.jpg

  • ཚེས29ཉིན། ཀྲུང་གོའི་ཉིང་རྡུལ་ཆུ་འཛུལ་དམག་གྲུའི་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཧོང་ཤུས་ཧྭ་ཡི་པུར་ཐལ་འཇོག་པའི་མཛད་སྒོ་ཕ་ཡུལ་ཀོང་ཏུང་ཧྲན་ཝུའེ་རུ་སྤེལ།

3.jpg

  • འགྲེམས་སྤེལ་བྱེད་ཚད་ཁྲི་སྟོང་ལས་བརྒལ་བའི《གནའ་རབས་རྒྱ་ཡིག་གི་ཚིག་མཛོད》ཀྱི་པར་གཞི་གསར་པ་བཏོན་པ་དང་། བསྡུ་ལེན་ཡི་གེའི་མགོ་གྲངས16000ཙམ་དང་ཡིག་འབྲུ་མང་བའི་བརྡ་ཆད28000ཙམ་འདུས་ཡོད་པ་རེད།

4.jpg

  • ཧྲང་ཧའེ་ལྟེ་བའི་གྲོང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆ་ལག་མ་ཚང་བའི་སྡོད་ཁང་རྙིང་པའི་སྒྱུར་བཀོད་རྣམ་གྲངས་ཏེ་ཅིང་ཨན་ཕེང་དབྱི་གཞིས་ཁུལ་དངོས་སུ་ཕྱིར་ལོག་བྱེད་མགོ་ཚུགས་པ་དང་། གྲོང་མི་ཁྱིམ་ཚང2110སླར་ཡང་ས་ཁུལ་རྙིང་པར་ཡོད་པའི་ཁང་པ་གསར་པར་ལོག་པ་རེད།

  • ད་ལོའི་ཟླ6པའི་ཚེས28ཉིན་བར། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ས་མཚམས་ནས་འགྲོ་འོང་བྱེད་པའི“ཞང་ཀང་རླངས་འཁོར་བྱང་སྐྱོད”ཀྱི་གྲངས་འབོར་ཐེངས་གྲངས་ཁྲི100ལས་བརྒལ་བ་དེ་ན་ནིང་ལས་ཉིན72སྔ་སྣུར་བྱས་ཡོད།

  • ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ལྡོག་རྩིས་དུས་ཚོད་དུ་སླེབས་པ་དང་། འགྲན་ར་27གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་ཟིན་ནས་ཁག་གཅིག་ཞིབ་བཤེར་རྩིས་ལེན་གྱི་དུས་མཚམས་སུ་སླེབས་ཡོད་པ་རེད།

  • ཉིང་ཞ་ནས་ཧུའུ་ནན་བར་གྱི་སྟོང་ཧྥུའུ±800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་ཚོད་ལྟ་བྱས་ཚར་ནས་ཧུའུ་ནན་ལ་གློག་གཏོང་མགོ་ཚུགས།

  • མཚོ་སྔོན་གྱི་འབབ་རྒྱུད་ལས་བརྒལ་བའི་ཆུ་འདྲེན་ལས་གྲྭ་ཆེ་ཤོས་ཏེ་རྟ་ཐང་ཆུར་ཙོང་ཆུར་འདྲེན་པའི་ལས་གྲྭ་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་ནས་འཁོར་སྐྱོད་བྱས་པ་དང་། དེས་མཚོ་སྔོན་ཤར་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

སྲིད་ཇུས།

  • ད་ལོའི་སྟོན་དུས་ཀྱི་སློབ་དུས་མགོ་ཚུགས་པ་ནས་བཟུང་། པེ་ཅིང་གི་སློབ་གྲྭ་འབྲིང་ཆུང་གིས་མི་ཐབས་རིག་ནུས་ཀྱི་ཀུན་ཤེས་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ནས་ལོ་རེར་སློབ་ཚན་བརྒྱད་ལས་མི་ཉུང་བ་བཀོད་སྒྲིག་བྱ་རྒྱུ་རེད།

  • ཧྲན་ཏུང་གིས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ནས་འཕྲུལ་མིའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱིས་ལག་རྩལ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་སྐབས་བཟོ་ལས་འཕྲུལ་མིའི་སྒྲིག་ཆས་ཉོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཧྲང་ཧའེ་ཡིས་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་བདེ་འཇགས་གཉེར་སྐྱོང་གི་སྒྲིག་སྲོལ་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་ཏེ། སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་ཆེ་གྲས་གཉེར་སྐྱོང་བྱེད་དུས་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་ཚེ་སྒྲིག་ཆས་གཏོང་མཚམས་བཞག་ནས་ཞིབ་བཤེར་བྱེད་པ་དང་གནད་དོན་ཡོད་པའི་ངང་ནས་གཉེར་སྐྱོང་བྱེད་པ་གཏན་འགོག་བྱེད་དགོས།

དེ་རིང་གི་གནམ་གཤིས།

5.jpg

  • སི་ཁྲོན་གྱི་ཤར་རྒྱུད་དང་། ཧྲའན་ཞིའི་ལྷོ་རྒྱུད། ཁྲུང་ཆིང་གི་དབུས་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་བཅས་དང་དེ་བཞིན་ལེའོ་ཉིང་གི་ཤར་རྒྱུད། ཅི་ལིན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་སི་ཁྲོན་གྱི་ཤར་རྒྱུད་དང་ཁྲུང་ཆིང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་དང་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།