དེ་རིང་ནི2025ལོའི་ཟླ07པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-01 09:24:40   |   48

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ6པའི་ཚེས30ཉིན་ཚོགས་འདུ་འཚོགས་ནས《ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་དོན་མཐུན་སྦྱོར་སྒྲིག་གཞིའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

  • ཟླ6པའི་ཚེས30ཉིན། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་ཐོག་སྤྱོད་ཚུལ་དམ་འཛིན་བྱེད་པ་ནས་མགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་བླང་བྱ་སྔར་བས་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་།

  • ཟླ7པའི་ཚེས1ཉིན་དཔར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས13པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་བཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཡིན》ཞེས་པ་སྤེལ།

  • ཀྲུང་དབྱང་རྩ་འཛུགས་པུས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་སྡོམ་རྩིས་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས། 2024ལོའི་ཟླ12པའི་ཚེས31ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྡོམ་འབོར་ཁྲི10027.1ཟིན་ཡོད།

  • ཀྲུང་གོ་ཟོག་འགྲེམ་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཁབ་སྡོམ་རྩིས་ཅུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དྲུག་པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་གྱི་སྟོན་གྲངས49.7%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.2འཕར་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཟླ7པའི་ཚེས1ཉིན་ནས་བཟུང་སྨན་རྫས་ཉོ་ཚོང་བྱེད་སྐབས“སྨན་རྫས་ཁུངས་འདེད་ཨང་རིས”ཞིབ་བཤེར་བྱེད་དགོས་པ་དང་། ཨང་རིས་མེད་པའི་རིགས་ལ་སྨན་བཅོས་འགན་བཅོལ་གྱིས་རྩིས་མི་རྒྱག་པའི་དྲན་སྐུལ་བྱས་པ་རེད།

1.jpg

  • ཉེ་ཆར་མཚོ་དམག་ལེའོ་ཉིང་མ་གྲུ་དང་ཧྲན་ཏུང་མ་གྲུའི་དཔུང་རུས་རྒྱང་རིང་མཚོ་ཐོག་དངོས་འཐབ་སྦྱོང་བརྡར་ལེགས་གྲུབ་བྱུང་ནས་བདེ་འཇགས་ངང་གྲུ་ཁར་ཕྱིར་ལོག

  • ཟླ6པའི་ཚེས30ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གིས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོ་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་ཁྲིམས་འཛིན་སྐོར་ཞིབ་བྱས་པ་རེད།

  • ཧྲེན་ཀྲེན་འགག་སྒོས་སྡོམ་རྩིས་བྱས་པར་གཞིགས་ན། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ28རིང་ལ་ནང་ལོགས་དང་ཞང་ཀང་དབར་གྱི་ཉོ་ཚོང་རིན་ཐང་དེ1997ལོའི་སྒོར་དུང་ཕྱུར4208.7ནས2024ལོའི་སྒོར་དུང་ཕྱུར་ཁྲི2.2བར་འཕར་བ་དང་ལོར་ཆ་སྙོམས6.3%འཕར་ཡོད།

  • ཚོང་དོན་པུས་ཟླ7པའི་ཚེས1ཉིན་ནས་བཟུང་ཡོ་རོབ་མནའ་འབྲེལ་དང་། དབྱིན་ཇི། ལྷོ་ཁོ་རེ་ཡ། ཧིན་རྡུ་ཉི་ཞི་ཡ་བཅས་ནས་ཐོན་པའི་རྣོ་བཙའ་མི་རྒྱག་པའི་ངར་ལྕགས་དང་རྣོ་བཙའ་མི་རྒྱག་པའི་ཚ་དྲོད་བཙིར་གནོན་པང་ལེབ་རེར་མུ་མཐུད་དུ་འབུད་ཚོང་ལ་ངོ་རྒོལ་བྱེད་པའི་དཔྱ་ཁྲལ་བསྡུ་བ་དང་ལག་བསྟར་བྱེད་པའི་དུས་བཀག་ལོ་ལྔ་ཡིན་པ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་སྔོན་པོའི་སྔོན་བརྡ་བཏང་སྟེ་དེ་རིང་ཁྲུང་ཆིང་གི་བྱང་རྒྱུད་དང་ཧོ་ནན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • ཟླ6པའི་ཚེས30ཉིན། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་ཀུའེ་ཀྲོའུ་དང་ཧུའུ་ནན་ལ་ཀྲུང་དབྱང་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.4སླར་ཡང་སྔོན་སྤྲོད་བྱས་ནས་ཞིང་ཆེན་གཉིས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ་གེགས་ཁུལ་དུ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་བྱེད་མགོ་ཚུགས་པ་དང་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར9.53སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།

  • རྒྱལ་ཡོངས་ཀྱི་དབྱར་གསེང་རིག་གནས་དང་གནས་སྐོར་འཛད་སྤྱོད་ཟླ6པའི་ཚེས30ཉིན་སྤེལ་མགོ་ཚུགས་པ་དང་། ས་གནས་ཁག་གིས་རིག་གནས་གནས་སྐོར་འཛད་སྤྱོད་བྱེད་སྒོ་ཐེངས་ཁྲི3.9ཙམ་སྤེལ་ནས་འཛད་སྤྱོད་ཁ་གསབ་སྒོར་དུང་ཕྱུར5.7ལྷག་ཙམ་སྤྲོད་རྒྱུ་རེད།

3.jpg

  • པེ་ཅིང་གི་རྒྱལ་སའི་གནམ་ཐང་དང་ཏ་ཞིན་གནམ་ཐང་གིས་འགྲུལ་པས་གཏན་འབེབས་གསར་པ་དང་མི་མཐུན་པའི་གློག་གསོག་ཆས་འཁྱེར་ནས་གནམ་ཐང་དུ་འབྱོར་སྐབས་གློག་གསོག་ཆས་རིན་མེད་ངང་གནམ་ཐང་དུ་གནས་སྐབས་ཉར་ཚགས་བྱེད་ཆོག་པ་དང་མང་ཤོས་ལ་ཉིན་བདུན་རིང་ཉར་ཚགས་བྱེད་ཆོག་ཅེས་བཤད་པ་རེད།

  • ཅང་སུའུ་ཞིང་ཆེན་བར་སྣང་དམའ་བའི་འཕུར་སྐྱོད་ཞབས་ཞུ་ལྟེ་གནས་ཟླ6པའི་ཚེས30ཉིན་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དངོས་སུ་སྒོ་འབྱེད་པ་རེད།

  • ཟླ6པའི་ཚེས30ཉིན། ཉིང་ཞའི་ས་ཁོངས་ཀྱི་ཐེང་ཀེ་ལི་བྱེ་ཐང་གི་བྱེ་མཐའི་སྐྱེ་ཁམས་འགོག་ཡོལ་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་།

  • ཟླ6པའི་ཚེས30ཉིན། ཀྲུང་གོའི་པེ་ཅིང་དང་ཨ་ཟེར་བྷེ་ཇན་གྱི་པ་ཁུའུ་ལི་ཧའེ་བརྒལ་བའི་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ཁྲིམས་ལྟར་མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་གཉེར་རྒྱུའི་རེ་ཞུ་བྱེད་པ་དང་། ཚོང་རའི(ཚོང་ཁང)དོ་དམ་གཉེར་སྐྱོང་ཚན་པས་ཁྲིམས་དང་སྒྲིག་སྲོལ་ལྟར་བྲིན་ཚོང་དང་ཕྱིར་ཚོང་བྱེད་སྒོ་སོགས་སྤེལ་དུས་མེ་ཟོན་སྡེ་ཚན་ལ་ཞིབ་མཆན་ཐོ་འགོད་བྱེད་མི་དགོས་པ་ཁ་གསལ་བཏོན་ཡོད།

  • ཧྲའན་ཞིས་ལས་འགན་གསལ་ཐོ་བཏོན་ནས2027ལོར་སླེབས་སྐབས་དྲ་ཐོག་ནས་རྒྱུ་མཚན་མེད་པར་དངོས་ཟོག་ཕྱིར་སློག་བྱེད་ཆོག་པའི་ཁས་ལེན་ཚན་པ་ཁྲི5ཡན་འགུལ་རྣམ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད།

  • ཀོང་ཏུང་གིས་གློག་རྡུལ་ཚོང་དོན་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འཚོང་ཆེད་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་དྲ་ཐོག་ཚོང་ཁང་འཛུགས་པར་བཞུར་ཚད་ཀྱི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་རྒྱབ་སྐྱོར་བྱེད་པའི་ཇུས་གཞི་བཏོན།

དེ་རིང་གི་གནམ་གཤིས།

4.jpg

  • ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། བོད་ལྗོངས་ཀྱི་དབུས་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཧྭ་བྱང་གི་དབུས་ཤར་རྒྱུད། རྨ་ཆུ་དང་ཧོའེ་ཧོ་གཙང་པོའི་དབུས་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ཧོ་པེའི་དབུས་ལྷོ་རྒྱུད་དང་། ཧྲན་ཏུང་གི་བྱང་རྒྱུད། ཧོ་ནན་གྱི་བྱང་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་བྱང་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།