དེ་རིང་ནི2025ལོའི་ཟླ07པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-02 09:20:24   |   72

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་བ་ནན་བཤད་གནང་།

  • གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས7.0%འཕར་ནས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་9.27ཟིན་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས3ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འགོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་། ཕུལ་བྱུང་རིག་རྩལ་བརྩམས་ཆོས། རིག་རྩལ་བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་བཅས་ལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པར་དྲིས་ལན་བཏབ།

  • ཚེས1ཉིན། རྒྱལ་ཁབ་གེགས་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུ་དང་མཉམ་དུ་ལྟེབ་ཁྲི་དང་བལ་ཕྱར་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི1.2གཏོང་སྤྲོད་བྱས་ནས་ཧོ་ནན་ནན་དབྱང་དང་ཧུའུ་པེའི་ཨེན་ཧྲི་སོགས་ས་ཁུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་བཞི་པས་བཅའ་སྡོད་དུས་མཚམས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱུང་།

微信图片_20250702082959.png

  • ཚེས1ཉིན། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་ཁོངས་གཏོགས་ཀྱི་རང་རྒྱལ་གྱིས་བཟོས་པའིC909གནམ་གྲུ་སོག་པོ་རྒྱལ་ཁབ་ཀྱི་ཨུ་ལན་དཔའ་ཐུལ་ཇིང་གིར་རྒྱལ་པོའི་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བླག་ངང་བབས་པ་དང་། དེས་རྒྱལ་སྤྱིའི་མཁའ་འགྲུལ་གནམ་གྲུC909རྒྱལ་སྤྱིའི་ཚོང་ལས་གཉེར་སྐྱོང་གི་དུས་མཚམས་གསར་པར་སླེབས་ཡོད་པ་མཚོན་པ་རེད།

  • ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཚེས1ཉིན་གྱི་སྔ་དྲོ་རྒྱལ་དར་སྒྲེང་བའི་མཛད་སྒོ་དང་ཆང་སྟོན་འཚོགས་ནས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ28འཁོར་བར་རྟེན་འབྲེལ་ཞུས་པ་རེད།

  • ཕྱི་འབྲེལ་པུས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྣམ་འགྱུར་ངན་པ་བསྟན་པའི་ཧྥི་ལི་ཕིན་གྱི་གྲོས་མི་ཟུར་པ་ཐུའོ་ལུན་ཏི་ནུའོ་ལ་བཀག་སྡོམ་བྱས་ནས་ཀྲུང་གོའི་ནང་ལོགས་དང་། ཞང་ཀང་། ཨའོ་མོན་བཅས་ཀྱི་མངའ་ཁོངས་སུ་ཡོང་མི་ཆོག་པ་གཏན་འབེབས་བྱས།

  • ཐེ་ལན་རྩ་ཁྲིམས་ཁྲིམས་ཁང་གིས་ཟླ7པའི་ཚེས1ཉིན་ཙུང་ལི་ཕེ་ཐུང་ཐན་ལ་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཡོད་མེད་ལ་བརྟག་དཔྱད་བྱེད་པའི་རེ་འདུན་ཞུ་ཡིག་བདག་སྤྲོད་བྱས་པ་དང་འབྲེལ་དེ་ཉིན་ནས་བཟུང་ཕེ་ཐུང་ཐན་གྱིས་ཙུང་ལིའི་འགན་དབང་སྤྱོད་མཚམས་འཇོག་རྒྱུ་གཏན་འབེབས་བྱས་པ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

2.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་ལི་མདོག་གི་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་ཉེན་ཟོན་སྔོན་བརྡ་བཏང་བ་སྟེ། སྔོན་དཔག་བྱས་ན་ཚེས1ཉིན་གྱི་ཆུ་ཚོད20ནས་ཚེས2ཉིན་གྱི་ཆུ་ཚོད20བར་ཧེ་ལུང་ཅང་དང་སི་ཁྲོན་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད་པ་རེད།

  • ཚེས1ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར་སོ་སོར235དང་སྒོར225འཕར་འདུག

  • རྒྱལ་ཁབ་གློག་བརྙན་ཅུས་སྡོམ་རྩིས་བྱས་པར་གཞིགས་ན། 2025ལོའི་ལོ་སྟོད་དུ་གློག་བརྙན་གྱི་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར292.31ཟིན་པ་དེ་དུས་མཚུངས་ལས22.91%འཕར་ཡོད།

  • ཚེས1ཉིན། རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ན་གློག་གསོག་ཆས་ཀྱི་གཏན་འཁེལ་ནུས་ཚད100Whལས་མི་བརྒལ་ཚེ་མེ་འཁོར་ཐོག་འཁྱེར་ཆོག་པ་དང་། མཚོན་རྟགས3Cལ་ཞིབ་བཤེར་བྱེད་མི་དགོས་ཞེས་བཤད་པ་རེད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་རྒྱལ་ཡོངས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྦྲག་ཐོག་བསྐུར་མའི“གཅིག་འཐུས་རྣམ་པའི”གཉེར་སྐྱོང་ལས་སྟེགས་གཉེར་སྐྱོང་མགོ་བརྩམས་ཤིང་། སྐུར་ལེན་བྱེད་མཁན་གྱིས“ལག་ཐོག་སྐར་ཁུང་རྐྱང་པ”དང“ལག་ཐོག་འགག་སྒོ”ཡི་APPདང་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་སོགས་ཐབས་ལམ་དྲུག་སྤྱད་ནས་ལས་སྟེགས་དེར་ཞུགས་ཏེ་རིན་མེད་ངང་འབྲེལ་ཡོད་ལས་སྒོ་གཉེར་ཆོག་པ་རེད།

  • འབྲི་ཆུའི་འགག་གསུམ་གྱི་མཁའ་ལམ་ཤར་གཏོང་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་འབྲི་ཆུའི་འགག་གསུམ་ལྟེ་གནས་ཀྱི་ཤར་གཏོང་ཐུབ་ཚད་ཏུན་ཁྲི8307.7ཟིན་པ་དེ་དུས་མཚུངས་ལས་10.4%འཕར་ཡོད།

3.jpg

  • 2025ལོའིWTTཨ་རིའི་ཏ་མན་ཀོན་ཟླ7པའི་ཚེས3ནས་ཚེས13ཉིན་བར་འཚོག་རྒྱུ་ཡིན་པ་དང་། རང་རྒྱལ་གྱི་ཕིང་ཕང་སྤོ་ལོའི་འགྲན་ཞུགས་མིང་ཐོ་ཁྱབ་བསྒྲགས་བྱས་ཟིན་པ་རེད།

4.png

  • ཚེས1ཉིན། རྒྱལ་ཁབ་དབྱིངས་སྐྱོད་ཅུས་རྒྱུ་སྐར་འཚོལ་ཞིབ་ཚད་ལེན་ལས་གྲྭའི་གནམ་དཔྱད་ཚད་འཇལ་འཕྲུལ་ཆས་ཨང་གཉིས་པའི་འཁོར་ལམ་ཐོག་ནས་ཐོབ་པའི་སའི་གོ་ལའི་ཟླ་བའི་གཟུགས་བརྙན་རི་མོ་ཁྱབ་བསྒྲགས་བྱས་པ་རེད།

5.jpg

  • “ཞིན་ཅང་བྱང་རྒྱུད་ཀྱི་ཆེས་མཛེས་པའི་རང་འཁོར་གཞུང་ལམ”ཞེས་འབོད་པའི་ཨ་ཧོ་གཞུང་ལམ་དེ་ཟླ6པའི་ཚེས30ཉིན་དངོས་སུ་ཤར་གཏོང་ཐུབ་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་མི་སྒེར་གྱི་འཛད་སྤྱོད་པས་བེད་མེད་དུ་གཏོང་བའི་གློག་སྒུལ་རྐང་འཁོར་རྙིང་པ(གློག་རྫས་ཚུད་པ)རྩིས་སྤྲོད་བྱས་པ་དང་འབྲེལ་ཚད་ལོན་པའི་རླངས་འཁོར་གསར་པ་བརྗེས་ཚེ་མི་སྒེར་གྱི་འཛད་སྤྱོད་པར་ཐེངས་གཅིག་ཅན་གྱི་རླངས་འཁོར་ཉོ་སྒྲུབ་ཀྱི་ཁ་གསབ་སྒོར་མོ500སྤྲོད་རྒྱུན་ཡིན་པའི་བརྡ་ཐོ་བཏང་།

  • ཧྲན་ཏུང་གིས་འཆར་གཞི་པར་འགྲེམས་བྱས་ནས་མིའི་དབྱིབས་འཕྲུལ་མིའི་འཕྲུལ་ཆས་ཧྲིལ་པོ་དང་ལྷུ་ལག་གཙོ་བོའི་ཁེ་ལས་ལ་གཏན་འབེབས་གཞིར་བཟུང་ནས་ཐེངས་གཅིག་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི800དང་སྒོར་ཁྲི300སྤྲོད་རྒྱུ་རེད།

  • ཨན་ཧུའེ་ཡིས་བླང་བྱ་དང་མཐུན་པའི་ཆུ་འབྲས་དང་། གྲོ སྲན་ཆེན་བཅས་ཀྱི་ས་བོན་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ལ་གསར་འཕར་ཁྱབ་གདལ་རྒྱ་ཁྱོན་ལ་གཞིགས་ནས་མུའུ་རེར་ཁ་གསབ་མཐོ་ཤོས་སྒོར30སྤྲོད་རྒྱུ་དང་ཁ་གསབ་སྣ་ཁ་གཅིག་གི་ཁ་གསབ་རོགས་དངུལ་མཐོ་ཤོས་སྒོར་ཁྲི500ལས་བརྒལ་མི་ཆོག་པའི་ཇུས་གཞི་པར་འགྲེམས་བྱས།

དེ་རིང་གི་གནམ་གཤིས།

6.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧོ་ཐའོ་ས་ཁུལ། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ལིའོ་ཉིང་གི་ཤར་ལྷོའི་རྒྱུད། ཧྲའན་ཞིའི་བྱང་རྒྱུད། པེ་ཅིང་གི་ཤར་རྒྱུད། ཧོ་པེའི་དབུས་ལྷོ་རྒྱུད། ཐེན་ཅིན། ཧྲན་ཏུང་གི་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། སི་ཁྲོན་གཤོང་སའི་བྱང་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།