དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-03 09:13:57   |   62

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་རྒྱལ་ཡོངས་སློབ་སྦྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པ་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་བཏང་ནས། ཏང་གི་དར་ཆའི་འོག་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་མདུན་སྐྱོད་དང་གྲུབ་འབྲས་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་སྒོར་དུང་ཕྱུར8000ཡིན་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་གསལ་ཐོ་ཚང་མ་གཤམ་སྤྲོད་བྱས་ཟིན་པ་རེད། 

  • བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར55788ཡིན་པ་དེ་དུས་མཚུངས་ལས11.2%འཕར་ཡོད། 

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དྲུག་པར་རང་རྒྱལ་གྱི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས50.88%ཡིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.2འཕར་ནས། དར་རྒྱས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད། 

c2392cbaae73def76d1796ad35d086d.jpg

  • འཛམ་གླིང་ཐོག་གི་ཀྲའོ་ཝ500ཡི་རྡབ་རྡེག་རྣམ་པའི་འཕྲུལ་ཚན་གྱི་འཁོར་སྒྱུར་འཁོར་ལོ་ཐོག་མ་དེ་ཧའར་པིན་དུ་རང་བརྟེན་ཞིབ་བཟོ་ལེགས་གྲུབ་བྱུང་ཡོད། སྒྲིག་ཆས་དེས་མིག་སྔའི་རྡབ་རྡེག་རྣམ་པའི་ཆུ་གློག་འཕྲུལ་ཚན་གྱི་ལག་རྩལ་ཆུ་ཚད་གསར་ཤོས་མཚོན་གྱི་ཡོད། 

  • རང་རྒྱལ་གྱིས་རང་བརྟེན་གསར་གཏོད་བྱས་པའི་གོ་ལ་ཧྲིལ་པོའི་ཚན་རྩལ་ཚད་ལྡན་ཡིག་ཆའི་གྲངས་གཞིའི་ལས་སྟེགས་གསར་པ་དྲ་ཐོག་ཏུ་བཏོན་པ་དང་། སྤུས་ཚད་མཐོ་བའི་ཚན་རྩལ་ཚད་ལྡན་ཡིག་ཆའི་གྲངས་གཞི་ཁྲི9000ཙམ་བསྡུས་ཡོད་པ་དང་། རྨང་གཞིའི་ནུས་པ་གོ་ལ་ཧྲིལ་པོའི་སྤྱོད་མཁན་ལ་རིན་མེད་ངང་སྒོ་འབྱེད་ཀྱི་ཡོད། 

  • སྨི་ཞུའེ་འཁྱགས་བཏུང(蜜雪冰城)དང་པཱ་ཝང་ཇ་ཆུ(霸王茶姬)སོགས་ཀྲུང་གོའི་སྤུས་རྟགས་ཕྱི་རྒྱལ་གྱི་འཛད་སྤྱོད་བྱེད་སྟངས་གསར་པར་གྱུར་ཡོད། ཕྱི་འབྲེལ་པུའི་མགྲིན་ཚབ་པས“ཀྲུང་གོའི་བཟོ་སྐྲུན”ནས“ཀྲུང་གོའི་སྤུས་རྟགས”བར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཡིན་ཞེས་བཤད། 

  • རྒྱལ་སྤྱིའི་རྩ་འཛུགས་བརྒྱ་ལྷག་ཙམ་གྱིས་མཉམ་འབྲེལ་ཐོག་ཨ་རིས་རྒྱབ་སྐྱོར་བྱེད་པའི་ཅ་ཧྲ་རོགས་སྐྱོར་རྐྱེན་སྲོལ་མེད་པ་བཟོ་རྒྱུའི་རེ་བ་བཏོན་པ་དེ་ནི་རྐྱེན་སྲོལ་དེས་རོགས་སྐྱོར་གྱི་དར་ཆ་བསྒྲེངས་ནས་ཟང་ཟིང་དང་གཏུམ་སྤྱོད་བཟོས་པས་རེད། 

  • ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་གི་རྩེ་མོའི་མཆོད་རྟེན་ཟླ9པར་གནས་སྐོར་བར་སླར་ཡང་སྒོ་ཕྱེ་རྒྱུ་རེད། དེ་ནི་རྩེ་མཆོད་རྟེན2019ལོར་མེ་སྐྱོན་ཁྲོད་གཏོར་སྐྱོན་ཕོག་ནས་ལོ6འགོར་རྗེས། གནས་སྐོར་བར་སླར་ཡང་སྒོ་མོ་འབྱེད་ཐེངས་དང་པོ་ཡིན་པ་རེད། 

    སྤྱི་ཚོགས།

f62e51e2238a2908d497c2eb1e5850d.jpg

  • རང་རྒྱལ་གྱི་དབུས་ཤར་རྒྱུད་དུ་ད་ལོ་ཚུན་གྱི་དྲོད་ཚད་ཆེས་མཐོ་ཤོས་ཀྱི་བརྒྱུད་རིམ་བརྒྱུད་བཞིན་ཡོད་པ་དང་། རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་དྲོད་ཚད་མཐོ་བའི་བདེ་ཐང་ཉེན་ཁའི་ཉེན་བརྡ་ཐོག་མར་ཁྱབ་བསྒྲགས་བྱས་ཡོད། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སྒེར་ཁོངས་ཐད་གཏོང་ཁང་གི་རྒན་པའི་སྨན་རྫས་བདེ་སྲུང་ཐོན་རྫས་འཛད་སྤྱོད་ཀྱི་ཉེན་ཁར་དོགས་ཟོན་བྱ་རྒྱུའི་སྐོར་གྱི་དྲན་སྐུལ་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཁེ་ལས་དང་འབྲེལ་བའི་དྲ་རྒྱའི“ཁ་ནག”བཅོས་སྒྲིག་བྱེད་པའི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཡོངས་བསྒྲགས་ངང་དམར་འདོན་བྱས་པ་དང་། “ཁྲའེ་ཏུའེ་ཏུའེ(柴怼怼)”དང“མེང་ཆི་པུར་གླེང(孟栖笔谈)”སོགས་ཀྱི་རྩིས་ཐོའི་ཨང་གྲངས་སྒོ་བརྒྱབ་པ་རེད། 

  • ཧྲན་ཏུང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའུ་ཁོངས་མི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚའོ་ཤིན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད། 

  • 2025ལོའི་ལོ་སྨད་ཀྱི་བུད་མེད་དམག་མིའི་དམག་སྐུལ་དང་ལེན་གྱི་མིང་ཐོ་འགོད་མགོ་བརྩམས་ཡོད། 

809022626ad99fdd5ccfbbc319ec650.jpg

  • ཞི་ཨན་ནས་ཡན་ཨན་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། ཧྲའན་པེའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་མགྱོགས་མྱུར་ངང་སྐྱོད་བཞིན་ཡོད། 

4f5cf31cac95dad153fc0bef21eee82.jpg

  • འབྲི་ཆུའི་འགག་གསུམ་ལྟེ་བར་ད་ལོའི་ལོ་སྟོད་དུ་བརྒལ་ཚད་དུས་མཚུངས་ལས10.4%འཕར་ནས། འབྲི་ཆུའི་ཆུ་ལམ་ཡག་ཤོས་ལ“ཕན་འབྲས་ཡག་ཤོས”འདོན་སྤེལ་བྱ་རྒྱུར་མུ་མཐུད་རམ་འདེགས་བྱས་ཡོད། 

  • “ཀོང་ཏུང་རླངས་འཁོར་ལྷོ་ཕྱོགས་སུ་བསྐྱོད་པའི”སྲིད་ཇུས་ལོ་འདིའི་ནང་དོན་འཁྱོལ་ཐུབ་རེ་ཡོད་པ་དང་། ཆ་རྐྱེན་དང་མཐུན་པའི་ཀོང་ཏུང་ནས་ཡིན་པའི་སྒེར་འཁོར་ཤང་ཀང་གྲོང་ཁུལ་དུ་ཐད་ཀར་བསྐྱོད་ཆོག་གི་ཡོད་པ་རེད། 

  • ཧའེ་ཁོའུ་འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། ཧའེ་ནན་གླིང་ཕྲན་ནས་དཔྱ་ཁྲལ་རྩ་ཆག་གཏོང་བའི་དངོས་ཟོག་ཉོ་སྒྲུབ་ཀྱི་དངུལ་འབོར་སྲིད་ཇུས་གསར་པ་དོན་འཁྱོལ་བྱས་ནས་ལོ་ལྔ་སོང་བ་དང་། དངོས་ཟོག་ཉོ་སྒྲུབ་ཀྱི་དངུལ་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར1958ཡིན་པ་དང་ལོར་ཆ་སྙོམས62.6%འཕར་ཡོད། 

50f0d76d80774d9f060df52b0fb4a1e.jpg

  • ནན་ཅིང་གིས་རིན་མེད་ངང་མི་འགོག་ལས་གྲྭ་ཁག22སྒོ་ཕྱེ་ནས། སྡོད་དམངས་ལ་གྲང་གཡོལ་བྱེད་པར་མཁོ་འདོན་བྱས་པ་མ་ཟད། འཐུང་ཆུ་དང་སྐུད་མེད་དྲ་རྒྱ། ཚགས་པར་དང་དུས་དེབ་དཔེ་དེབ། དམངས་ཕན་སྨན་སྒམ་སོགས་སྒྲིག་ཆས་དང་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱེད་ཀྱི་ཡོད། 

    སྲིད་ཇུས།

  • མི་དམངས་དངུལ་ཁང་གིས་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མ་དངུལ་བསྡུ་སྒྲིལ་གྱི་དོ་དམ་བྱ་ཐབས་ཁྱབ་བསྒྲགས་བྱས་པ་དང་། ཟླ8ཚེས1ཉིན་ནས་བཟུང་། དངུལ་སྨར་གྱིས་ལྕགས་རིགས་རྩ་ཆེན་དང་རིན་པོ་ཆེ་སྒོར་ཁྲི་10ལྷག་གིས་ཉོས་ན་གོང་ཞུ་བྱ་དགོས། 

  • སློབ་གསོ་པུས་མཐོ་རིམ་སློབ་འབྲིང་དཀྱུས་མའི་རྩིས་རིག་དང་དངོས་ལུགས། རྫས་འགྱུར་སོགས་རིག་ཚན་བདུན་གྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་ཚད་གཞི་ཁྱབ་བསྒྲགས་བྱས་ནས་གྲངས་གཞི་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་སློབ་ཁྲིད་སྒྲིག་ཆས་གསར་སྣོན་བྱས་ཡོད། 

  • ཀྲེ་ཅང་གིས་ལུགས་མཐུན་ངང་དྲ་སྦྲེལ་མཉམ་འགུལ་བརྡ་ཁྱབ་ཚད་ལྡན་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ། ལག་རྩལ་ཐད་བརྡ་ཁྱབ་ཀྱི་མཐེབ་གཅིག་བརྒྱབ་ནས་སྒོ་རྒྱག་རྒྱུའི་འགན་ལེན་བྱས་ནས། འཛད་སྤྱོད་པས་རྒྱུན་གཏན་ངང་སྤྱོད་རྒྱུར་འགོག་རྐྱེན་མི་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

f428ef44a4439088f8d4f6473d125f2.jpg

  • ཧོ་པེའི་དབུས་ཤར་རྒྱུད་དང་པེ་ཅིང་ཤར་རྒྱུད། ཐེན་ཅིན། ཧྲན་ཞིའི་དབུས་རྒྱུད། ལེའོ་ཉིང་གི་ས་ཆ་མང་ཆེ་བ་བཅས་དང་དེ་བཞིན་སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་། ཀན་སུའུ་ཤར་ལྷོའི་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད་དང་བྱང་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། དེའི་ནང་ཧོ་པེའི་ཤར་རྒྱུད་དང་ཐེན་ཅིན་དབུས་ཤར་རྒྱུད། ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད། ཀན་སུའུ་ཡི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།