དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-04 09:43:47   |   66

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གི《“ཀྲུང་གོ—ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས” དར་སྤེལ་བཏང་སྟེ་ས་ཁུལ་གྱི་མཉམ་ལས་སྤུས་ལེགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།--ཀྲུང་གོ—ཨེ་ཤེ་ཡ་དབུས་མའི་དབུ་ཞུགས་ཚོགས་འདུ་སྐབས་གཉིས་པའི་སྟེང་གི་བཞེད་དོན་གཙོ་བོའི་གཏམ་བཤད》ཅེས་པའི་དེབ་རྐྱང་པ་པར་སྐྲུན་བྱས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས3ཉིན་གྱི་སྔ་དྲོ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80ལོན་པའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་དང་ཕུལ་བྱུང་རིག་རྩལ་བརྩམས་ཆོས། རིག་རྩལ་བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་དགུ་ཡིས་ཡིག་ཆ་བཀྲམ་ནས“ཁེར་གཉེར་ཁེ་ལས་སུ་བསྒྱུར་བའི”གཉེར་སྒྲུབ་བརྒྱུད་རིམ་ལེགས་སུ་བཏང་ནས་ཁེར་གཉེར་བཟོ་ཚོང་དུད་ཁྱིམ་ཕྱོགས་སྒྱུར་རིམ་སྤོར་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། གློག་སྒུལ་རྐང་འཁོར་གྱིས་རྙིང་ཚབ་གསར་བརྗེས་ལས་རིགས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་གཉིས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱིས་རྙིང་ཚབ་གསར་བརྗེའི་བྱེད་ཐབས་གསར་པར་བརྟེན་ནས་གློག་སྒུལ་རྐང་འཁོར་ཕྱིར་ཚོང་བྱེད་ཚད་ཟླ་རེར་ཆ་སྙོམས་འཕར་ཚད113.5%ཟིན་ཡོད།

1.png

  • ཚེས3ཉིན་གྱི་ཆུ་ཚོད17དང་སྐར་མ35སྟེང་རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ཚོད་ལྟའི་སྲུང་སྐར་ཨང་ཉེར་བརྒྱད་པBཡི་སྲུང་སྐར01མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

2.jpg

  • རང་རྒྱལ་གྱི་མཚོ་ཐོག་གཡེང་བའི་འོད་ཤུགས་རྣམ་གྲངས་ཐོག་མ་དེ་ཆིང་ཏའོ་རུ་བསྐྲུན་ནས་སྤྱོད་མགོ་ཚུགས་པ་རེད། རྣམ་གྲངས་དེས་ལོར་ལྗང་མདོག་གློག་གཏོང་སྟོང་ཝ་ཆུ་ཚོད་ཁྲི1670ཟིན་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི1.4ཉུང་དུ་གཏོང་ཐུབ་རྒྱུ་རེད།

3.jpg

  • ཚེས3ཉིན་གྱི་སྔ་དྲོ། མཚོ་དམག་ཧྲན་ཏུང་དམག་གྲུའི་མ་གྲུ་དཔུང་རུ་ཞང་ཀང་དུ་འབྱོར་ནས་དུས་ཡུན་ཉིན་ལྔའི་འཚམས་འདྲིའི་བྱེད་སྒོ་སྤེལ་མགོ་ཚུགས་པ་རེད།

  • ཚེས3ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོའི་མངའ་ཁོངས་བར་སྣང་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་དམག་གྲབས་ཉེན་སེལ་སྐོར་ཞིབ་བྱས།

  • ཚེས3ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུ1306རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས་པ་རེད།

  • ཚེས3ཉིན། ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་གིས་ལྷོ་ཁོ་རེ་ཡ་དང་ཀྲུང་གོ་བར་གྱི་འབྲེལ་བ་གང་མགྱོགས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

4.png

  • ད་ལོ་རིང་གི་དྲོད་ཚད་མཐོ་ཤོས་ཀྱི་བརྒྱུད་རིམ་གྱིས་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ད་ལོ་དང་སང་ཉིན་དྲོད་ཚད་མཐོ་བའི་ཁྱབ་ཁོངས་བརྒྱུད་རིམ་ཆེ་ཤོས་སུ་སླེབས་རྒྱུ་དང་ས་ཆ་མང་པོར་ཚ་བ་ཆེན་པོ་ཉིན་ཧྲིལ་པོར་ཁྱབ་རྒྱུ་རེད།

  • ཚེས3ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ལེའོ་ཉིང་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱས་པ་རེད།

  • བཟོ་འཕྲིན་པུས་ཨང་གྲངས་སྲུང་སྐྱོང་ཞབས་ཞུའི་ལས་སྒོའི་ཚོད་ལྟའི་ལས་དོན་བཀོད་སྒྲིག་བྱས་པ་དང་དུམ་བུ700དེ“གསང་བའི་ཨང་རྟགས”ཀྱི་ཆེད་སྤྱོད་ཨང་རྟགས་ཐོན་ཁུངས་སུ་འགྱུར་རྒྱུ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གསར་སྤེལ་བྱས་པའི“རྒྱལ་ཡོངས་བཟའ་བཅའི་བདེ་འཇགས་ནང་ཁུལ་གྱི་གནས་ཚུལ་ཤེས་མཁན་གྱི་ཐེར་འདོན་མ་ལག”དྲ་ཐོག་ཏུ་གཉེར་སྐྱོད་བྱས་ཤིང་། མིང་འགོད་པ་དང་མིང་མི་འགོད་པའི་ཐེར་འདོན་བྱེད་སྟངས་ལ་རྒྱབ་སྐྱོར་བྱས་ཡོད།

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཨུ་ཡོན་དང་། ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་དེ་སྔའི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལི་ཡུའེ་ཧྥེང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་ལི་ཡུའེ་ཧྥེང་ལ་ཚེ་གང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད།

  • དབྱར་གསེང་མགོ་ཚུགས་པ་དང་བསྟུན་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཆུ་ཐོག་ལུས་རྩལ་སྣ་ཚོགས་རྒྱུན་མཐུད་ངང་མང་དུ་ཕྱིན་པ་དང་། ཀོ་གྲུ་དང་། གྲུ་སྟེགས། གློག་སྒུལ་རླབས་ཤུད་པང་ལེབ་སོགས་སྟབས་བདེའི་སྒྲིག་ཆས་ཀྱི་མངགས་ཐོ་མང་དུ་ཕྱིན་ཡོད་པ་རེད།

  • ཀོང་ཀྲན་མྱུར་བགྲོད་ལྕགས་ལམ་ཧྥོ་ཧྲན་བབས་ཚུགས་ཀྱི་བབས་ཚུགས་གཙོ་བོའི་ཁང་པའི་ངར་ལྕགས་གྲུབ་ཆ་སྒྲིག་སྦྱོར་བྱས་ནས་མཛེས་བཟོ་བྱེད་པའི་དུས་མཚམས་སུ་སླེབས་ཉེར་ཡོད་པ་དང་། བསྐྲུན་ཟིན་རྗེས་ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི600ཙམ་འགན་འཁུར་ཐུབ་རྒྱུ་རེད།

5.jpg

  • ཚེས3ཉིན། ལོ་ངོ85རིང་གི་དབྱང་ཅིང་ཡུས་ཀྱི་ཟིན་བྲིས་ཡིག་ཚགས་དེ་ཅི་ལིན་ཐུང་ཧྭ་གྲོང་ཁྱེར་ཡིག་ཚགས་ཁང་དུ་ཐོག་མར་ཁྱབ་བསྒྲགས་བྱས་ནས་དབྱང་ཅིང་ཡུས་ཀྱིས་འཇར་འགོག་དྲག་པོའི་འཐབ་རྩོད་སྤེལ་བའི་གནས་ཚུལ་ངོ་མ་དངོས་སུ་ཕྱིས་སུ་མངོན།

  • ཀན་སུའུ་ཐེན་ཧྲུའེ་མའེ་ཅི་ཆུས་ཀྱི་བུ་བཅོལ་ཁང་ཞིག་གིས་སྒྲིག་འགལ་ངང་སྦྱོར་རྟ་སྤྱད་དེ་ཕྲུ་གུ་ཁག་གཅིག་གི་ཁྲག་རྒྱུན་ལྡན་མིན་པར་བཟོས་པས་དེ་དང་འབྲེལ་བའི་འགན་འཁུར་བ་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས།

སྲིད་ཇུས། 

  • པེ་ཅིང་གིས་མི་སྒེར་གྱི“ཁང་བདག་གཉིས་པ”ཡི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མི་སྒེར་གྱིས་ཁང་པ་བཅུའམ་དེ་ཡན་བརྒྱུད་གླ་གཏོང་ཚེ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ནང་འཇུག་རྒྱུ་ཡིན་པ་གཏན་འབེབས་བྱས།

  • ཅང་སུའུ་ཡིས་བྱེད་ཐབས་འགའ་ཞིག་བཏོན་ནས་སྲིད་དོན་ཞབས་ཞུའི་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས་ཞིང་ཆེན་རིམ་པ་མན་གྱི་སྲིད་དོནAppབསྐྱར་ཟློས་འཛུགས་སྐྲུན་བྱེད་་པ་གཏན་འགོག་བྱས་པ་དང་། རྫོང་རིམ་པ་མན་གྱིས་སྲིད་དོན་ཞབས་ཞུAppགསར་སྤེལ་བྱེད་མི་ཆོག་པའི་བླང་བྱ་ཁ་གསལ་བཏོན།

  • ཧུའུ་ནན་གྱིས་བརྒྱུད་རིམ་ཧྲིལ་པོར་སློབ་ཆེན་སློབ་མའི་ལས་གཏོད་ལ་རོགས་རམ་བྱས་ཏེ། ཧུའུ་ནན་དུ་ལས་གཏོད་བྱེད་པར་ཡོང་བའི་སློབ་ཆེན་སློབ་མས་དུས་བཀག་ངེས་ཅན་གྱི་རིན་མེད་ཞག་སྡོད་ལོངས་སུ་སྤྱོད་ཆོག་པའི་བྱེད་ཐབས་བཏོན།

དེ་རིང་གི་གནམ་གཤིས།

6.jpg

  • ནང་སོག་གི་དབུས་ནུབ་རྒྱུད་དང་། ལེའོ་ཉིང་གི་ཤར་རྒྱུད། ཅི་ལིན་གྱི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། སི་ཁྲོན་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ལེའོ་ཉིང་གི་ཤར་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་དབུས་ཤར་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་ས་ཁུལ་ཁག་གཅིག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།