དེ་རིང་ནི2025ལོའི་ཟླ07པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-07 09:16:10   |   58

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

  • སྡོམ་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་ངར་ལྕགས་རྒྱུ་ཆ་ཐོན་སྐྱེད་བྱེད་ཚད་ཏུན་དུང་ཕྱུར6.06ཟིན་པ་དེ་དུས་མཚུངས་ལས5.2%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ནང་བཞུར་ཆུ་བོའི་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར20ལས་བརྒལ། དུས་མཚུངས་ལས4%ཙམ་འཕར་ཡོད།

  • ནོར་སྲིད་པུས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་སྒོའི་ནང་ཡོ་རོབ་མནའ་འབྲེལ་ནས་ནང་འདྲེན་བྱས་པའི་སྨན་བཅོས་ཡོ་བྱད་ཁག་ཅིག་ལ་འབྲེལ་ཡོད་བྱེད་ཐབས་སྤྱོད་རྒྱུའི་གཏན་འབེབས་བྱས།

  • ཀྲུང་གོ་དང་འབར་མ། ཐེ་ལན་བཅས་ཀྱི་ཉེན་རྟོག་ཕྱོགས་བཅས་ལ་ཉིན་ཤས་གོང་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་བ་ལྟར་ན། གློག་འཕྲིན་མགོ་སྐོར་གླིང་ཁུལ་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ་མགོ་སྐོར་གཡོ་ལེན་བྱེད་མཁན་ཁྱོན་ཡོངས་ནས་འཛིན་བཟུང་བྱ་རྒྱུ་རེད།

  • ཚེས7ཉིན་དམངས་སྤྱོད་མཁའ་འགྲུལ་ཅུ་ཡིསM503མཁའ་ལམ་གྱིW121སྦྲེལ་མཐུད་མཁའ་ལམ་སྤྱོད་མགོ་ཚུགས་པའི་ཁྱབ་བསྒྲགས་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པས་དེ་ནི་འབྲེལ་ཡོད་ས་ཁུལ་གྱི་དུས་གཏན་གནམ་གྲུ་འཕར་བའི་གནོན་ཤུགས་ཆུང་དུ་གཏོང་ཆེད་ཡིན་པས་ངོགས་གཉིས་ཀྱི་སྤུན་ཟླ་ཚང་མར་ཕན་པ་ཡོད་ཅེས་བཤད།

1.jpg

  • ཉེ་ཆར། ཀྲུང་གོའི་སློབ་སྦྱོང་གནམ་གྲུ—10དང་། སློབ་སྦྱོང་གནམ་གྲུ—8དང་། ཐོག་མའི་སློབ་སྦྱོང་གནམ་གྲུ—6བཅས་གསུམ་གྱི་མཉམ་པར་ཐོག་མར་མངོན།

  • ས་གནས་དེ་གའི་ཚེས5ཉིན། ཨ་རིའི་ཁེ་ལས་མཁས་ཅན་ཨའེ་ལུང·མ་སི་ཁེས་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་ལས་སྟེགས་ཐོག་ཡིག་ཆ་སྤེལ་ནས“ཨ་རིའི་ཏང”ཉིན་དེར་བཙུགས་ཟེར།

  • ལྷོ་ཁོ་རེ་ཡ་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚེས6ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཛ་དྲག་གི་ཉེན་ཟོན་དམ་བསྒྲགས་དོན་རྐྱེན་ལ་བརྟག་དཔྱད་བྱེད་མཁན་གྱི་དམིགས་བསལ་ཞིབ་དཔྱོད་ཚོགས་ཆུང་གིས་དེ་ཉིན་ཁྲིམས་ཁང་ལ་ཙུང་ཐུང་ཟུར་པ་དབྱི་ཞི་གཡོད་འཛིན་བཟུང་བྱེད་པའི་བཀའ་རྒྱ་གཏོང་རྒྱུའི་རེ་འདུན་ཞུས།

    སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ཉིན་མོར། ཧྭ་བྱང་གི་ལྷོ་རྒྱུད་དང་། ཧོང་ཧོའེ། ཅང་ཧུའེ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཁྲུང་ཆིང་། ཧྭ་ནན་གྱི་ས་ཆ་མང་ཆེ་བ། དེ་བཞིན་ཤིན་ཅང་གི་ལྷོ་རྒྱུད་གཤོང་ས་སོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ35ཡན་གྱི་གནམ་གཤིས་ཡོད།

  • རྒྱལ་ཁབ་ཡིག་ཚགས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས6ཉིན་རྒྱལ་ཡོངས་ཀྱི་ཡིག་ཚགས་འདྲི་རྩད་བེད་སྤྱོད་ཞབས་ཞུའི་ལས་སྟེགས་ཀྱི་སྒུལ་བདེའི་མཐའ་སྣེAPPདངོས་སུ་སྤྱོད་མགོ་ཚུགས།

  • དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཚེས6ཉིན་གྱི་ཆུ་ཚོད12:35བར། 2025ལོའི་དབྱར་གསེང་སྐབས་ཀྱི་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར25ལས་བརྒལ་ཡོད།

  • ཚེས6ཉིན། ནང་སོག་གིས་པ་ཏན་ཅི་ལིན་དང་། ཐེང་ཀེ་ལི། ཝུའུ་ལན་པུའུ། བྱེ་ཐང་ཆེན་པོ་གསུམ་བཅས་ཀྱི་མཐའ་སྲུང་རྩྭ་འདེབས་ལས་དོན་ལེགས་གྲུབ་བྱུང་།

3.png

  • རྒྱལ་ཁབ་མྱུར་ཤུད་ཁང་གི་མི་གཟུགས་འཕྲུལ་མིའི་དངོས་སྦྱོང་རྟེན་གཞི་ཉེ་ཆར་དངོས་སུ་སྤྱོད་མགོ་ཚུགས། ཁག་དང་པོའི་དཔུང་ཁག8དངོས་སྦྱོང་རྟེན་གཞིར་བཅའ་སྡོད་བྱས་ནས་འཛམ་གླིང་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད།

  • ཉེ་ཆར། རོ་མ་ཧྲི་དང་ཨན་ཁེ་གསར་གཏོད་ཀྱིས་གློག་གསོག་ཐོན་རྫས་མང་པོ་སྔ་རྗེས་སུ་ཚུར་བསྡུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། ཚུར་བསྡུ་བྱེད་ཚད་ཀྱི་གྲངས་འབོར་ཁྲི120ལས་བརྒལ་ཡོད།

4.jpg

  • ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་ཏ་ཙུའུ་ཆུས་སུ་ཆུ་གནས་དམའ་རུ་ཕྱིན་པའི་དབང་གིས་ས་ཁར་མངོན་པའི་སུང་རྒྱལ་རབས་ཀྱི་བྲག་བརྐོས་སྐུ་བརྙན་ཁག་ཅིག་གསར་དུ་རྙེད།

  • ཚེས6ཉིན། ཧྲན་ཞི་ཏ་ཐུང་ནས་ཨུ་རུ་སུའི་མོ་སི་ཁོའི་བར་གྱི་རྒྱལ་སྤྱིའི་ཐད་འཕུར་མཁའ་ལམ་ཐོག་མ་བདེ་བླག་ངང་འཕུར། དེ་ནི་ཧྲན་ཞི་ཞིང་ཆེན་ཡན་ལག་གནམ་ཐང་དུ་ཤར་གཏོང་བྱས་པའི་གླིང་ཆེན་དབར་གྱི་མཁའ་ལམ་ཐོག་མ་དེ་ཡིན།

  • ཚེས6ཉིན། ཅང་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱིས་ནན་ཅིང་རུ་ཁག་གི་སྤོ་ལོ་རྒྱག་མཁན་དབྱང་ཞའོ་ཐེན་ལ་སྒྲིག་འགལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས།

5.gif

  • ཀོང་ཞི་ཡུས་ལིན་གྱི་བྱིས་པ་ཞིག་གིས་སེམས་ཆུང་མ་བྱས་པར་ཆུར་ལྷུང་བ་ན། 2000ལོའི་རྗེས་སུ་སྐྱེས་པའི་ཕོ་གཞོན་ཞེ་ཁྲེང་ཝུའེ་ཡིས་ཉེན་ཁ་ཆེ་བ་མཐོང་མ་ཐག་མྱུར་དུ་སྲོག་སྐྱོབ་འཁོར་ལོ་བཟུང་ནས་ཆུ་ནང་དུ་མཆོངས་ཤིང་བྱིས་པ་དེ་བསྐྱབས།

    སྲིད་ཇུས།

  • ཀྲུང་གོའི་ཆུར་འཛུལ་སྲོག་སྐྱོབ་ལས་རིགས་མཐུན་ཚོགས་ཀྱིས་ཆུ་འཛུལ་སྔོག་སྐྱོབ་དང་རྒྱ་མཚོའི་ལས་གྲྭའི་ལག་རྩལ། སྒྲིག་ཆས། རྒྱུ་ཆ་སོགས་ལས་རིགས་ཚོགས་པའི་ཚད་གཞི60ཁྱབ་བསྒྲགས་བྱས། དེ་ཡིས་རང་རྒྱལ་གྱི་རྒྱ་མཚོ་དང་ཆུ་བོ་དང་འབྲེལ་བའི་ཚོགས་པའི་ལག་རྩལ་ཚད་གཞིའི་མ་ལག་གི་སྟོང་ཆ་བསྐངས།

  • པེ་ཅིང་གིས《པེ་ཅིང་གྲོང་ཁྱེར་གྱི་ལྕགས་རི་རིང་པོའི་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན)》བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས། དེའི་ནང་གྲོང་ཁྱེར་དང་ཆུས་ཀྱིས་ཆ་རྐྱེན་འཛོམས་པའི་ལྕགས་རི་རིང་པོའི་དུམ་བུ་དེ་ལྟ་སྐོར་ཁུལ་དུ་གཏན་འཁེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་བྱས་ཡོད།

  • ཅང་ཞི་ཡིས་ཟླ10པའི་ཚེས1ཉིན་ནས་བཟུང་སྡོད་ཁུལ་གྱི་སྤྱི་པའི་རླངས་འཁོར་འཇོག་གནས་ཀྱི་ཡོང་འབབ་དང་བརྡ་ཁྱབ་གནས་ཀྱི་ཡོང་འབབ་སོགས་སྤྱི་པའི་ཡོང་འབབ་དེ་འཛུགས་སྐྲུན་དངོས་པོ་དང་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་ཉམས་གསོའི་ཁ་གསབ་མ་དངུལ་དུ་སྤྱོད་ཆོག་པ་ཁ་གསལ་བཏོན་ཡོད།

    དེ་རིང་གི་གནམ་གཤིས།

6.jpg

  • ནང་སོག་དབུས་རྒྱུད་ཀྱི་ལྷོ་རྒྱུད་ས་ཁུལ་དང་། ཧྲའན་ཞིའི་བྱང་རྒྱུད་དང་ལྷོ་རྒྱུད། ཧྲན་ཞིའི་དབུས་བྱང་རྒྱུད། ཧོ་པེའི་བྱང་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད་མཚོ་རྒྱུད། ཧྥུ་ཅན་བྱང་རྒྱུད་ཀྱི་མཚོ་རྒྱུད། ཀོང་ཏུང་གི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་པ་དང་། ས་ཁུལ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།