དེ་རིང་ནི2025ལོའི་ཟླ08པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-08 09:16:04   |   401

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་དབྱང་ཆོན་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཐོན་བརྒྱའི་དམག་ཆེན་གྱི་དྲན་གསོའི་རྡོ་རིང་ཐང་ཆེན་དུ་ཐོན་བརྒྱའི་དམག་ཆེན་གྱི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ལ། ཐོན་བརྒྱའི་དམག་ཆེན་དྲན་གསོ་ཁང་དུ་གཟིགས་སྐོར་གནང་སྟེ་འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་འགོག་དམག་དམངས་ཀྱི་མགོ་ཁྲིད་དེ་དགྲ་བོ་མཉམ་འགོག་དང་ཕྱི་ཕྱོགས་ཀྱི་བརྙས་བཅོས་འགོག་རྒོལ་བྱེད་ཕོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་བསྐྱར་དྲན་དང་། ས་གནས་དེ་གས་གསར་བརྗེའི་ལོ་རྒྱུས་སློབ་གསོ་སྤེལ་བ་དང་རླབས་ཆེན་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

2.jpg

  • ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱང་ཆོན་ཧྥ་མོན་མ་རྐང་ཚད་ཡོད་སྤྱི་གཉེར་དུ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དང་ཐོན་རྫས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ་དང་། ཡུལ་དངོས་ཀྱི་བཟོ་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ཧྲན་ཞི་ཡིས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་ཚད་མགྱོགས་སུ་བཏང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

  • ཞི་ཅིན་ཕིང་གིས་སུའོ་ལུའོ་མོན་གླིང་ཚོམ་གྱི་རང་བཙན་ཉིན་མོར་སུའོ་ལུའོ་མོན་གླིང་ཚོམ་གྱི་སྤྱི་དཔོན་ཁ་ཕུའུ་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

  • མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལངས་ནས་ལོ88འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་དང《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེ་ཡོང་ཆེད》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་གྱི་མགོ་ཚུགས་མཛད་སྒོ་ཚེས7ཉིན་གྱི་སྔ་དྲོར་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འཚོགས།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ལྷན་གྱིས་བསམ་འཆར་ཁྱབ་བསྒྲགས་བྱས། བཟའ་བཅའི་བདེ་འཇགས་ཉེན་ཁའི་བྱུར་རྐྱེན་ནང་ཁུལ་གྱིས་སྙན་ཞུ་ཞུ་བའི་བྱ་དགའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་བཟའ་བཅའི་ལས་ཞུགས་མི་སྣའི་ནང་ཁུལ་གྱི་སོ་ལྟ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་རེད།

  • ཚེས7ཉིན་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2025ལོའི་ཟླ6པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར33174ཟིན་པ་དེ་ཟླ་ལྔ་པའི་ཟླ་མཇུག་དང་སྡུར་ན་ཨ་སྒོར་དུང་ཕྱུར322འཕར་ཡོད'

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཉིན་ཤས་གོང2025ལོའི་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱེད་སྒོ་སྤེལ་མགོ་ཚུགས་པ་དང་། བྱེད་སྒོ་དེ་ཟླ་བདུན་པ་ནས་ཟླ12བར་སྤེལ་རྒྱུ་རེད།

  • རང་རེའི་ཕྱི་འབྲེལ་པུས་ལྗང་མདོག་ནི་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་རྨང་གཞི་མངོན་གསལ་དོད་པོ་ཞིག་ཡིན་པས་ཕྱོགས་གཉིས་པོར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་བཤད།

  • ས་གནས་དེ་གའི་ཚེས6ཉིན་གྱི་དགོང་མོའི་བར། ཨ་རིའི་ཏེ་ཁེ་ས་སི་མངའ་སྡེ་རུ་ཆུ་ལོག་བྱུང་ནས་ཉུང་མཐར་ཡང་མི82རྐྱེན་ལམ་དུ་ཤོར་བའི་ནང་བྱིས་པ28ཚུད་ཡོད།

    སྤྱི་ཚོགས།

4.png

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་བཞི་པ་སྟེ“ཏན་ན་སི”ཚེས8ཉིན་གྱི་ཕྱི་དྲོ་ནས་ཚེས9ཉིན་གྱི་ཐོ་རེངས་བར་དུ་ཀྲེ་ཅང་ཐའེ་ཀྲོའུ་ནས་ཧྥུ་ཅན་ཉིང་ཏེ་བར་གྱི་མཚོ་རྒྱུད་ནས་སླར་ཡང་སྐམ་སར་འཛེག་རྒྱུ་ཡིན་པ་དང་། སྐམ་སར་འཛེགས་རྗེས་ནུབ་ཡོའི་ལྷོ་རྒྱུད་དུ་སྤོ་རྒྱུ་ཡིན་པས་དྲག་ཚད་དལ་དུ་འགྲོ་རྒྱུ་རེད།

  • དམངས་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ5པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་ཚད་གཞི་མི་རེར་ཟླ་རེར་སྒོར799.7དང་སྒོར594.9རེ་ཡིན།

  • སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ནས་བཟུང་ས་གནས་ཁག་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་བཏང་བས། ཞིང་ཆེན་མང་པོ་ཞིག་ཏུ་ལས་མགོ་ཚུགས་ཚད50%ལས་བརྒལ་ཡོད།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གནས་སྐོར་མེ་འཁོར་ཐེངས་གྲངས630བཏང་བ་དེ་དུས་མཚུངས་ལས20.2%འཕར་ཡོད།

  • ཚེས7ཉིན་ནས་བཟུང་ཀྲུང་དབྱང་ཡིག་ཚགས་ཁང་གིས་སྤྱི་ཚོགས་ལ་ཉར་ཚགས་བྱས་པའི་ཡིག་ཚགས་དཔྱད་གཞི་ཁག་བདུན་པ་གཅིག་སྡུད་ཐོག་སྒོ་ཕྱེས་པའི་ནང་འཇར་འགོག་དམག་འཁྲུག་གི་ཆེད་དོན་ཡིག་ཚགས་ཁྲི4ལྷག་ཙམ་ཚུད་ཡོད་པ་དང་། དུས་ཚོད་ནི1931ལོའི་ཟླ9པ་ནས1945ལོའི་ཟླ9པའི་བར་ཡིན།

  • ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གི་དཔུང་སྡེ་ཨང་བདུན་གསུམ་གཅིག་གི་ཉེས་དཔང་བཤམས་སྟོན་ཁང་གིས་རྒྱལ་ནང་དུ་བདུན་གསུམ་གཅིག་དཔུང་སྡེའི་དེ་སྔའི་རུ་མི་ཧུའུ་ཐའོ་ཙེ་ཀྲེང་པང་གི་ངག་ཐོག་དཔང་ཚིག་གི་བརྙན་ལམ་དཔྱད་གཞི་ཁ་ཚང་ཐོག་དང་པོར་ཁྱབ་བསྒྲགས་བྱས།

  • ཀྲུང་གོ་རྡོ་སོལ་བཟོ་ལས་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱིས་རིམ་རྩིས་བྱས་ན་མ་བཅོས་རྡོ་སོལ་ཏུན་དུང་ཕྱུར19.9ཐོན་སྐྱེད་བྱས་ཡོད།

5.jpg

  • ཚེས7ཉིན་གྱི་སྔ་དྲོར། མཚོ་དམག་ཧྲན་ཏུང་དམག་གྲུའི་གྲུ་གཟིངས་དཔུང་རུའི་དུས་ཡུན་ཉིན་ལྔའི་འཚམས་འདྲིའི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་གྲིལ་ནས་ཤང་ཀང་ནས་ཕྱིར་ལོག འཚམས་འདྲི་བྱེད་རིང་ཤང་ཀང་གི་གྲོང་མི་དང་གཞོན་ནུ་ལོ་ཆུང་སློབ་མ་དང་དེ་བཞིན་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ་ཁྲི3ལྷག་ཙམ་གྱིས་དམག་གྲུར་ལྟ་སྐོར་བྱས་ཡོད།

  • ཚེས7ཉིན། རང་རྒྱལ་གྱི་བར་སྣང་འཚོལ་ཞིབ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་ཐོག་མ་དེ་བཙུགས།

    སྲིད་ཇུས།

  • 《སྲིད་འཛིན་ས་ཁོངས་ཀྱི་ཚབ་རྟགས་དོ་དམ་བྱ་ཐབས》ཉིན་ཤས་གོང་བཏོན། དེ་ཡིས་རང་རྒྱལ་གྱི་ཞིང་ཆེན་དང་། ས་ཁུལ། རྫོང་། ཡུལ་ཚོ་བཅས་རིམ་བཞིའི་སྲིད་འཛིན་ས་ཁོངས་ཀྱི་ཚབ་རྟགས་གཏན་འཁེལ་དང་། ཡོངས་བསྒྲགས། བེད་སྤྱོད་བཅས་ལ་ཚད་ལྡན་དོ་དམ་བྱས་ཡོད། ཟླ9པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གཞུང་དོན་ཐིང་སོགས་སྡེ་ཚན་བཞིས་བརྡ་ཐོ་བཏང་ནས་རླངས་འཁོར་ཁེ་ལས་ཀྱིས་ནུས་ཚད་ཆེ་བའི་གློག་གསོག་སྒྲིག་བཀོད་དྲ་རྒྱ་རང་བསྐྲུན་བྱེད་པར་རྩ་དོན་ཐོག་ཁྱད་པར་མེད་པར་སྒོ་དབྱེ་བྱེད་དགོས་ཞེས་བཏོན།

  • ཅི་ལིན་གྱིས་ཡིག་ཆ་བཀྲམ་པ་སྟེ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར99ལ་ལེགས་སྒྲིག་བྱ་རྒྱུ་དང་། ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར93ལ་ལེགས་སྒྲིག་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

6.jpg

  • ཀྲེ་ཅང་གི་དབུས་ཤར་རྒྱུད་དང་། སི་ཁྲོན་གྱི་ཤར་རྒྱུད། ཧྲའན་ཞིའི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ནུབ་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། ཧྲན་ཞིའི་དབུས་ལྷོ་རྒྱུད། ཧོ་པེའི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཀྲེ་ཅང་གི་ཤར་ལྷོའི་རྒྱུད་དང་སི་ཁྲོན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།