དེ་རིང་ནི2025ལོའི་ཟླ07པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-09 09:15:24   |   80

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

微信图片_20250709093339.jpg

  • ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་ཐོན་ཁུངས་རྣམ་པའི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་ཧུར་ཐག་སྤོས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཧྲན་ཞིའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་གྱིས་བསྟན།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《“ཕན་ནུས་ཆེ་བའི་སྒོ་ནས་དོན་དག་གཅིག་སྒྲུབ་པའི”གཙོ་གནད་དོན་གནད་རྒྱུན་རྣམ་ཅན་གྱི་སྐུལ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བདུན་གྱིས་མཉམ་འབྲེལ་ཐོག《ཀུན་ཕན་བུ་བཅོལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་རིམ་པ་མང་བའི་སྣ་མང་ཅན་གྱི་བུ་བཅོལ་ཞབས་ཞུའི་དགོས་མཁོ་སྐོང་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་ནང་བཞུར་ཆུ་བོའི་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར20ལས་བརྒལ་བ་དེ་དུས་མཚུངས་ལས4%ཙམ་འཕར་ཡོད།

  • ཉེ་ཆར་རང་རྒྱལ་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར100གསར་དུ་གཤམ་སྤྲོད་བྱས་ཏེ། རྒུད་གསབ་ལས་སྤྲོད་བྱས་ཏེ་རྣམ་གྲངས1975ལག་བསྟར་བྱ་རྒྱུ་དང་ངལ་ནུས་གླ་ཆ་སྒོར་དུང་ཕྱུར45.9སྤྲོད་རྒྱུ་རེད། སྔོན་དཔག་བྱས་ན་གཙོ་གནད་ཚོགས་སྤྱིའི་མི་ཁྲི31ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུ་རེད།

  • ཚེས8ཉིན་གྱི་ཆུ་ཚོད15:09སྟེང་། མཁའ་གྲུ་ཨང་བརྒྱད་པའི་ཟོག་འདྲེན་འཕུར་གྲུ་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་ནས་བདེ་བླག་ངང་བྲལ་ཏེ་རང་ཚུགས་འཕུར་སྐྱོད་དུས་མཚམས་སུ་སླེབས།

  • ཚེས7ཉིན་ཨ་རི་ཕྱོགས་ཀྱིས་ཟླ8པའི་ཚེས1ཉིན་ནས་བཟུང་འཇར་པན་དང་ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ14ཡི་ནང་འདྲེན་ཐོན་རྫས་ལ25%ནས40%བར་གྱི་སྒོ་ཁྲལ་བསྡུ་རྒྱུ་ཡིན་ཞེས་བཤད།

  • ཚེས8ཉིན། ཡོ་རོབ་མནའ་འབྲེལ་གྱིས་པུར་ཀ་རི་ཡར2026ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ཡོ་སྒོར་སྤྱོད་རྒྱུའི་ཆོག་མཆན་དངོས་སུ་སྤྲད།

    སྤྱི་ཚོགས།

4b8d359a215895ec483e9fa87f362ab.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་གྱི་ཉེན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་། ཅང་སུའུ་ཡི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་དང་། ཧྲང་ཧའེ་ཡི་མཚོ་རྒྱུད། ཀྲེ་ཅང་གི་མཚོ་རྒྱུད། ཧྥུ་ཅན་གྱི་མཚོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་མཚོ་རྒྱུད། ཀོང་ཏུང་གི་ཤར་རྒྱུད་མཚོ་རྒྱུད་བཅས་སུ་རླུང་ཆེན་རིམ་པ་དྲུག་ནས་བདུན་བར་གཡུག་རྒྱུ་རེད།

  • ཚེས8ཉིན། “མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད།——ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན”དེ་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དྲན་གསོ་ཁང་དུ་དངོས་སུ་སྤྱི་དམངས་ལ་སྒོ་ཕྱེས།

  • ཚེས8ཉིན་བར། 2025ལོའི་ལོ་འཁོར་གྱི་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར300ལས་བརྒལ། དེ་ན་ནིང་དང་བསྡུར་ན་ཉིན28ཀྱིས་སྔ་སྣུར་བྱས་ཡོད།

  • ཚེས8ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། ཞུ་སྦྱོར་ཕྱི་མ་ཝང་ཡུང་ལ་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

  • ཧུའུ་པེ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཀྲོའུ་ཞན་དབང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • འཛམ་གླིང་མྱུར་བགྲོད་ལྕགས་ལམ་ཚོགས་ཆེན་སྐབས་བཅུ་གཉིས་པ་ཚེས8ཉིན་པེ་ཅིང་དུ་མགོ་ཚུགས་པ་དང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས60ལྷག་ཙམ་གྱི་འཐུས་མི2000ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

  • ཚེས8ཉིན། ཀན་སུའུ་ཐེན་ཧྲུའེ་གྲོང་ཁྱེར་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་ཐེན་ཧྲུའེ་གྲོང་ཁྱེར་མའེ་ཅི་ཆུས་ཕེ་ཞིན་བུ་བཅོལ་ཁང་གི་བྱིས་པའི་ཁྲག་ནང་ཞ་ཉེ་འདུས་ཚད་རྒྱུན་ལྡན་མིན་པའི་གནད་དོན་ལ་བརྟག་དཔྱད་དང་ཐག་གཅོད་བྱས་ཚུལ་སྐོར་གྱི་བརྡ་ཁྱབ་བཏང་བ་དང་། མི8ཉེས་དོན་བཀག་ཉར་བྱས།

91c7ba2c964f1d7535255ca67dac075.jpg

  • ཀྲེ་ཅང་ཉིང་པོའི་སྐྱེས་པ་ཞིག་ལག་རྩེད་སྤོ་ལོའི་ཐང་དུ་གློ་བུར་དུ་སྙིང་རྩ་འགག་པ་ན། སྤོ་ལོ་རྒྱག་མཁན་ཅང་ཡུས་ཆི་དང་། ལི་ཡུས་ཧུང་། སངས་ཁང་ཅན་བཅས་གསུམ་གྱིས་རེས་མོས་ལྟར་ཁོང་ལ་དྲན་པ་གསོ་ཐབས་ཀྱི་ཐབས་སྤྱད་པ་དང་དེ་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་པར་བསྐྱལ་བས་མིག་སྔར་སྐྱེས་པའི་གཟུགས་པོར་སྐྱོན་ཆེན་པོ་མེད།

    སྲིད་ཇུས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། བཟོ་འཕྲིན་པུ། རྒྱལ་ཁབ་ནུས་རྒྱུ་ཅུ་བཅས་ཀྱིས་བརྡ་ཐོ་བཏང་ནས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་སྔོན་ལ་ཐཱན་མེད་པའི་གླིང་ཁུལ་ཁག་གཅིག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཧའེ་ནན་གྱིས་ཇུས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། 2025ལོར་བྱང་ཚད་མཐོ་བའི་ཞིང་པ་གསོ་སྐྱོང་བྱེད་པའི་མ་དངུལ་སྒོར་ཁྲི2926ཟིན་པ་དང་། དམིགས་འབེན་ནི་བྱང་ཚད་མཐོ་བའི་ཞིང་པ5870གསོ་སྐྱོང་དང་། རྒྱུན་གཏན་གསོ་སྦྱོང་དུ་མི2900ཞུགས་རྒྱུ། མི2970ལ་ཆེད་དོན་གསོ་སྦྱོང་བྱ་རྒྱུ། ཞིང་པའི་བློ་ཡིད་ཚིམ་ཚད90%ཡན་ལ་སླེབས་རྒྱུ་བཅས་ཡིན།

  • ཀུའེ་ཀྲོའུ་ཡིས་བརྡ་ཐོ་བཏང་ནས་མཐོ་སློབ་མཐར་ཕྱིན་སློབ་མས་དངོས་སྦྱོང་དང་། ལྟ་སྦྱོང་། ངལ་ནུས་མངགས་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་ཆེན་ཁོངས་གཏོགས་དང་གྲོང་ཁྱེར(ཁུལ)ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སུ་ལས་ཀ་བྱས་ནས་རིམ་རྩིས་བྱས་ན་ལོ2ཡན་སོང་བ་དང་། ཕྱོགས་བསྡུས་དཔྱད་ཞིབ་ལས་ཕུལ་བྱུང་ཐོབ་ན་གཞུང་ཁོངས་ཁེ་ལས་ཀྱི་ལས་བསྡུའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་གདན་ཞུ་བྱེད་ཆོག

    དེ་རིང་གི་གནམ་གཤིས།

da0468c181b90d5b92f779805e5bbc0.jpg

  • ཀྲེ་ཅང་གི་ལྷོ་རྒྱུད་དང་ཤར་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཅང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིང་གི་དབུས་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ནང་སོག་གི་དབུས་རྒྱུད་དང་ཧོ་ཐའོ་ས་ཁུལ། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་དབུས་རྒྱུད་དང་བྱང་རྒྱུད། ཧོ་པེའི་དབུས་ལྷོ་རྒྱུད། ཧུའུ་པེའི་ནུབ་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ས་ཁུལ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།