དེ་རིང་ནི2025ལོའི་ཟླ07པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-10 09:12:20   |   66

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ7ཚེས9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ལི་ཝེ་ཡའི་ཙུང་ཐུང་ཨར་སའེ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཤིང་། བྱེད་ཐབས་གསར་པ་རབས་དང་རིམ་པ་བཏོན་ཏེ་ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་བརྒྱབ།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི35ལས་བརྒལ་རྒྱུ་རེད། 

  • རྒྱལ་ཁབ་བསྡོམས་རྩིས་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་དྲུག་པར་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས0.11%འཕར་ཡོད།

  • བཟོ་འཕྲིན་པུས་དྲ་ལམ་སྐར་ཁུང་ཕྱེ་ནས། གཙོ་གནད་རླངས་འཁོར་ཁེ་ལས་ཀྱིས་བུན་དངུལ་གཏོང་སྤྲོད་དུས་འཁོར་ཁས་ལེན་ལག་བསྟར་དང《ཁེ་ལས་འབྲིང་ཆུང་གི་གྲོན་དངུལ་གཏོང་སྤྲོད་འགན་ལེན་བྱེད་པའི་སྲོལ་ཡིག》དོན་འཁྱོལ་བྱེད་ཤུགས་མི་འདང་བ་སོགས་གནད་དོན་སྐོར་གྱི་ཁེ་ལས་འབྲིང་ཆུང་གི་ཚུར་སྣང་བདག་སྤྲོད་བྱས།

图片1.png

  • ཚེས9ཉིན་གྱི་ཕྱི་དྲོར། ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་བར་སྣང་ནས་ཕྱིར་ལོག་རྗེས་ཐོག་མར་ཕྱིར་མངོན་ཏེ། ཉིན183ལ“བར་སྣང་དུ་གཞུང་དོན་སྒྲུབ་པའི”ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས།

  •  རང་རྒྱལ་གྱི་གཏེར་ཁ་འཚོལ་བའི་ཐད་འགག་སྒྲོལ་ཆེན་པོ་བྱུང་བ་སྟེ། ཧུའུ་ནན་བྱ་རྐང་རི་བོའི་གཏེར་ཁུལ་དུ་རུལ་འགྱུར་འཛེང་རྡོའི་རྣམ་པའི་ལི་གཏེར་ཁ་རབ་ཆེ་གསར་རྙེད་བྱུང་ནས། ལི་གཏེར་རྡོ་ཏུན་དུང་ཕྱུར4.9དང་དབྱང་འགྱུར་ལི་ཐོན་ཁུངས་ཏུན་ཁྲི་131སྤྲད།

  • ཀྲུང་དབྱང་སྲིད་གཞུང་གིས་ཚེས16ཉིན་ཨའོ་མོན་དུ་རྒྱལ་བུན་མི་དམངས་ཤོག་སྒོར་དུང་ཕྱུར60འགྲེམས་སྤེལ་བྱ་རྒྱུ་རེད།

  • ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཐའེ་ཝན་ས་ཁུལ་གྱི་དངོས་ཚན8ཕྱིར་གཏོང་བཙན་སྡོམ་བདག་གཅུན་གྱི་མིང་ཐོའི་ནང་བཅུག 

  • ཚེས8ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཨ་རིར་ནང་འདྲེན་བྱས་པའི་ཟངས་ཚང་མར་སྒོ་ཁྲལ་གསར་པ50%བསྡུ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

  • རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་བཅུ་དྲུག་གིས་མཉམ་འབྲེལ་ཐོག2025ལོའི་དབྱར་གསེང་བྱིས་པར་གཅེས་སྐྱོང་ཞབས་ཞུའི་བྱེད་སྒོ་བཀོད་སྒྲིག་བྱས་ཏེ། མི་སྤྱོད་ཚན་པས་ལས་བཟོའི་བུ་ཕྲུག་གི་དབྱར་གསེང་ཚབ་གཉེར་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་ལྕག་བྱས་ཤིང་ཁྱིམ་ཚང་གིས་གུང་གསེང་རིང་བྱིས་པར་ལྟ་སྐྱོང་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་རོགས་བྱས་ཡོད།

  • ནོར་སྲིད་པུ་དང་འཕྲལ་བསྟུན་དོ་དམ་པུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.5འཕྲལ་མར་བཏང་ནས་ཀྲེ་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)6གིས་འབྲུབ་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་ནས་ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་གནོད་འཚེ་འགན་ལེན་ཚོད་ལྟའི་གནས་རྒྱ་ཆེར་བཏང་ནས་ཞིང་ཆེན10དང་ཏི་ཏི་ཕྱིར་སྐྱོད་སོགས་སྟེགས་བུ་ཁེ་ལས་གསར་སྣོན་བྱས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ6ཚེས30ཉིན་བར་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཁུལ337དུ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་རྩིས་ཐོ་ཞིང་ཆེན་བརྒལ་ནས་སྤྲོད་ཐུབ་པ་མངོན་འགྱུར་བྱུང་།

  • ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཏོའུ་ཝན་ཀུའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཏོའུ་ཝན་ཀུའེ་ལ་སྲོག་ཆད་ཕྱིར་འགྱངས་བྱས།

图片2.png

  • པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ལྟ་སྐོར་ཡུལ་སྐོར་མེ་འཁོར་ཐོག་མ“སྐར་འོད·ཡན་ཀྲའོ་རྟགས་ཅན”དེ་པེ་ཅིན་དུ་གཏོང་མགོ་ཚུགས་ཤིང་། མཛེས་ལྗོངས་སྐར་ཁུང་ཤིན་ཏུ་ཆེན་པོ་ཇུས་འགོད་བྱས་ཏེ་འགྲུལ་པར་སྔར་བས་ཁོད་ཡངས་པའི་ལྗོངས་གཟིགས་མཐོང་གཡེལ་མཁོ་འདོན་བྱས།

  • ཀྲེ་ཅང་ཧུའུ་ཀྲོའུ་ཡིས“བརྙན་ཤེལ་ནང་གི་ཕྱི་ཚུལ་རིང་ལུགས་”ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ། གཞུང་དོན་བྱེད་སྒོའི་ནང་བརྙན་ལམ་ཚད་ལས་བརྒལ་བ་སྤྱོད་པར་བཀག་འགོག་བྱས།

  • ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་ཀོང་ཀྲོའུ་ནས་ཨའོ་ཁེ་ལན་དང་དེ་ནས་ཞི་ཉི་བར་གྱི་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་ཡོད། དེ་ནི་རྒྱལ་ནང་གི་མཁའ་འགྲུལ་ཀུང་སིས་ཀྲུང་གོའི་སྐམ་ས་ཆེ་མོ་ནས་ནེའུ་ཙི་ལན་དུ་ཐད་ཀར་འཕུར་བའི་དུས་བཀག་དང་དངོས་གཞིའི་ཟོག་འདྲེན་གནམ་གྲུ་ཆ་ཚང་གི་དུས་གཏན་གནམ་གྲུ་ཐོག་མ་རེད།

图片3.png

  • ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་དུ་སྨར་སྲིན་ཆེ་གྲས་གསུམ་ཤེས་རྟོགས་བྱུང་བ་དེ་དག་ལ་རིས་མང་སྨར་སྲིན་དང་། ཐུམ་ཆེན་སྨར་སྲིན། དེ་བཞིན་ཟླུམ་ཁྲབ་ཤ་མོ་ཆུང་ཆུང་བཅས་ཀྱི་མིང་བཏགས་ཡོད།

图片4.png

  • ཧྲན་ཏུང་ཆིང་ཏའོ་ཡི་བུད་མེད་ཡུལ་སྐོར་པ་ཞིག་གིས་ལག་ཐོགས་ཁ་པར་སྒྲུག་ཆེད་སེམས་ཆུང་མ་བྱས་པར་རྒྱ་མཚོའི་ནང་ལྷུང་ཞིང་། མཚོ་འགྲམ་དུ་མ་རྨོས་ལོ་ཏོག་འཚོང་མཁན་ལིའུ་ཡུས་རུང་དཔའ་ངར་ཆེན་པོས་རྒྱ་མཚོར་མཆོངས་ནས་བདེ་བླག་ངང་སྲོག་བསྐྱབས།

སྲིད་ཇུས།

  • ཅི་ལིན་ཞིང་ཆེན་གྱིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་བའི་དུས་ཚད་ཇེ་ལྷོད་དུ་བཏང་ནས་ཐོབ་ཐང་ལག་ཁྱེར་བརྗེ་བའི་དུས་ཚད་ཟླ་དྲུག་བར་སྔ་སྣུར་བྱས་ཡོད།

  • ཐེན་ཅིན་གྱིས་བྱེད་ཐབས་སྣ་ཚོགས་བཏོན་ནས་ལས་གཏོད་དངུལ་འཇོག་ལ་རྒྱབ་སྐྱོར་བྱས་ཤིང་། ལས་གཏོད་དངུལ་འཇོག་སྒྲིག་གཞིས་སྔ་ཙམ་དང་། ཆུང་ཙམ། ཡུན་རིང་། ཚན་རྩལ་བཅས་ལ་མ་དངུལ་གཏོང་བར་སྐུལ་ལྕག་བྱས།

  • ཧྲང་ཧའེ་ཡིས་ཁོངས་བྲལ་ཁྲལ་སློག་འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་ནས། ཁོངས་བྲལ་ཁྲལ་སློག་ཞབས་ཞུ་འགྲེམས་ཚོགས་སུ་ཁྱབ་པ་བྱས་ཏེ་ཁོངས་བྲལ་ཁྲལ་སློག་ཚོང་ཁང་གིས“ཉོས་མ་ཐག་ཕྱིར་སློག་བྱེད་པའི”ལས་སྒོ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

དེ་རིང་གི་གནམ་གཤིས།

图片5.png

  • ཧུའུ་ནན་ལྷོ་རྒྱུད་དང་། ཅང་ཞིའི་ལྷོ་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ཤར་རྒྱུད། ཀོང་ཞིའི་ལྷོ་རྒྱུད་དང་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧྥུ་ཅན་གྱི་ལྷོ་རྒྱུད་དང་ཀོང་ཏུང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། ས་ཆ་ཁ་ཤས་སུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།