དེ་རིང་ནི2025ལོའི་ཟླ07པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-11 09:18:31   |   50

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ7ཚེས10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གླེང་མོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • རྒྱལ་ཁབ་བསྡོམས་རྩིས་ཅུས་ཚེས10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་རྒྱལ་ཡོངས་ཀྱི་དབྱར་འབྲུའི་སྤྱིའི་ཐོན་འབོར་རྒྱ་མ་དུང་ཕྱུར2994.8ཟིན་ནས་རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་བརྟན་ལོ་ལེགས་བྱུང་ཡོད།

  • ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་ནོར་སྲིད་པུས《2025ལོར་ལས་འཁྱུར་ངལ་གསོ་བྱེད་མཁན་གྱི་གཞི་རྩའི་རྒན་གསོའི་མ་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2025ལོའི་ལོ་སྟོད་དུ་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི1500ལས་ཐོག་མར་བརྒལ་བ་དེ་དུས་མཚུངས་ལས་གྲངས་གནས་གཉིས་འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས9ཉིན་བར་ད་ལོའི་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར1000ལས་བརྒལ་བ་དེ་ན་ནིང་ལས་དངོས་ཟོག་དུང་ཕྱུར་སྟོང་གིས་ཉིན35ཇེ་སྔ་རུ་གྱུར་ཡོད།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་གཏེར་ཁ་ཁག38གསར་དུ་ཤེས་རྟོགས་བྱུང་བ་དེ་དུས་མཚུངས་ལས31%འཕར་ཡོད།

  • རྒྱལ་ཁབ་གེགས་འགོག་གེགས་འཕྲི་གེགས་སྐྱོབ་ཨུ་ལྷན་གཞུང་ལས་ཁང་གིས་ཉིན་ཤས་གོང་ཛ་དྲག་བརྡ་ཐོ་བཏང་ནས་ཨར་ལས་བྱ་ཡུལ་དུ་མང་ཚོགས་ཤི་རྨས་བྱུང་བའི་གནོད་འཚེའི་ལས་འཛོལ་སྣ་ཚོགས་ཚང་མ་རིམ་པ་སྤར་ནས་བརྟག་དཔྱད་བྱེད་དགོས་པ་ཁ་གསལ་དུ་བཏོན་ཡོད།

640.jpg

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས10ཉིན་གྱི་ཆུ་ཚོད9པར་ཞའོ་ལང་ཏི་ཆུ་མཛོད་ཀྱི་ཆུ་སྨི220.54བར་ཕྱིར་གསོག་པ་དེས2025ལོར་རྨ་ཆུའི་ཆུ་འདྲེན་བྱེ་འདྲེན་ཆུ་མཛོད་བཀོད་གཏོང་བདེ་བླག་ངང་མཇུག་བསྒྲིལ་པ་མཚོན་ཡོད།

  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མ་ལེ་ཞི་ཡ་སྲིད་གཞུང་གི་གཞུང་དོན་སྤྱིར་བཏང་ལམ་ཡིག་དང་སྤྱིར་བཏང་ལམ་ཡིག་ཐོགས་པའི་མི་སྣས་ཕན་ཚུན་ཐོངས་མཆན་འགོད་མི་དགོས་པའི་སྐོར་གྱི་གྲོས་ཆོད》2025ལོའི་ཟླ7ཚེས17ཉིན་ནས་ནུས་པ་ཐོན་རྒྱུ་རེད།

  • ཐེ་རོན་ཕུས་ཟླ8ཚེས1ཉིན་ནས་བཟུང་ཨ་རིར་ནང་འདྲེན་བྱས་པའི་ཟངས་ཚང་མར་སྒོ་ཁྲལ50%བསྡུ་རྒྱུའི་ཁྱབ་བསྒྲགས་བྱས། ཚེས10ཉིན་རང་རྒྱལ་ཕྱི་འབྲེལ་པུས་སྒོ་ཁྲལ་དམག་འཐབ་དང་ཚོང་དོན་འཁྲུག་རྩོད་ལ་རྒྱལ་ཁ་ཐོབ་མཁན་མེད་པ་དང་སྒོ་ཁྲལ་གང་བྱུང་དུ་བསྡུ་བ་དེ་ཕྱོགས་གང་རུང་ཞིག་གི་ཁེ་ཕན་དང་མི་མཐུན་པ་ཞིག་ཡིན་ཞེས་ལན་བཏབ་པ་རེད།

སྤྱི་ཚོགས།

640 (1).jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གཙང་པོ་འབྲིང་ཆུང་གི་ཆུ་ལོག་གནམ་གཤིས་ཀྱི་ཉེན་ཁའི་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན་ཚེས10ཉིན་གྱི་ཆུ་ཚོད20ནས་ཚེས11ཉིན་གྱི་ཆུ་ཚོད20བར་ཧྥུ་ཅན་ཤར་ལྷོའི་རྒྱུད་དང་ཀོང་ཏུང་ཤར་རྒྱུད་སོགས་ས་ཁུལ་དུ་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཆེན་པོ་ཡོད་པ་རེད།

  • ཚེས10ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《མཐོང་དཀོན་པའི་ནད་རིགས86གི་ནད་བརྟག་སྨན་བཅོས་ཕྱོགས་སྟོན(2025ལོའི་པར་གཞི)》ཁྱབ་བསྒྲགས་བྱས།

  • ཚེས10ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཕྱི་འབྲེལ་ཚོང་དོན་དང་མཚོ་དོན་འདུམ་འགྲིག་གི་དཔེ་མཚོན་གྱོད་གཞི་ཁག་དང་པོ་ཁྱབ་བསྒྲགས་བྱས་པ་དེ་སིང་ཀ་ཕོར་དང་། ལྷོ་ཁོ་རེ་ཡ། དབྱི་ཐ་ལི། ཨ་རི་སོགས་རྒྱལ་ཁབ་དྲུག་དང་འབྲེལ་བ་ཡོད།

  • ཟླ་བའི་ལྷ་མོ་ཨང་རྟགས་དྲུག་པ་སྤྱད་དེ་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་དངོས་དཔེ་ལས་ཐོབ་པའི་ཞིབ་འཇུག་གྲུབ་འབྲས་བཞི་མདུན་ཤོག་རྩོམ་ཡིག་གི་རྣམ་པའི་ཐོག་ནས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང》དུས་དེབ་ཐོག་སྤེལ་ནས་མིའི་རིགས་ལ་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་རིམ་འགྱུར་ལོ་རྒྱུས་ཐོག་མར་གསལ་སྟོན་བྱས།

640 (2).jpg

  • ཚེས10ཉིན། 2025ལོའི་འཛམ་གླིང་བུད་མེད་འཕེན་འཕང་སྤོ་ལོའི་མཉམ་འབྲེལ་འགྲན་སྡུར་ལས་ཨ་རིའི་ཨ་ལིང་ཏུན་ས་ཚིགས་ཀྱི་འགྲན་སྡུར་ནང་ཀྲུང་གོའི་བུད་མེད་འཕེན་འཕང་སྤོ་ལོའི་རུ་ཁག་གིས3:2ཀྱི་ཐོག་ནས་ཏུའོ་སྨི་ཉི་ཅ་བུད་མེད་འཕེན་འཕང་སྤོ་ལོ་ལས་རྣམ་པར་རྒྱལ་ནས་ས་ཚིགས་འདིའི་འགྲན་མགོ་རྒྱལ་བར་གྱུར།

  • གོ་ལ་ཧྲིལ་པོའི་འགྲེ་གདུབ་འཕྲུལ་འཁོར་ཆེ་ཤོས(སྨི22)ཀྱི་འཁོར་རྟེན་ཆ་ཚང་ལུའོ་དབྱང་དུ་བཟོས་ནས་རྩིས་སྤྲོད་བྱས་པ་དེས་རང་རྒྱལ་གྱིས་ཚད་བརྒལ་འཁོར་རྟེན་ཇུས་འགོད་དང་བཟོ་སྐྲུན་ཁྱབ་ཁོངས་སུ་སླར་ཡང་སྣེ་ཁྲིད་ཐུབ་པ་མཚོན་ཡོད།

  • 《ནོ་ཊ་ལས་སྒྱུ་འཕྲུལ་བྱིས་པས་ཀླུ་ཡུལ་དཀྲུགས་པ》དབྱིན་སྐད་ཀྱིས་སྐད་སྦྱོར་བྱས་པའི་པར་གཞི་སྟོན་པའི་དུས་ཚོད་ཁྱབ་སྒྲོག་བྱས་ཏེ། ཟླ8ཚེས22ཉིན་ནས་བཟུང་ཨ་རི་དང་། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན་བཅས་སུ་གཅིག་རྗེས་གཉིས་མཐུད་ངང་སྟོན་རྒྱུ་རེད།

  • ཁྲེན་ཏུའུ་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། སུན་ཆེ་གེ་མོས་དྲ་རྒྱའི་རྒྱུག་ཚད་མང་པོ་ལེན་ཆེན། དྲ་རྒྱའི་ཐད་གཏོང་ཁྲོད“གྲོན་དངུལ་སྤྲད་དེ་ཚོགས་མིར་གྱུར་ཚེ་རྒྱུགས་སྤྲོད་སློབ་མ་སློབ་གྲྭ་ག་གེ་མོ་ཞིག་གི་དམིགས་བསལ་འཛིན་གྲྭར་བཀོད་སྒྲིག་བྱེད་ཆོག”ཅེས་རྫུན་བཟོ་བྱས་པས་སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་ནས་སྲིད་འཛིན་བཀག་ཉར་བྱས་ཡོད།

640 (3).jpg

  • ཧོ་ནན་ཅི་ཡོན་གྱི་ཟོག་འདྲེན་རླངས་འཁོར་ཆུང་ཆུང་ཞིག་ལ་མེ་ཤོར་བ་དང་། གུང་གསེང་བཏང་ནས་ལམ་དེར་བརྒྱུད་པའི“ཐིག་རབས་པའི”མེ་ཟོན་མི་སྣ་ཉིའུ་དབྱི་ཏུང་གིས་འཕྲལ་མར་མེ་གསོད་རོགས་བྱས་ཏེ་ཁ་ལོ་བར་གྱོང་གུན་གསབ་རོགས་གང་ཐུབ་བྱས་ཡོད།

སྲིད་ཇུས།

  • དམངས་སྲིད་པུ་དང་ཚོང་དོན་པུས་ཚེས10ཉིན་རྒྱལ་ཡོངས་ཀྱི“རྒན་གསོའི་ཞབས་ཞུའི་འཛད་སྤྱོད་དུས་ཚིགས”ཀྱི་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་ནས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་། འཛད་སྤྱོད་བྱེད་ཚད་ཉུང་དུ་གཏོང་བ། སྐར་བསགས་བྱ་དགའ་བརྗེ་བ། རྒྱན་ལེན་པ། རྒན་རྒོན་ལ་ཟ་མ་སྐྱེལ་བའི་ཞབས་ཞུའི་ཁ་གསབ་སོགས་དམངས་ཕན་བྱེད་ཐབས་འདོན་རྒྱུར་སྐུལ་ལྕག་བྱས།

  • པེ་ཅིན་གྱིས་འགུལ་སྐྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་དམིགས་ཚད་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་གཏོང་བ་སོགས་ལས་འགན་ཁག24འཛད་སྤྱོད་འཕར་སྣོན་བྱེད་དགོས་ཞེས་བཏོན་ཡོད།

  • ཡུན་ནན་གྱིས་ཡུལ་སྐོར་ཁྲོམ་རའི་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་རྒྱག་པའི་བྱེད་ཐབས་ཁག10དཔར་འགྲེམས་བྱས་ཏེ། “ལུགས་མཐུན་མིན་པའི་རིན་གོང་དམའ་བའི་ཡུལ་སྐོར”དང“གཅིག་གཏད་གཅིག”གི་ངན་སེམས་རྗེས་འབྲངས་སོགས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དང་། ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་མེད་པར་བཏང་བའི་སྲིད་འཛིན་ཆད་པ་བཅད་པའི་ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་ལག་ཁྱེར་སླར་ཡང་རེ་ཞུ་བྱས་མི་ཆོག

དེ་རིང་གི་གནམ་གཤིས།

  • ཧྥུ་ཅན་ཤར་རྒྱུད་ཀྱི་མཚོ་རྒྱུད་དང་། ཧྥུ་ཅན་ལྷོ་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཀོང་ཞིའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན། ཡུན་ནན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད། ཁྲུང་ཆིང་གི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་དབུས་ལྷོ་རྒྱུད། ཅང་ཞིའི་ལྷོ་རྒྱུད། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད། ཅང་སུའུ་ལྷོ་རྒྱུད། ཀྲེ་ཅང་བྱང་རྒྱུད། ནང་སོག་གི་དབུས་རྒྱུད། ཧེ་ལུང་ཅང་གི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཀོང་ཏུང་ཤར་རྒྱུད་དང་ལྷོ་རྒྱུད་མཚོ་འགྲམ། ཧྥུ་ཅན་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། ས་ཆ་ཁ་ཤས་སུ་དྲག་ཆར་ཤིན་ཏུ་ཆེན་པོ་འབབ་རྒྱུ་ཡིན་པ་རེད།


མཉམ་སྤྱོད།