དེ་རིང་ནི2025ལོའི་ཟླ07པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-14 09:00:15   |   127

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ7ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་མོང་སིར་གློག་འཕྲིན་བཏང་ནས།  ཁོང་སུའུ་ལི་ནན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། 

  • གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི6.49ཡིན་པ་དེ་དུས་མཚུངས་ལས9.4%འཕར་ཡོད། 

  • ད་སྐབས་རང་རྒྱལ་གྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན9ཡི་སྔ་སྨིན་འབྲས་གཅིག་རྗེས་གཉིས་མཐུད་ངང་སྨིན་བཞིན་ཡོད་པ་དང་། མིག་སྔར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ཀྱི་ཐོན་འབབ་བཅུ་ཆ་གསུམ་ལས་བརྒལ་བ་དང་འཕེལ་རིམ་དུས་མཚུངས་ལས་མགྱོགས་ཙམ་ཡོད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར3559བྱས་པ་དེ་དུས་མཚུངས་ལས5.5%འཕར་ཡོད། 

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། དབྱར་ཚུགས་ཚུན་རྒྱལ་ཡོངས་ཀྱི་གློག་ཤུགས་ཐེག་ཚད་ཆེས་ཆེ་ཤོས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བསྟུད་མར་ཐེངས་གཉིས་བཏོད་དེ། ཆེས་མཐོ་ཤོས་སྟོང་ཝ་དུང་ཕྱུར14.67ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས་སྟོང་ཝ་དུང་ཕྱུར1.5ཙམ་འཕར་ཡོད།

cac844838cf0539708d50cfc3743d9e.jpg

  • ཚེས13ཉིན་རང་རྒྱལ་གྱི་རྒྱ་མཚོ་རིམ་པའི་རིག་ནུས་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཐོག་མ་དེ་ཧྲང་ཧའེ་རུ་དངོས་སུ་རྩིས་སྤྲད་པ་རེད། 

2a47393a904f3fd77ddc1b314272fc4.jpg

  • ལོ15རིང་འཛུགས་སྐྲུན་བྱས་པ་བརྒྱུད། རང་རྒྱལ་གྱི་ཆན་ཧྥུའུ750ཡི་ཚད་བརྒལ་གློག་ཆེན་གྱི་སྐོར་ལམ་བཟོ་སྐྲུན་ཆེས་ཆེ་ཤོས་ཏེ། ཤིན་ཅང་སྐོར་བའི་ཐ་ལི་མུའུ་གཤོང་སའི་ཆན་ཧྥུའུ750ཡི་གློག་སྐྱེལ་གློག་སྒྱུར་བཟོ་སྐྲུན་ཚེས13ཉིན་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ཡོད། 

  • འཇར་པན་ཕྱོགས་ཀྱིས་ཀྲུང་གོའི་དམག་མིའི་གནམ་གྲུ“རྒྱུན་ལྡན་མིན་པར་ཉེ་བར་བཅར”ཞེས་འུད་སྒྲོག་བྱས། ཚེས13ཉིན་རང་རྒྱལ་རྒྱལ་སྲུང་པུས་ཉེ་ཆར་འཇར་པན་མཁའ་འགྲུལ་རང་སྲུང་རུ་ཁག་གི་མྱུལ་ཞིབ་གནམ་གྲུ་ཀྲུང་གོའི་ཤར་རྒྱ་མཚོའི་མཁའ་ཟོན་དབྱེ་འབྱེད་ཁུལ་དུ་ཐེངས་མང་བསྐྱོད་དེ་མྱུལ་ཞིབ་བྱས་པ་དང་། ཀྲུང་གོའི་དམག་དོན་གནམ་གྲུས་ཁྲིམས་ལྟར་བདེན་དཔང་ར་སྤྲོད་དབྱེ་འབྱེད་དང་རྗེས་སྙེག་ལྟ་ཞིབ་བྱས་པས།  འབྲེལ་ཡོད་ཐག་གཅོད་བྱ་སྤྱོད་རྦད་དེ་ལུགས་མཐུན་དང་ཆེད་ལས་ཚད་ལྡན་ཡིན་ཞེས་བཤད་པ་རེད། 

    སྤྱི་ཚོགས།

  • 0edc8981a624f546e20b2215592bd6e.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། ཚེས14ཉིན་གྱི་ཉིན་མོར། ཤིན་ཅང་དང་ནང་སོག ཉིང་ཞ། ཧྲའན་ཞི། ཧྲན་ཞི། ཧོ་པེ། པེ་ཅིང་། ཐེན་ཅིན། ཧྲན་ཏུང་། ཧོ་ནན། ཨན་ཧུའེ། ཅང་སུའུ། ཀྲེ་ཅང་། ཧུའུ་པེ། ཧུའུ་ནན། ཅང་ཞི། ཀུའེ་ཀྲོའུ། སི་ཁྲོན། ཁྲུང་ཆིང་སོགས་སུ་དྲོད་ཚད35℃ཡན་གྱི་གནམ་གཤིས་ཡོད་པ་རེད། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། “ཐོག་མ་ནས་ལས་གཏོད་ཡག་པོ་བྱེད་པའི”ཐོན་ཁུངས་སྦྲེལ་མཐུད་ཞབས་ཞུའི་དུས་ཚིགས་ཀྱི་བྱེད་སྒོ་ཟླ7པ་ནས་ཟླ9པའི་བར་རྒྱལ་ཡོངས་ས་གནས་ཁག་ཏུ་དུས་གཅིག་ཏུ་སྤེལ་རྒྱུ་དང་། ལས་སྟེགས་བསྐྲུན་པ་དང་ཐབས་ལམ་རྒྱ་ཆེར་གཏོང་བ། ཐོན་ཁུངས་གཅིག་སྡུད་བཅས་བྱས་ནས་སྤུས་ཚད་མཐོ་བའི་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

  • ཚེས12ཉིན། 2025ལོའི་འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་ཨ་རིའི་ཨ་ལིང་ཏུན་ས་ཚིགས་ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས3:2ཀྱི་ཐོག་ནས་འཇར་མན་གྱི་རུ་ཁག་ལས་རྣམ་པར་རྒྱལ་ཏེ། ས་ཚིགས་འདིའི་འགྲན་བསྡུར་ལ་བསྟུད་མར་རྒྱལ་ཁ་ཐེངས་གསུམ་ཐོབ་པ་རེད།

4f92a75f484371943165ce320a8b660.jpg 

  • ཚེས13ཉིན། ཀྲུང་གོའི་རུ་ཁག་གི་སྡེབ་སྒྲིག་ཝང་དབྱི་ཏི་དང་ཁོའེ་མན་གྱིསWTTའཛམ་གླིང་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨ་རིའི་ཏ་མན་ཀོན་བུད་མེད་གཉིས་ཀྱི་རྟིང་རྩོད་ཁྲོད3:2ཀྱི་ཐོག་ནས་རུ་མི་སུན་དབྱིང་ཧྲ་དང་ཝང་མན་ཡུས་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད། 

  • ལོ་བརྒྱད་རིང་ཞིབ་བཟོ་དང་འཛུགས་སྐྲུན་བྱས་པ་བརྒྱུད། ཀྲུང་གོ་ཚན་རིག་ཁང་ནུས་ཆེའི་དངོས་ཁམས་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་པའི་ཨ་ལི་ཐོག་མའི་འཐེན་ཤུགས་རླབས་འཚོལ་ཞིབ་ཚོད་ལྟའི་དུས་ཐེངས་དང་པོ་བསྐྲུན་ཟིན་པ་དང་འབྲེལ་འོད་ཐོག་མའི་རྟོག་འཇལ་མངོན་འགྱུར་བྱུང་ཡོད། 

  • གྲངས་གཞི་ལས་མངོན་པ་ལྟར་ན། ཟླ7ཚེས1ནས10ཉིན་བར། པེ་ཅིང་འགག་སྒོའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི64ལས་བརྒལ་བའི་ནང་། ཕྱི་རྒྱལ་གྱི་གནས་སྐོར་བ་མི་ཐེངས་ཁྲི17.1ཡོད་པ་དེ་དུས་མཚུངས་ལས22.1%འཕར་ཡོད། 

  • ཚེས13ཉིན་ཁྲུང་ཆིང་གིས་ནད་པ་གཉིས་ལ་ནད་ཐོག་སྨན་བཅོས་ཞིབ་འཇུག་བྱས་ནས་འབྲས་སྐྲན་འགོག་པའི་སྨན་བརྟག་དཔྱད་ཞིབ་བསྡུར་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།

afb6020c64aa8644d22cf67bb9e0e22.jpg

  • ཉེ་ཆར་ཧའེ་ནན་ཁྲང་ཅང་ཧའེ་ཝུའེ་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་ཉེན་ཡོད་སྐྱེ་དངོས་རིགས་ཀྱི་ཁོངས་སུ་བཅུག་པའི་གསུས་ནག་སྦྲུལ་བྱ(黑腹蛇鹈)གཅིག་ཐོ་འགོད་བྱས་ཤིང་། དེ་ནི་ཧའེ་ནན་ཞིང་ཆེན་གྱིས་འདབ་ཆགས་དེའི་རིགས་ཐོ་འགོད་བྱེད་ཐེངས་དང་པོ་ཡིན་པ་རེད།

2a89ae0284479497b10a1cb16b45ad6.jpg

  • སི་ཁྲོན་ཁྲེང་ཏུའུ་ཡི་སྡོད་དམངས་ཐོག་ཁང་ཞིག་གློ་བུར་དུ་མེ་ཤོར་བ་དང་། ལོ59ལ་སླེབས་པའི་བདེ་སྲུང་ལིའུ་ཧྲུན་ཀྲུང་གིས་སྒོ་རྡུང་ནས་ལན་འདེབས་མཁན་མེད་པ་ན་འཕྲལ་དུ་ཐོག་ཁང་གཉིས་པར་འགོས་ཤིང་། གཅིག་ཆོད་ཀྱིས་སྒེའུ་ཁུང་གཏོར་ཏེ་ནང་དུ་སོང་ནས་མེ་བསད། 

    སྲིད་ཇུས།

  • པེ་ཅིང་གིས་འཆར་གཞི་དཔར་འགྲེམ་བྱས་ནས2027ལོར་སླེབས་སྐབས་སྤུས་ཚད་མཐོ་བའི་ཚན་རིག་གི་གྲངས་གཞིའི་མཛོད10ལས་མི་ཉུང་བ་བསྐྲུན་ནས། སྤྱོད་མཁན་ཁྲི1000ལས་མི་ཉུང་བར་ཞབས་འདེགས་ཞུ་ཐུབ་པ་བརྩོན་ལེན་བྱ་རྒྱུ་རེད། 

  • ཅང་སུའུ་ཡིས་ཡིག་ཆ་བཀྲམ་ནས། ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་རིམ་སྤེལ་གོ་མིང་ནང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་སྒྲིག་ཆས་ཆེད་ལས་མང་དུ་བཏང་ནས། དམའ་རིམ་དང་འབྲིང་རིམ། མཐོ་རིམ་བཅས་རིམ་པ་གསུམ་འཛུགས་རྒྱུ་རེད། 

  • ཧུའུ་པེས་ཡིག་ཆ་བཀྲམ་ནས། ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་བཏང་སྟེ། 2025ལོ་ནས་བཟུང་ལོ་རེར་ཆེད་ལས་དང་སྤུས་ལེགས། གསར་བ། དམིགས་བསལ་བཅས་ཀྱི་ཁེ་ལས1000གྲངས་གཞི་ཅན་གྱི་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

7bf474501589f6678a3dae83751cad1.jpg

  • ཅི་ལིན་ཤར་རྒྱུད་དང་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་དབུས་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཧྥུའུ་ཅན་གྱི་དབུས་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ལྷོ་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཅི་ལིན་བྱང་ཤར་རྒྱུད་དང་ཧྥུའུ་ཅན་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།