དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-15 09:10:59   |   185

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས《དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས། 

  • ཀྲུང་དབྱང་སྐབས་ཉི་ཤུ་པའི་རེས་སྐོར་དྲུག་པའི་སྐོར་ཞིབ་བྱ་ཡུལ་ཡོངས་བསྒྲགས་བྱས་ཡོད། 

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ཕྱིར་གཏོང་གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི13གྱིས་ཐོག་མར་བརྒལ་བ་དེ་དུས་མཚུངས་ལས7.2%གྱི་འཕར་བ་མགྱོགས་ཙམ་བྱུང་ཡོད། 

  • ཚེས14ཉིན། ཀྲུང་དབྱང་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། ལོ་སྟོད་དུ་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི12.92འཕར་ཡོད། 

bc03012eb11a4f44c0ac8d1e9a80d7b.jpg

  • ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཡོད་ཚད་དུང་ཕྱུར4.6དང་། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དུང་ཕྱུར5.5ཡོད། 

  • རྒྱལ་ཁབ་སྨན་སྐྱོབ་ཅུས་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ནང་ཞུགས་ཚད95%ཡན་བརྟན་པོ་ཡོད་པ་དང་། གཞི་རྩའི་སྨན་བཅོས་གུན་སྐྱོབ་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཡོད་པ་རེད། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་མཇུག་བར། རང་རྒྱལ་གྱིས་བཟོས་པའི་ཡོ་བྱད་དང་སྒྲིག་ཆས་ཀྱི་ཚབ་བྱེད་ཚད་གསར་གཏོད་བྱས་པ་དང་གྲངས་འབོར་གྱིས་བཟུང་བའི་བསྡུར་ཚད93%ལས་བརྒལ་ཡོད་པ་རེད། 

  • ཟླ6པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས454.3ཡིན་པ་དེ་དུས་མཚུངས་ལས4.7%འཕར་ཡོད། 

  • 2024ལོར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་ཚད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས50%འཕར་ནས། སྒོར་དུང་ཕྱུར་ཁྲི3.6ལ་སླེབས་ནས། གོ་ལ་ཧྲིལ་པོའི་ཨང་གཉིས་པར་བརྟན་པོའི་ངང་སླེབས་ཡོད་པ་རེད། 

  • འཇར་པན་ཕྱོགས་ཀྱིས་ཧྥི་ལི་ཕིན་ལ་སྲུང་སྐྱེལ་དམག་གྲུ6ཕྱིར་གཏོང་བྱེད་རྩིས་ཡོད་པ་དང་། དབྱེ་ཞིབ་རེ་འགས་ཀྲུང་གོར་ཟིལ་གནོན་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་སྲུང་པུས་ལན་བརྒྱབ་ནས་འཇར་པན་ཕྱོགས་ལ་རང་སྐྱོན་རང་བརྟག་གཏིང་ཟབ་དང་ལོ་རྒྱུས་ཀྱི་བསླབ་བྱ་བསྡུ་ལེན་བྱས་ཏེ། དམག་དོན་བདེ་འཇགས་ཁྱབ་ཁོངས་སུ་གཏམ་སྤྱོད་གཟབ་ནན་བྱས་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་དགོས་པའི་སྐུལ་མ་བཏང་བ་རེད། 

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་ནས། ཚེས15ཉིན་གྱི་ཉིན་མོར་ཧྲའན་ཞི་ཀོན་ཀྲུང་དང་། ཧྲན་ཞི་ལྷོ་ནུབ་རྒྱུད། ཧོ་པེའི་ལྷོ་རྒྱུད། ཧོ་ནན་བྱང་རྒྱུད། ཧྲན་ཏུང་ཤར་ནུབ་རྒྱུད་བཅས་དང་ཤིན་ཅང་ཐུའུ་ལུའུ་ཧྥན་གཤོང་ས་སོགས་ས་ཁུལ་གྱི་ས་ཁུལ40℃ཡན་ལ་སླེབས་རྒྱུ་རེད། 

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཁང་སོགས་སྡེ་ཁག་དང་གཙོ་གནད་ཞིང་ཆེན13གྱིས་མཉམ་འབྲེལ་ཐོག་གྲོས་མོལ་བྱས་ནས་སྔོན་དཔག་བྱས་པར་གཞིགས་ན། ཟླ7ཚེས16ནས་ཟླ8ཚེས15ཉིན་བར། རང་རྒྱལ་དུ་ཆར་པ་འབབ་ཚད“ལྷོ་བྱང་མང་བ་དང་དཀྱིལ་དུ་ཉུང་བའི”གནས་ཚུལ་ཐོན་ནས། གནམ་གཤིས་ཧ་ཅང་ངན་པའི་དོན་རྐྱེན་མང་བ་རེད། 

f5112d0cd05a91b863ebe0f156c7619.jpg

  • ཚེས14ཉིན། 2025ལོའི་འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་གྱི་ཨ་རིའི་ཨ་ལིང་ཏུན་ས་ཚིགས་ཀྱི་མཇུག་མཐའི་འགྲན་བསྡུར་ནང་། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཐེངས་གཉིས་ཤོར་བའི་གནས་ཚུལ་འོག 3:2ཀྱི་ཐོག་ནས་ཨ་རིའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལས་བརྒལ་ནས་སྐབས་འདིའི་འཛམ་གླིང་མཉམ་འབྲེལ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ནང་ཚུད་པ་རེད། 

6f9b1937a29a31b3e056ff21911e009.jpg

  • ཚེས14ཉིན། 2025ལོའིWTTཨ་རིའི་ཏ་མན་ཀོན་སྐྱེས་པའི་རྐྱང་འགྲན་རྟིང་རྩོད་ནང་ཀྲུང་གོའི་བདམས་ཐོན་པ་ཝང་ཁྲུའུ་ཆིན་གྱིས4:0ཡི་ཐོག་འཇར་པན་གྱི་བདམས་ཐོན་པ་ཀྲང་པིན་ཀྲི་ཧོ་ལས་བརྒལ་ནས་ཨང་དང་པོ་བླངས་པ་རེད། 

  • རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཅུ་ཀྲང་གཞོན་པ་ཀྲང་ཐེན་ཧྥུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་ནས་ཕུད་པ་རེད། 

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཧའེ་ནན་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཁྲེན་ཞའོ་པོ་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེར་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད། 

  • ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་ཧན་སུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དེ་སྔའི་པུ་ཀྲང་གཞོན་པ་རིམ་པའི་ལས་བྱེད་པ་ལུའོ་ཡུས་ལིན་གྱིས་ལྐོག་རྔན་བླངས་པ་དང་ནང་ཁུལ་ཉོ་ཚོང་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལུའོ་ཡུས་ལིན་ལ་སྲོག་བསྒྱངས་ཀྱི་ཁྲིམས་ཐག་བཅད་པ་རེད། 

  • ཚེས14ཉིན། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་དཀའ་གནད་ཆེ་བའི་བཟོ་སྐྲུན་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ11.5ཡོད་པའི་ལེ་ཡེ་ཕུག་ལམ་མཐུད་ཐུབ་པ་བྱུང་ཞིང་། དེས་ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་མཚོན་ཡོད། 

640.gif

  • ཅི་ལིན་ཁྲང་ཁྲུན་གྱི་མ་སྨད་གཉིས་ཀྱིས་སེམས་ཆུང་མ་བྱས་པར་གཏིང་ཚད་སྨི5ཡོད་པའི་མཚོ་ནང་དུ་ལྷུང་བ་དང་། ངལ་གསོ་རྒྱག་བཞིན་པའི་འཐབ་འཛིང་པ་ལི་ཧྲེང་གིས་ཐོས་མ་ཐག་ཆུའི་ནང་དུ་མཆོངས་ནས་མ་བུ་གཉིས་བསྐྱབས། 

    སྲིད་ཇུས།

  • ཧྲན་ཞིས་བརྡ་ཐོ་བཏང་ནས། དམིགས་བསལ་ཆ་རྐྱེན་དང་མཐུན་པའི་ཕུལ་བྱུང་བཟོ་སྐྲུན་ལག་རྩལ་ཤེས་ལྡན་མི་སྣ་ཁེ་ལས་ཀྱི་རྐང་གཉེར་དབུ་གཙོ(ཡང་ན་ཞིབ་འཇུག་གསར་སྤེལ་ཚོགས་པའི་ལག་རྩལ་སྣེ་ཁྲིད་པ)ཡིས་མིང་བཀོད་ནས་འོས་སྦྱོར་བྱས་པ་བརྒྱུད། བཟོ་སྐྲུན་རིམ་པའི་མཐོ་རིམ་གོ་མིང་ཞིབ་དཔྱད་ཨུ་ལྷན་ལ་ཐད་ཀར་མཐོ་རིམ་གོ་མིང་ཞིབ་དཔྱད་རེ་ཞུ་བྱེད་ཆོག

  • ཨན་ཧུའེ་ཡིས་ཁེ་ལས་ཀྱིས་ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པའི་གནས་ཚུལ་དང་ཡོངས་སུ་མི་མཐུན་པའི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ལས་རྨས་གུན་སྐྱོབ་ནང་ཞུགས་པའམ་ཡང་ན་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་གུན་སྐྱོབ་དང་གླ་བདག་གི་འགན་འཁྲིའི་གུན་སྐྱོབ་སོགས་ཚོང་ལས་གུན་སྐྱོབ་ཉོ་རྒྱུར་སྐུལ་ལྕག་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། 

  • ནང་སོག་གིས་བྱ་སྤྱོད་ཇུས་གཞི་དཔར་འགྲེམ་བྱས་ནས། མི་ཐབས་རིག་ནུས་ཀྱི་ནུས་རྒྱུའི་མཐོ་རིམ་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། 2027ལོའི་ལོ་མཇུག་ཏུ་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་ཁུལ10ཡས་མས་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས20ཡས་མས་གསར་དུ་བསྣན་རྒྱུ་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

2918595dd514f1f2ead962bfda48796.jpg

  • ནང་སོག་གི་དབུས་རྒྱུད་དང་ཅི་ལིན་གྱི་ཤར་རྒྱུད། ཧོ་པེའི་བྱང་རྒྱུད་དང་ཤར་རྒྱུད། པེ་ཅིང་། ཐེན་ཅིན་བྱང་རྒྱུད། ཧྲན་ཏུང་གི་དབུས་བྱང་རྒྱུད། ཧྥུའུ་ཅན་གྱི་ལྷོ་རྒྱུད། ཀོང་ཏུང་གི་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཞིའི་དབུས་ལྷོ་རྒྱུད། ཡུན་ནན་ལྷོ་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་པོ་འབབ་པ་དང་། དེའི་ནང་ནང་སོག་དབུས་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་ཧོ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།