དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-16 09:12:36   |   123

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

42649574c6c3363482c0df6b2053624.jpg

  • ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་ཟླ7ཚེས14ནས་ཚེས15ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་། 

  • ཟླ7ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས14པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཞིག་སྟེ《བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ》ཞེས་པ་སྤེལ་རྒྱུ་རེད། 

cbe8bfabf76a3890bdf8f42d9fe4727.jpg

  • ཟླ7ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་། 

55d989d3e292233c212ba1d5f5522e2.jpg

  • ཟླ7ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པར་ཕེབས་པའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུ་ཀྲང་དང་རྒྱུན་བཙུགས་སྒྲིག་གཞིའི་འགན་འཁུར་བར་མཉམ་དུ་མཇལ་འཕྲད་གནང་། 

978f741c89ed371bd27c2338c36ae82.jpg

  • ཟླ7ཚེས15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཕྱི་འབྲེལ་པུ་ཀྲང་ལ་ཕུའུ་ལུའོ་ཧྥུའུ་དང་མཇལ་འཛོམས་གནང་། 

  • ཟླ7ཚེས15ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཞིབ་རྩིས་རགས་ཙམ་བྱས་པ་བརྒྱུད། ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར660536ཡིན་པ་དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས5.3%འཕར་ཡོད། 

  • ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་བརྡ་ཐོ་བཏང་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ་གཉིས་རིང་གི“དྭངས་གཙང·2025ལོའི་དབྱར་གསེང་རིང་གི་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་འདུག 

  • རྒྱལ་ཁབ་བསྡོམས་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དྲུག་པའིCPIདུས་མཚུངས་ལས0.1%འཕར་བ་དང་། ལྟེ་བCPIདུས་མཚུངས་ལས0.7%འཕར་ནས། ན་ནིང་ཚུན་གྱི་ཟིན་ཐོ་གསར་པ་བཏོད་དེ་རིན་གོང་ཁྲོམ་རར་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད་པ་རེད། 

  • ཚེས15ཉིན་རྒྱལ་ཁབ་སྨན་སྐྱོབ་ཅུས་བརྡ་ཐོ་བཏང་ནས་སྨན་རྫས་རིགས55ཁག་བཅུ་གཅིག་པའི་སྨན་རྫས་བསྡུ་རུབ་ནང་འཇུག་རྩིས་ཡོད་པ་རེད། 

  • ཚེས15ཉིན། མཁའ་གྲུ་ཨང་དགུ་པའི་ཟོག་འདྲེན་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་མཉམ་སྒྲིག་ཕུང་པོ་འབྲེལ་མཐུད་ལེགས་གྲུབ་བྱུང་ཡོད། 

  • ཨ་རིའི་དབྱིན་ཝུའེ་ཏ་སྤྱི་གཉེར་གྱི་སྲོལ་གཏོད་པ་དང་དབུ་བཞུགས་ལག་བསྟར་དཔོན་ཧོང་རེན་ཞུན་གྱིས་ཀྲུང་གོའི་ཁྲོམ་རརH20ཉིང་ལྷེབ་འཚོང་རྒྱུ་ཡིན་ཞེས་བཤད་པ་རེད། 

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་ནས། ཟླ7ཚེས15ཉིན་གྱི་ཆུ་ཚོད20ནས་ཚེས16ཉིན་གྱི་ཆུ་ཚོད20བར་ལེའོ་ཉིང་ཤར་རྒྱུད་དང་ཡུན་ནན་ལྷོ་རྒྱུད། བོད་ལྗོངས་ཀྱི་ནུབ་རྒྱུད། ཧྲའན་ཞིའི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཡོད་པ་རེད། 

  • འཕྲལ་བསྟུན་དོ་དམ་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ནི“བདུན་སྨད་བརྒྱད་སྟོད”དུས་སྐབས་ཡིན་པས། བྱང་ཕྱོགས་ས་ཁུལ་དུ་ཆར་ཆུ་གཅིག་སྡུད་ཆེ་ཤོས་དང་ཤུགས་ཚད་ཆེ་ཤོས། དྲག་ཆར་ཚབས་ཆེན་བཅས་ཐོན་སྲིད་པ་དང་ཆབས་ཅིག་རྒྱ་མཚོའི་རླུང་འཚུབ་འཁྲུག་ཆ་དོད་པའི་དུས་སུ་སླེབས་ཡོད་པ་རེད། 

  • བཟོ་འཕྲིན་པུས་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་པའི་བསམ་འཆར་ནང་། སྒུལ་བདེའི་གློག་ཁུངས་ཀྱི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་བཟོ་རྩིས་ཡོད་པ་རེད། 

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཕུལ་བྱུང་བཟོ་བཀོད་པའི་ཁག་དང་པོའི་ཆེད་དོན་ཚོད་ལྟའི་རབ་འབྱམས་པ2100ལྷག་བདེ་བླག་ངང་སློབ་གྲྭ་མཐར་ཕྱིན་ནས་ལས་ཞུགས་ཁ་ཕྱོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་གནད་སྨིན་ཞབས་འདེགས་ཞུ་རྒྱུ་རེད། 

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཧྲུའུ་ཀྲང་གཞོན་པ་སུན་ཡུས་ཉིང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་གཞུང་གཏུག་བྱས་ཡོད། 

  • ཧྲན་ཏུང་ལིན་དབྱིའི་ཟ་ཁང་ཞིག་གི་སྦྱིན་བདག་གིས་སྔོ་ཚལ་སྤྲོད་པའི་བརྙན་ལམ་ལ་ཆད་པ་སྒོར་ཁྲི45གཏོང་རྩིས་ཡོད་པ་དེ། ས་གནས་དེ་གས་བརྡ་ཁྱབ་བཏང་ནས་ཆད་པ་མེད་པར་བཟོས་ཏེ་འབྲེལ་ཡོད་ལས་དོན་མི་སྣ་ལྔ་ལ་ལས་མཚམས་འཇོག་རྒྱུའི་ཐག་གཅོད་བྱས་པ་རེད། 

  • ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ས་འོག་གི་སོལ་རླངས་གསོག་མཛོད་ཆེ་ཤོས་ཏེ་ཀྲུང་ཡོན་གྱི་སོལ་རླངས་གསོག་མཛོད་སླར་ཡང་ཤོང་ཚད་ཆེ་རུ་ཕྱིན་པ་དང་། གཞི་ཁྱོན་མཛོད7བར་མང་དུ་ཕྱིན་ཞིང་། མཛོད་ཀྱི་ཤོང་ཚད་ཤོ་སྨི་དུང་ཕྱུར7.08གསར་འཕར་བྱུང་ཡོད། 

  • ཚེས15ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར130དང125དམའ་རུ་གཏོང་རྒྱུ་རེད། རླངས་སྣུམ92པ་སྣུམ་སྒམ་དུ་ཧྲིན50བསྣན་ན་སྒོར5གྲོན་ཆུང་བྱེད་ཐུབ། 

  • ཚེས15ཉིན། ཧྭ་ཞ་མཁའ་འགྲུལ་གྱིG54215དུས་གཏན་གནམ་གྲུ་ཤིན་ཅང་ཧ་སྨི་གྲོང་ཁྱེར་པ་ལི་ཁུན་རྫོང་དུ་བརྟན་པོའི་ངང་བབས་ཤིང་། དེས་པ་ལི་ཁུན་ཏ་གཙང་པོའི་གནམ་ཐང་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ལ། ཤིན་ཅང་དུ་འཁོར་སྐྱོད་བྱེད་པའི་སྐྱེལ་འདྲེན་གནམ་ཐང་ཨང28པ་དང་ས་མཐོའི་གནམ་ཐང་ཨང2པར་གྱུར་ཡོད། 

640.gif

  • ཉེ་ཆར་ཧྲན་ཏུང་ཆིང་ཏའོ་ཡི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་རྒྱ་མཚོའི་ནང་དུ་ལྷུང་བ་དང་། གནས་སྐོར་བ་ཝང་ལིའང་ཝུའེ་ཡིས་ཐོས་རྗེས་རྒྱ་མཚོའི་ནང་དུ་མཆོངས་ནས་བྱིས་པ་དེ་བསྐྱབས། 

    སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་བྱ་ཐབས་ལེགས་སུ་བཏང་ནས། ཁང་གླ་སྤྲོད་ཚད“དུས་ཚིགས་ལྟར་ཐད་ཀར་སྤྲོད་རྒྱུ”མང་དུ་གཏོང་རྒྱུ་རེད། 

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས། 2025ལོ་ནས2027ལོ་བར་རྒན་གསོ་ནད་གཡོག་པ་དང་རྒན་པའི་ནུས་པའི་དཔྱད་དཔོག་པ་སོགས་རྒན་གསོ་ཞབས་ཞུའི་རྩལ་ནུས་ཤེས་ལྡན་པ་མི་ཐེངས་ཁྲི1ཡན་གསོ་སྦྱོང་བྱས་ནས། མི་ཐེངས་ཁྲི0.5ལ་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད། 

  • ཧྲན་ཞིས་བརྡ་ཐོ་བཏང་ནས། འཛད་སྤྱོད་པས་ཁ་གསབ་ཁྱབ་ཁོངས་དང་མཐུན་པའི་སྡོད་ཁང་རྙིང་པར་འཚམ་པའི་སྒྱུར་བཀོད་ཐོན་རྫས་ཉོས་ནས་ཕྱིར་འཚོང་རིན་གོང་དངོས་ཀྱི30%གཞིར་བཟུང་། ཁ་གསབ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དང་། མི་རེར་རིམ་རྩིས་བྱས་ན་ཁ་གསབ་ཆེས་མཐོ་ཤོས་སྒོར18000ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད། 

    དེ་རིང་གི་གནམ་གཤིས།

e57a6b4f286cd5170b44a4e98496e6d.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་། ཅི་ལིན་ཤར་རྒྱུད་དང་ནུབ་རྒྱུད། ལེའོ་ཉིང་ཤར་རྒྱུད། ཧྲན་ཏུང་ཕྱེད་གླིང་། སུའུ་ཝན་བྱང་རྒྱུད། ཡུན་ནན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་ཡོད་འབབ་པ་དང་། ཧྲན་ཏུང་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།