དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-17 09:00:28   |   164

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཟླ7ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནི་ཀྲེ་རི་ཡའི་དེ་སྔའི་ཙུང་ཐུང་པུའུ་ཧ་ལི་སྐུ་གཤེགས་པར་ནི་ཀྲེ་རི་ཡའི་ཙུང་ཐུང་ཐི་ནུའུ་པུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་མྱ་ངན་ཟབ་མོ་ཞུས་ཤིང་། པུའུ་ཧ་ལིའི་གཉེན་ཉེ་དང་ནི་ཀྲེ་རི་ཡ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། 

  • ཀྲུའུ་ཞི་ཞི་ཅིན་ཕིང་གི《སློབ་གསོའི་སྐོར་གླེང་བ》དང་། 《ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་རྩ་གནད》《བརྙན་མིག་ཏུ་མངོན་པའི་དྲོ་སྐྱིད་ལྡན་པའི་སྐད་ཅིག་མ》ཞེས་པའི་ཚུགས་རྙིང་ཡི་གེའི་པར་གཞི་ཉེ་ཆར་མཉམ་འབྲེལ་དཔེ་སྐྲུན་ཚོགས་པས་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད། ཟླ7ཚེས16ཉིན་ཤང་ཀང་དཔེ་དེབ་འགྲེམ་སྟོན་གྱིས་ཉིན་དང་པོར་དཔེ་དེབ་གསར་པའི་ཡོངས་བསྒྲགས་ཚོགས་འདུ་འཚོགས། 

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས5.0%འཕར་བ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས0.4ཡིས་མགྱོགས་པ་ཡོད། 

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིས་རིམ་རྩིས་བྱས་ན་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར3.33ལ་ཞིབ་བཤེར་བྱས་ཤིང་། དེ་དུས་མཚུངས་ལས15.8%འཕར་ཡོད། 

  • སློབ་གསོ་པུས་དབྱར་གསེང་གི་སྦྱོང་ཚན་བསྡོམས་འབོར་ཚོད་འཛིན་ནན་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྦྱོང་ཚན་བཀོད་སྒྲིག་ཚད་ལྡན་དུ་བཏང་ནས། ལག་ཐོགས་ཁ་པར་གྱིས་སྦྱོང་ཚན་བཀོད་སྒྲིག་བྱེད་པ་དང་སློབ་མས་ལག་ཐོགས་ཁ་པར་སྤྱད་དེ་སྦྱོང་ཚན་ལེགས་གྲུབ་བྱེད་དུ་འཇུག་པའམ་ཡང་ན་ཁྱིམ་བདག་ལ་ཞིབ་བཤེར་དང་དག་བཅོས་བྱེད་དགོས་པའི་བླང་བྱ་འདོན་པ་སོགས་ཀྱི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1045.1ཡིན་པ་དེ་དུས་མཚུངས་ལས16.9%འཕར་ཡོད། 

  • ཚེས16ཉིན་ནོར་སྲིད་པུས་ཨའོ་མོན་དུ་རྒྱལ་བུན་མི་དམངས་ཤོག་སྒོར་དུང་ཕྱུར60འགྲེམ་སྤེལ་བྱས། 

996c98ebb20758eccd7ba29a427fa70.jpg

  • ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་གི་སྐུལ་འདེད་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཚེས16ཉིན་པེ་ཅིང་དུ་མགོ་བརྩམས་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོ་དང་གསར་དར་ཁྲོམ་རའི་ཕྱི་རྒྱལ་གྱི་ཚོགས་པ170ཡི་འགྲེམ་སྟོན་ལ་ལྟ་སྐོར་གྲོས་མོལ་བྱས་ཤིང་། དེ་སྐབས་གོང་མ་ལས་ལྡབ་གཅིག་ཡན་འཕར་ཡོད་པ་རེད། 

  • ཚེས15ཉིན་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཨ་རིས་ནང་འདྲེན་བྱས་པའི་ཧིན་རྡུ་ཉི་ཞི་ཡའི་ཚོང་ཟོག་ཚང་མར་སྒོ་ཁྲལ19%བསྡུ་རྒྱུ་ཡིན་པ་དང་། ཨ་རིས་ཧིན་རྡུ་ཉི་ཞི་ཡར་ཕྱིར་གཏོང་བྱེད་པར་སྒོ་ཁྲལ་མེད་པ་དང་སྒོ་ཁྲལ་མིན་པའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 

  • སི་རི་ཡའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས16ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུར་རེས་སྐོར་གསར་པའི་མཁའ་རྒོལ་བྱས་པ་རེད། 

    སྤྱི་ཚོགས།

1f8d9299fa6c72884b8f74e3dd71af3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་ཁྲུང་ཆིང་གི་ནུབ་རྒྱུད་དང་བྱང་རྒྱུད། སི་ཁྲོན་གཤོང་སའི་དབུས་ལྷོ་རྒྱུད། ནང་སོག་གི་ནུབ་བྱང་རྒྱུད། ཤིན་ཅང་ཐུའུ་ལུའུ་ཧྥན་གཤོང་ས་སོགས་ས་ཁུལ་ཁ་ཤས་སུ40℃ཡན་ལ་སླེབས་རྒྱུ་རེད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ7ཚེས1ཉིན་ལྕགས་ལམ་དབྱར་གསེང་སྐྱེལ་འདྲེན་བྱེད་མགོ་བརྩམས་པ་ནས་ཚེས15ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར2.18སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས3.4%འཕར་ཡོད། 

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས16ཉིན་རང་རྒྱལ་ནི་“བདུན་སྨད་བརྒྱད་སྟོད”ཀྱི་འབྲུབ་འགོག་འགག་རྩའི་དུས་སྐབས་སུ་སླེབས་ཡོད། 

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཚེས16ཉིན་ཡོངས་བསྒྲགས་སུ་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཝུའུ་དབྱིང་ཅེ་ལ་སྲོག་ཁྲིམས་བཅད་པ་དང་། ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱེད་དུ་བཅུག་པ་རེད། 

  • ཧུའུ་ནན་ཧེང་དབྱང་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་དོན། “མཚོ་དངུལ་རྒྱལ་སྤྱིའི”བརྒྱུད་འཚོང་གྱོད་གཞིའི་ཉེས་གསོག་དོགས་ཅན་གཙོ་བོ་ལིའུ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། 

  • ཀྲུང་གོ་མི་དམངས་དངུལ་ཁང་གིས2025ལོའི་ཟླ7ཚེས25ཉིན་མིས་བཟོས་གཙང་པོ་ཆེན་པོའི་གསེར་དངུལ་གྱི་དྲན་གསོ་དངུལ་ལོར་ཆ་ཚང་ཞིག་འགྲེམ་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། དྲན་གསོའི་དངུལ་ལོར་ཆ་ཚང་དེར་ཁྱོན9ཡོད་པའི་ནང་། གསེར་གྱི་དྲན་གསོའི་དངུལ་ལོར1དང་དངུལ་གྱི་དྲན་གསོའི་དངུལ་སྒོར8ཡོད་པ་རེད། 

  • ཚེས16ཉིན་རྒྱལ་ཡོངས་ཀྱི་གློག་ཤུགས་ཐེག་ཚད་ཆེས་ཆེ་ཤོས་སྟོང་ཝ་དུང་ཕྱུར15ལས་ཐོག་མར་བརྒལ་ཞིང་། སྟོང་ཝ་དུང་ཕྱུར15.06ལ་སླེབས་ཡོད་པ་རེད། 

3d5cd67058598c16eb540fe056d6cdb.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་བོད་ལྗོངས་ཀྱི་མེ་ཏོག་ཏུ་རྩྭ་ཙེ་ལན་རིགས་ཀྱི་ཏུའུ་ལན(兜兰)སྐྱེ་དངོས་རིགས་གསར་པ་ཞིག་ཤེས་རྟོགས་བྱུང་བ་དེར་མེ་ཏོག་ཏུའུ་ལན་ཞེས་མིང་བཏགས་ཡོད།

     སྲིད་ཇུས།

  • སྤྱི་བདེ་པུས《ཤེས་བྱའི་བདག་དབང་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་དང་ལག་བསྟར་བྱས། 

  • ཧུའུ་པེས་བྱ་ཐབས་དཔར་འགྲེམ་བྱས་ནས། གཉེན་སྒྲིག་ཐོ་འགོད་བྱས་པའི་ལས་བཟོར་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་གཉེན་སྒྲིག་གུང་གསེང་ལོངས་སུ་སྤྱོད་པའི་རྨང་གཞིའི་ཐོག་གཉེན་སྒྲིག་ངལ་གསོ་ཉིན15བར་རིང་དུ་གཏོང་རྒྱུ་རེད། 

  • ཧྲན་ཞིས་ལོ་རེར་ཆེད་དོན་མ་དངུལ་སྒོར་ཁྲི1000བཀོད་སྒྲིག་བྱས་ནས། ཡོན་རྒྱལ་རབས་དང་དེ་སྔའི་ཤིང་ལས་གྲུབ་པའི་གནའ་བོའི་བཟོ་སྐྲུན་དང་ཚོན་བཟོས་ལྡེབས་རིས་སྲུང་སྐྱོང་རྣམ་གྲངས་ལྔ་ནས་བཅུ་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

1f8d9299fa6c72884b8f74e3dd71af3.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་རྒྱུད་དང་ལྷོ་རྒྱུད། ཅི་ལིན་གྱི་དབུས་ཤར་རྒྱུད་དང་ནུབ་རྒྱུད། ལེའོ་ཉིང་གི་བྱང་ཤར་རྒྱུད། བོད་ལྗོངས་ནུབ་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ་རྨ་ནུབ། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཧོང་ཧོའེ་ནུབ་རྒྱུད། ཅང་ཧོའེ་ནུབ་རྒྱུད། ཅང་ཧའེ་དབུས་རྒྱུད་དང་བྱང་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ཧྥུའུ་ཅན་ཤར་རྒྱུད། ཡུན་ནན་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་སུའུ་ཝན་དབུས་ལྷོ་རྒྱུད་དང་། ཧུའུ་པེའི་བྱང་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།