དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-18 09:49:32   |   411

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་ནས་རྩོམ་འབྲི་གནང་བའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་བསམ་བློ་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ཀྱི་སོག་ཡིག་དང་། བོད་ཡིག  ཡུ་གུར་ཡི་གེ ཧ་སག་ཡི་གེ  ཁྲའོ་ཞན་ཡི་གེ་བཅས་མི་རིགས་ཡིག་རིགས་ལྔའི་པར་གཞི་དེ། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཡིག་སྒྱུར་དང་། མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས། དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།

  • ད་ལོའི་རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་ཚད་རྒྱ་མ་དུང་ཕྱུར་2994.8ཡིན་པ་དང་། ན་ནིང་ཕུད་པའི་ལོ་རྒྱུས་ཀྱི་ཐོན་ཚད་མཐོ་ཤོས་ཀྱི་ལོ་གཉིས་པ་རེད།

01.jpg

  • ཟླ7ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕུན་ལི་ཡོན་རྒྱལ་ཡོངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་སུ2025ལོའི“ཀུའུ་ལིན་ཡོན”ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་མཛའ་གྲོགས་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

  • ཞིང་ལས་གྲོང་གསེབ་པུའི་གནས་ཚུལ་ལྟར་ན། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་ཀྱི་དུས་བཀག་ལ་སླེབས་ནས་སླར་ཡང་ལོ30རིང་དུ་གཏོང་བའི་ཞིང་ཆེན་ཧྲིལ་པོའི་ཚོད་ལྟ་དེ་ཞིང་ཆེན7བར་རྒྱ་སྐྱེད་རྒྱུ་རེད།

  • རྒྱལ་ཁབ་གྲངས་གཞི་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ཧྲང་ཧའེ་དང་ཁྲུང་ཆིང་སོགས་གྲོང་ཁྱེར13རུ། ནུས་རྒྱུ་དང་ཟོག་འགྲེམས་སོགས་ལས་རིགས22དང་། དེ་བཞིན་ཁེ་ལས་28བཅས་སུ་ཡིད་རྟོན་རུང་བའི་གྲངས་གཞིའི་བར་སྟོང་ཚོད་ལྟ་ཁག་དང་པོ་སྤེལ་འགོ་ཚུགས།

  • པར་ལེན་(摆拍)དང་། བཟོ་སྒྲིག  རྫུན་བཟོ། ཧུད་སྒྲོག  ཐ་ཤལ་སོགས་ཀྱི་གནད་དོན་ཐད་དྲ་རྒྱ་དང་ཆ་འཕྲིན་སྡེ་ཚན་གྱིས་བརྙན་ཐུང་གི་རྩིས་ཨང་ཁག་གཅིག་ལ་ཐག་གཅོད་ནན་མོ་བྱས་པ་རེད།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། གོ་ལ་ཧྲིལ་པོའི་ཨང་རིམ་སྔོན་མའི་སྤུས་རྟགས་5000ཁྲོད་རང་རྒྱལ་གྱི་སྤུས་རྟགས་རིན་ཐང་གིས་ཨ་སྒོར་དུང་ཕྱུར་ཁྲི་1.76ཟིན་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད།

02.jpg

  • 2025ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར22.4སྐྱེལ་བ་དང་། དུས་ཐེངས་སྔོན་མ་དང་བསྡུར་ན6.7%འཕར་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

  • ས་གནས་དེ་གའི་དུས་ཚོད་ཚེས16ཉིན། པར་ཙིར་སྲིད་གཞུང་གིས་ཚེས15ཉིན་ཨ་རིའི་སྲིད་གཞུང་ལ་འཕྲིན་ཡིག་སྤྲིངས་ནས། ཨ་མེ་རི་ཁས་པར་ཙིར་གྱི་ཐོན་རྫས་ལ་སྒོ་ཁྲལ50%སྣོན་བསྡུ་བྱས་པར་མི་འཐད་པ་དང་། ཨ་མེ་རི་ཁ་དང་སྒོ་ཁྲལ་ཐད་གྲོས་མོལ་བྱེད་འདོད་ཡོད་ཅེས་བཤད།

སྤྱི་ཚོགས།

03.jpg

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དྲོད་ཚད་མཐོ་བའི་སྔོན་ཚུད་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་ལྟར་ན། དེ་རིང་། ཁྲུང་ཆིང་གི་ནུབ་རྒྱུད་དང་། སི་ཁྲོན་གཤོང་ས་དབུས་ལྷོ་རྒྱུད། ཞིན་ཅང་ཐུའུ་ལུའུ་ཧྥན་གཤོང་ས་སོགས་ཀྱི་ས་ཁུལ་ཁག་ཅིག་གི་དྲོད་ཚད་ཏུའུ40ཡན་ལ་ཐོན་རྒྱུ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་མྱུར་སྐྱེལ་ཞབས་ཞུའི་གྲོན་བསྡུའི་ལྗིད་ཚད་འཇལ་དུས“ཡན་ནས་གྲངས་ཀ་ཧྲིལ་བོར་བསྡུ་བའི”ཐད་ལན་བཏབ་པ་དང་། མིག་སྔར་འབྲེལ་ཡོད་སྐུར་སྐྱེལ་ཁེ་ལས་ཀྱིས་ཡོངས་ཁྱབ་ཏུ་རྒྱལ་ཁབ་ཀྱི་ཚད་གཞིར་གཞིགས་ནས་ལྗིད་ཚད་ལྟར་གྲོན་བསྡུའི་སྒྲིག་སྲོལ་ལེགས་སུ་བཏང་བ་སྟེ། རིན་རྩིའི་ལྗིད་ཚད་སྟོང་ཁེ(kg)ཚན་པར་བྱས་ནས་སིལ་གྲངས་ཉུང་མཐར་ཡང་གྲངས་གནས1སོར་འཇོག་བྱས་ཡོད།

  • ནོར་སྲིད་པུ་དང་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས། རྒྱས་སྤྲོས་ཆེ་བའི་རླངས་འཁོར་ཆུང་གྲས་ཀྱི་འཛད་སྤྱོད་དཔྱ་ཁྲལ་སྲིད་ཇུས་ལེགས་སྒྲིག་བྱས་ཏེ། བསྡུ་བའི་ཁྱབ་ཁོངས་སིལ་འཚོང་གི་རིན་གོང་(གནས་ཐང་འཕར་ཁྲལ་ཚུད་མེད)རླངས་འཁོར་རེར་སྒོར་ཁྲི130ནས་རླངས་འཁོར་རེར་སྒོར་ཁྲི་90བར་ལེགས་སྒྲིག་བྱ་རྒྱུ་དང་ཟླ7ཚེས20ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཐོན་སྐྱེད་ཕྱིར་ཚོང་སྤུས་ཚད་ཚད་གཞི་མ་ལོངས་པའི་ཐོན་རྫས་ཀྱི་ཁྲིམས་འགལ་དཔེ་མཚོན་གྱོད་དཔེ་ཁག་ཅིག་ཁྱབ་སྒྲོག་བྱས།

  • ཚེས17ཉིན་གྱི་དུས་ཚོད16དང་སྐར་མ50བར་དུ། 2025ལོའི་དབྱར་དུས་སྐབས་ཀྱི་གློག་བརྙན་གྱི་སྤ་སེ་སྡོམ་འབོར་(སྔོན་འཚོང་ཚུད་ཡོད)སྒོར་དུང་ཕྱུར35ལས་བརྒལ་ཡོད།

  • ཀྲུང་གོའི་གནམ་མིགFASTལ་བརྟེན་ནས་ཀྲུང་གོའི་ཚན་རིག་པས་ཐེངས་དང་པོ་སྒྲ་མྱུར་ཚད་ལས་བརྒལ་བའི་འཁྱོམ་རྒྱུན་གྱིས་གཙོ་ཁྲིད་བྱེད་པའི་རྙོག་འཛིང་ཆེ་བའི་ཐག་དབྱིབས་གྲུབ་ཚུལ་གྱི་དྲ་རྒྱ་ལྟ་ཞིབ་ཚད་ལེན་ཐུབ་པ་རེད།

  • ཀྲུང་གོའི་ཚན་རིག་ཞིབ་འཇུག་ཚོགས་པས་ནང་སོག་པའེ་ཡུན་ཨེ་པོ་གཏེར་ཁ་གཙོ་བོའི་དུམ་བུའི་གཏེར་ས་ནས་ཞི་ཐུའུ་གཏེར་རྫས་གསར་པ་ཞིག་རྙེད་པ་དང་། “ནེ་རྨ་ཆུ་གཏེར”ཞེས་མིང་བཏགས།

04.jpg

  • ཚེས16ཉིན། ཧེ་ལུང་ཅང་ཅན་ཅི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་དོན་རྐྱེན་ཞིག་བྱུང་སྟེ། སྐྱེས་པ་ཞིག་རླངས་འཁོར་གྱིས་མནན་ཡོད་པའི་སྐབས་དེར། ཆ་སྙོམ་ལོ60ལྷག་ཙམ་ཡིན་པའི“ཉི་ནུབ་མཛེས”ཞེས་པའི་ལུའོ་དབྱང་གི་ཡུལ་སྐོར་ཚོགས་པའི་མི30ལྷག་ཙམ་དང་ལྷག་བསམ་ཅན་གྱི་མི་གཞན་པས་མཉམ་དུ་རླངས་འཁོར་ཡར་བཀྱགས་ནས་འོག་ཏུ་མནན་པའི་སྐྱེས་པ་དེ་བདེ་བླག་ངང་བསྐྱབས་པ་རེད།

སྲིད་ཇུས།

  • ཀོང་ཞིས་བརྡ་ཐོ་པར་འགྲེམས་བྱས་ནས་གྲངས་འཛིན་མངའ་ཁོངས་ཀྱི་ཁེ་ལས་ཆུང་ངུ་དང་གྲངས་འཛིན་ཤེས་ལྡན་མི་སྣས་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་ངུས་མཐོ་ཤོས་སྒོར་ཁྲི་400ཡི་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞ་བྱས་ཆོག་པ་རེད།

  • ཧུའུ་ནན་གྱིས་ལོ་ནང་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་པ28000ལ་གླ་ཡོན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་རྩིས་ཡོད་པ་དང་། གཙོ་གནད་ཞབས་ཞུ་བྱ་ཡུལ་ནི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་། དྲ་འབོད་གླ་འཁོར་ཁ་ལོ་བ། མྱུར་སྐྱེལ་མི་སྣ། ཟས་རིགས་མངག་སྐྱེལ་མི་སྣ་སོགས་ལས་ཞུགས་གསར་པའི་རྣམ་པའི་ངལ་རྩོལ་པ་ཡིན་པ་དང་། འོས་འཚམ་གྱིས་ཡུན་རིང་ཁྱིམ་ལས་དང་གཙང་སྦྲ་ལས་དོན་སྤེལ་བའི་ངལ་རྩོལ་པར་རྒྱ་སྐྱེད་རྒྱུ་རེད།

  • ཅི་ལིན་གྱིས་ཁྱབ་བསྒྲགས་བྱས་དོན། མཁོ་མེད་གསར་བརྗེས་ཀྱི་ནུས་རྒྱུ་གསར་པའི་སྤྱི་འཁོར(སྤྱི་སྤྱོད་རླངས་འཁོར)རེ་ལ་ཆ་སྙོམས་ཁ་གསབ་སྒོར་ཁྲི8སྤྲོད་རྒྱུ་དང་། མཁོ་མེད་གསར་བརྗེས་ཀྱི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ཚད་གཞིའི་གཉེར་སྐྱོང་ཟོག་འཁོར(ཟོག་འདྲེན་རླངས་འཁོར)ལ་ཁ་གསབ་སྒོར་ཁྲི3.5ནས་ཁྲི9.5བར་སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་ཧོ་ཐའོ(河套)ས་ཁུལ་དང་། ཧེ་ལུང་ཅང་གི་དབུས་ལྷོ་རྒྱུད། ཅི་ལིན་གྱི་དབུས་བྱང་རྒྱུད། བོད་ལྗོངས་ཀྱི་ནུབ་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ་ཡི་དབུས་རྒྱུད་དང་ཤར་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཧུའུ་པེའི་དབུས་ལྷོ་རྒྱུད། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ཅང་ཞིའི་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་ནུབ་རྒྱུད་དང་བྱང་རྒྱུད། ཧྥུ་ཅན་གྱི་ལྷོ་རྒྱུད། ཀོང་ཏུང་གི་དབུས་ཤར་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།