དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-21 09:18:22   |   303

སྒྲིག་སྒྱུར། ཀླུ་མཁར་རྒྱལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • མིག་སྔར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་བརྔ་བསྡུའི་མཐོ་རླབས་དུས་སུ་སླེབས་པ་དང་མྱུར་ཚད་ལོ་གོང་མ་ལས་མགྱོགས་པ་ཡོད་པས་ལོ་ལེགས་ཡོང་རེ་ཆེ། 

  • ཀྲུང་དབྱང་དྲིལ་བསྒྲགས་པུ་དང་ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུ་ཡིས་མཉམ་འབྲེལ་ཐོག“དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡག་ཤོས”12ཁྱབ་བསྒྲགས་བྱས། 

  • ལོ་སྟོད་དུ་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར19.8སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས3.0%འཕར་ཡོད། 

  • མཁོ་སྤྲོད་མུ་ཕྲེང་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཚེས20ཉིན་མཇུག་བསྒྲིལ་པ་དང་ཡུལ་དངོས་སུ་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་མཉམ་ལས་ཀྱི་འདོད་འདུན་བཞག་པ་སྣ6000ལྷག་ཙམ་ཟིན། 

  • སྡོད་ཁང་འཛུགས་སྐྲུན་པུས་ཉེ་ཆར《“ཁང་པ་ཡག་པོ”འཛུགས་སྐྲུན་གྱི་ཉམས་མྱོང་དང་བྱེད་ཐབས(ཁག་དང་པོ)》པར་འགྲེམ་བྱས་པའི་ནང་ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་སྡེ་ལས་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཕྱོགས་དྲུག་ཚུད་ཡོད། 

  • སྡེ་ཁག་མང་པོས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི3.3བཏང་ནས་ཀོང་ཏུང་དང་ཧའེ་ནན་གྱི་རྒྱ་མཚོའི་རླུང་འཚུབ་ཀྱི་གེགས་སེལ་རོགས་སྐྱོབ་ལ་རྒྱབ་སྐྱོར་བྱས། 

图片1.png

  • ཉེ་ཆར་དྲག་ཆས་ཉེན་རྟོག་དཔུང་སྡེས་ཉེ་བའི་ལོ་ཤས་རིང་ཁྱབ་ཁོངས་ཆེ་ཤོས་ཀྱི་དམག་དོན་སྦྱོང་བརྡར་དཔྱད་ཞིབ་སྒྲིག་འཛུགས་བྱས་ནས་མི་ཁྲི6.5དཔྱད་གཞིར་འཛིན་རྒྱུ་རེད། 

  • རྒྱལ་སྲུང་པུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་བདུན་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་ཀོང་ཞི་རུ“ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པའི2025”ཞེས་པའི་སྐམ་དམག་མཉམ་འབྲེལ་སྦྱོང་བརྡར་བྱ་རྒྱུ་རེད། དེ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་ཀྱིས་སྐམ་དམག་མཉམ་འབྲེལ་སྦྱོང་བརྡར་བྱེད་ཐེངས་དང་པོ་རེད། 

  • ཚེས20ཉིན་ཨུ་རུ་སུའི་རྒྱང་ཤར་གྱི་ཁན་ཁྲ་ཅ་ཕྱེད་གླིང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ས་ཡོམ་དྲག་པོ་བསྟུད་མར་བྱུང་བ་དང་ས་ཡོམ་རིམ་པ་ཆེ་ཤོས7.6ཟིན་ནས་མཚོ་ཡོམ་གྱི་ཉེན་བརྡ་བཏང་ཡོད། 

  • ཐེ་རོན་ཕུ་སྲིད་གཞུང་གི་ལྟ་སྐུལ་ནན་པོ་དང་ཨ་སྒོར་དུང་ཕྱུར450ཡི་འགྲོ་གྲོན་འབོར་ཆེན་གྱི“ངར་སྐུལ”འོག ཨ་རིའི་ཁྲིམས་འཛིན་སྒྲིག་གཞིས་གནས་སྤོས་ཡུལ་མིའི་བཙོན་ཁང་མགྱོགས་མྱུར་ངང་བསྐྲུན་པ་དང་འཆར་གཞི་ལྟར་ན་ལོ་མཇུག་གོང་བཀག་ཉར་ཤོང་ཚད་མི་ཁྲི4ནས་ཁྲི10བར་མང་དུ་གཏོང་རྒྱུ་རེད།

སྤྱི་ཚོགས།

图片2.png

  • ཚེས20ཉིན་རྒྱ་མཚོའི་རླུང་འཚུབ“ཝེ་ཕ”ཀོང་ཏུང་ཅང་མོན་དང་དབྱང་ཅང་དུ་ཐེངས་གཉིས་ཐོན་པ་དང་ཧྭ་ནན་མཚོ་རྒྱུད་དུ་དེ་རིང་ཆར་རླུང་དྲག་པོ་ཡོང་རྒྱུ་རེད།

  • ཉེ་དུས་ཀོང་ཏུང་ཧྥོ་ཧྲན་དུ་ནང་འདྲེན་བྱས་པ་ལས་བྱུང་བའི་ཅི་ཁུང་ཁེན་ཡ་ཚའི་རིམས་ནད་ཅིག་བྱུང་། ཚེས19ཉིན་བར་ས་གནས་དེ་གར་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ1873སྙན་ཞུ་བྱས་པ་ཚང་མ་ཡང་རིགས་ཀྱི་ནད་རེད།

  • ཀན་སུའུ་ཡིས་ཐེན་ཧྲུའེ་ཧོ་ཧྲི་སེམས་སྐྱོང་བུ་བཅོལ་ཁང་གི་བྱིས་པའི་ཁྲག་ཞན་རྒྱུན་ལྡན་མིན་པའི་གནད་དོན་ལ་བརྟག་དཔྱད་དང་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། མི6འཛིན་བཟུང་བྱས་པ་དང་མི17གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས།

  • ཀྲུང་གོ་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་བསྒྲགས་སྤེལ་ནས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་འགྲན་རའི་ཕྱི་ནང་དུ་དམའ་འབེབས་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་ཞེས་བསྟན།

图片3.png

  • ཚེས19ཉིན་གྱི་དགོང་མོར་རྒྱལ་ཁབ་ཟློས་གར་ཁང་ཆེ་མོས་ཐེངས་དང་པོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར30ལྷག་ཙམ་གྱི་གློག་བརྙན་ཟློས་གར་ཁང་བརྒྱ་ཙམ་དུ་འཛམ་གླིང་གི་རྩེར་སོན་གླུ་གར《ཧྥེ་ཅ་ལུའོ་ཡི་གཉེན་སྟོན》ཞེས་པ་དུས་གཅིག་ཏུ་ཐད་གཏོང་བྱས།

  • ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་པེ་ཅིན་ནས་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་བར་གྱི་ཐད་གཏོང་མཁའ་ལམ་ཤར་གཏོང་བྱས་པ་དང་གཏོང་ཐེངས་ནི་གཟའ་མིག་དམར་དང་གཟའ་ཕུར་བུ། གཟའ་སྤེན་པ་བཅས་རེད།

  • ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་ཞིབ་མི་སྣས་ཉིང་རྒྱུ་ཧང་གསར-20ལ་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ་དེ་ནི་ད་བར་ཚོད་ལྟའི་ཐོག་ཤེས་རྟོགས་བྱུང་བའི་ཧ་ཡང་གནས་མཐུན་རྒྱུ་ཡང་ཤོས་དེ་རེད།

  • པེ་ཅིན་ཉེན་རྟོག་ཕྱོགས་ཀྱིས་ཞིབ་འཇུག་གསར་སྤེལ་མཉེན་ཆས་བརྒྱུད་མ་ལག་ནང་བཙན་འཛུལ་བྱས་ནས་སྤ་སེ་འཕྲོག་ནས་ཁེ་བཟང་རག་ཐབས་བྱེད་པའི་ཚོགས་པ་ཞིག་མེད་པ་བཟོས་པ་དང་ཀུའོ་ཆེ་གེ་མོ་སོགས་མི་བཅུ་ཉེས་དོན་བཀག་ཉར་བྱས།

  • ཀོང་ཀྲོའུ་ལི་ཝན་ཡུས་ཞིང་ཡོན་གཞིས་ཁུལ་ལས་རིགས་ཨུ་ལྷན་གྱིས་རླངས་འཁོར་འཇོག་གནས་གསར་སྣོན་དང་། བརྡ་ཁྱབ་ཆ་བགོད། ཞབས་ཞུ་ལེགས་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱི་པའི་ཡོང་འབབ་སྒོར་ཁྲི24ཡི་ལྷག་འཕྲོ་མངོན་འགྱུར་བྱུང་ནས་ཚང་མ་དོ་བདག་ལ་སྤྲད།

图片4.png

  • ཚེས22ནས་ཚེས23ཉིན་གྱི་ཐོ་རེངས་བར་དྲ་ཐོག་ཐད་གཏོང་པ་ཐེན་ཡུས་ཀྱིས་སྔ་རྗེས་སུ་པ་སངས་དང་ཟླ་བ་མཉམ་དུ་འཆར་བ་དང་ཕུར་བུ་དང་ཟླ་བ་མཉམ་དུ་འཆར་བ་སྟོན་རྒྱུ་ཡིན་པ་དང་། སྐབས་དེར་གནམ་གཤིས་དྭངས་ཚེ་སྤྲོ་བ་ཡོད་པའི་སྤྱི་དམངས་ཀྱིས་མིག་གིས་དངོས་སུ་བལྟས་ཚེ“སྐར་མ་དང་ཟླ་བའི་བྱིས་སྒྲུང”དེ་གཉིས་མཐོང་ཐུབ།

སྲིད་ཇུས།

  • ཅང་ཞིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ལས་གྲྭ་ཡི་སྔོན་ལ་ཁང་པ་ཞིབ་བཤེར་དང་རྗེས་སུ་ཁང་པ་བསྡུ་བའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁང་བདག་གི་ཁེ་དབང་འགན་ལེན་བྱས།

  • ཧྲན་ཞིས་འགུལ་སྐྱོད་ཇུས་གཞི་བཏོན་ནས་འཁར་རྒྱུག་དང་འབོར་འགོག་སྒྲིག་ཆས་སོགས་ཁྱིམ་ཚང་ཁོར་ཡུག་རྒན་པར་འཚམ་པའི་སྒྱུར་བཀོད་ཐོན་རྫས25ཉོས་ཚེ་རིམ་རྩིས་ཁ་གསབ་མཐོ་ཤོས་སྒོར་ཁྲི1.8ལོངས་སྤྱོད་ཐུབ་པ་བྱས།

  • ཡུན་ནན་གྱིས2025ལོའི་དྲ་ཐོག་ཚོང་དོན་སྐྱེད་སྲིང་དང་རོགས་སྐྱོར་སྲིད་ཇུས་བཏོན་ནས་དཔྱད་འདེམས་བྱས་པའི་དྲ་ཐོག་ཚོང་དོན་ཐོན་ལས་ཁུལ་གྱི་སྣེ་འདྲེན་ཁེ་ལས་རེར་སྒོར་ཁྲི40ཡི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་མ་དངུལ་རྒྱབ་སྐྱོར་བྱས།

དེ་རིང་གི་གནམ་གཤིས།

  • ཧའེ་ནན་གླིང་ཕྲན་དང་། ཀོང་ཏུང་གི་དབུས་ལྷོ་རྒྱུད། ཞང་ཀང་། ཨའོ་མོན། ཀོང་ཞིའི་ལྷོ་རྒྱུད། ཧྥུའུ་ཅན་གྱི་ཤར་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཅང་ཞིའི་ལྷོ་ནུབ་རྒྱུད། ཧུའུ་ནན་བྱང་རྒྱུད་དང་ལྷོ་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་དབུས་ལྷོ་རྒྱུད་དང་དེ་བཞིན་སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། ཧྲན་ཏུང་གི་དབུས་བྱང་རྒྱུད། ཧོ་ནན་གྱི་བྱང་ཤར་རྒྱུད། ལེའོ་ཉིང་གི་ཤར་རྒྱུད་དང་ལྷོ་རྒྱུད། ཅི་ལིན་ཤར་ལྷོའི་རྒྱུད། ནང་སོག་གི་ཤར་བྱང་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་རེད།


མཉམ་སྤྱོད།