དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-22 09:15:41   |   187

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ཟླ7པའི་ཚེས24ཉིན་ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཁོ་སི་ཐ་དང་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཡོ་རོབ་མནའ་འབྲེལ་གྱི་ཀྲུའུ་ཞི་གཉིས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་ལྔ་པ་གཙོ་སྐྱོང་གནང་རྒྱུ་རེད།

ཟླ7པའི་ཚེས20ཉིན་བར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་བཅའ་སྡོད་ལས་དོན་ལེགས་གྲུབ་བྱུང་།

《སྡོད་ཁང་བོགས་གཏོང་སྲོལ་ཡིག》ཁྱབ་བསྒྲགས་བྱས། 2025ལོའི་ཟླ9པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་དཔའ་བོ་དཔེ་བཟང་གི་གཟེངས་བསྟོད་ཚོགས་ཆེན་དེ་ཚེས21ཉིན་པེ་ཅིང་དུ་འཚོགས། ཚའེ་ཝུན་སོགས་མི་སྒེར8དང་ཚོགས་སྤྱི་གཉིས་ལ“རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་དཔའ་བོ”ཞེས་པའི་མཚན་སྙན་ཐོབ་པ་དང་། ལོན་ལིའུ་ཝེ་སོགས་མི་སྒེར40དང་ཚོགས་སྤྱི10ལ“རྒྱལ་ཡོངས་ཀྱི་བདེན་པའི་རྒྱབ་ལངས་དཔེ་བཟང”ཞེས་པའི་མཚན་སྙན་ཐོབ།

1.jpg

ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར22.4སྐྱེལ་འདྲེན་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བྱེད་ཚད8.5%འཕར་ཡོད།

ཀྲུང་གོའི་དྲ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་དྲུག་པའི་བར་རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར11.23ཟིན་པ་དང་དྲ་སྦྲེལ་ཁྱབ་ཚད79.7%ཟིན་ཡོད།

རྒྱལ་ཁབ་ནུས་རྒྱུ་ཅུས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལས་མངོན་པ་ལྟར་ན། ཟླ་དྲུག་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར8670ཟིན་པ་དེ་དུས་མཚུངས་ལས5.4%འཕར་ཡོད།

ཆུ་བེད་པུས《ཀྲུང་གོའི་ཆུ་གྲོན་ཆུང་གི་སྙན་ཞུ2024》ཁྱབ་བསྒྲགས་བྱས་པ་དང་། སྙན་ཞུའི་ནང2024ལོར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་ཁྲི་ཡི་ཆུ་སྤྱོད་ཚད་དུས་མཚུངས་ལས4.4%ཆག་ཡོད།

བྷང་ག་ལའི་མཁའ་དམག་གི་རྩལ་སློབ་གནམ་གྲུ་ཞིག་ཚེས21ཉིན་རྒྱལ་ས་ཏ་ཁར་ལྷུངས་ནས་ཉུང་མཐར་ཡང་མི19རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཕོག

སྤྱི་ཚོགས།

2.png

ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ཆུ་ལོག་གནོད་འཚེའི་ཉེན་བརྡ་སེར་པོ་བཏང་བ་སྟེ། སྔོན་དཔག་བྱས་ན་དེ་རིང་ཧྥུ་ཅན་གྱི་ལྷོ་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད། བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེ་ཙམ་ཡོད།

ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག《མི་སྒེར་གྱི་ལས་གཏོད་ཀྱི“ཕན་ནུས་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་རྒྱུར་” སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》པར་འགྲེམས་བྱས།

རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་ལོ11ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། མིག་སྔར་ཆ་སྙོམས་ཉིན་རེར་མྱུར་སྐྱེལ་དངོས་རྫས་དུང་ཕྱུར5ལས་བརྒལ་བ་བསྡུ་བཞིན་ཡོད།

དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཉེན་ཁའི་དྲན་སྐུལ་སྤེལ་དོན། རྒྱ་ཆེའི་འཛད་སྤྱོད་པས་དོགས་ཟོན་ཆེ་རུ་བཏང་ནས་ལས་རིགས་བུ་ལོན་གྱི་རྒྱ་རྙི་དང་བྲལ་དགོས་པའི་དྲན་སྐུལ་བྱས།

ཚེས21ཉིན། ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོ་ཝུན་ཀྲུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་ཧོ་ཝུན་ཀྲུང་ལ་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

3.jpg

ཉིན་ཤས་གོང་། གོ་ལ་ཧྲིལ་པོའི་ཏུན་ཁྲི8རིམ་པའི་མཚོ་ཐོག་གསོ་ཚགས་བཟོ་ལས་གྲུ་གཟིངས་ཐོག་མ་དེ་ཧོ་པེ་ཆིན་ཧོང་ཏའོ་རུ་རྩིས་སྤྲོད་བྱས།

ད་ལོར་ཨན་ཧུའེ་ཞིང་ཆེན་གྱི་དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་བ་དང་། དབྱར་འབྲུའི་ཐོན་འབོར་རྒྱ་མ་དུང་ཕྱུར352.4ཟིན་པ་དེ་དུས་མཚུངས་ལས་རྒྱ་མ་དུང་ཕྱུར0.5འཕར་ཡོད།

4.jpg

ད་ལོའི་ལོ་སྟོད་དུ་རང་རྒྱལ་མངའ་ཁོངས་ནང་གི“དར་གོས་ལམ་བུའི་མཚོ་ཐོག་སྐྱེལ་འདྲེན”གྱི་དོས་སྒམ་མཁའ་ལམ128ཁྱོན་ཐེངས་གྲངས2274བཏང་བ་དང་། དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་ཁྲི263ལས་བརྒལ་ཡོད།

5.gif

ཅང་སུའུ་ཐའེ་ཀྲོའུ་ཡི་གློག་སྒུལ་རྐང་གསུམ་འཁོར་ལོ་ཞིག་གཞན་གྱིས་གདོང་ཐུག་བརྒྱབ་ནས་མགོ་རྟིང་སློག་པ་དང་མི་གསུམ་རླངས་འཁོར་གྱི་མཐིལ་དུ་མནན། ཉེན་ཁ་ཆེ་བའི་སྐབས་སུ་ལག་པ་ཡ་གཅིག་མེད་པའི་ཕུ་བོ་དང་། རླངས་འཁོར་ཞིག་གསོ་བྱེད་མཁན། མྱུར་སྐྱེལ་པ་སོགས་གྲོང་མི26ཡིས་མཉམ་དུ་རླངས་འཁོར་ཡར་བཀྱགས་ཏེ་སྐར་མ་གཅིག་ཙམ་ལས་མ་འགོར་བར་མི་གསུམ་བསྐྱབས།

སྲིད་ཇུས།

རྒྱལ་ཁབ་ཀྱི་སློབ་གྲྭའི་བཟའ་བཅའ་སྡེབ་སྦྱོར་ལ་ཆེད་དུ་དམིགས་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་སྟེ།《སློབ་གྲྭའི་བཟའ་བཅའ་སྡེབ་སྦྱོར་ཞབས་ཞུའི་ཁེ་ལས་དོ་དམ་ཕྱོགས་སྟོན》ཁྱབ་བསྒྲགས་བྱས། ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

ཧོ་ནན་གྱིས་ཇུས་གཞི་པར་འགྲེམས་བྱས་པ་སྟེ། ཁྲོམ་རའི་འཇུག་འཐུས་བཀག་རྒྱ་གཙང་བཤེར་དང་བཅོས་སྒྲིག་བྱས་ཏེ། ཁེ་ལས་གནས་སྤོ་ཐོ་འགོད་ཀྱི་ལྷུ་ཚིགས་བཞི་ལྷུ་ཚིགས་གཅིག་ཏུ་བསྡུ་སྒྲིལ་བྱས་ཏེ“རེ་ཞུ་ཐེངས་གཅིག་དང་། དྲ་གཅིག་ཤར་སྒྲུབ། ཐེངས་གཅིག་སྒྲུབ་གཉེར་”བཅས་མངོན་འགྱུར་བྱས་ཡོད།

སི་ཁྲོན་ཁྲེང་ཏུའུ་ཡིས་སྡོད་ཁང་བྲིན་ཚོང་ཚོད་འཛིན་གྱི་སྲིད་ཇུས་ཁག་དབྱེ་ནས་མེད་པར་བཟོ་རྒྱུ་དང་། གྲོང་མིའི་ཁྱིམ་ཚང་གིས་སྡོད་ཁང་གཉིས་པ་ཉོ་པར་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དམའ་ཤོས་ཀྱི་དངུལ་སྤྲོད་སྡུར་ཚད་དེ20%བར་ལེགས་སྒྲིག་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

6.png

ཧྥུ་ཅན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཞང་ཀང་། ཨའོ་མོན། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། ཡུན་ནན་གྱི་ཤར་ལྷོའི་རྒྱུད་དང་དེ་བཞིན་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་དང་། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། སི་ཁྲོན་གཤོང་སའི་ལྷོ་རྒྱུད། ཁྲུང་ཆིང་གི་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཧུའུ་ནན་གྱི་དབུས་ནུབ་རྒྱུད་དང་ལྷོ་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཧོ་ནན་གྱི་དབུས་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། ལའོ་ཉིང་གི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཀོང་ཏུང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད། ཧྥུ་ཅན་ཤར་རྒྱུད་ཀྱི་མཚོ་རྒྱུད། ཧྲན་ཏུང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།