དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-23 09:06:37   |   317

སྒྲིག་སྒྱུར། ཀླུ་མཁར་རྒྱལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཕྱི་དངུལ་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི6.32ཟིན་ནས་དུས་མཚུངས་ལས2.4%འཕར་ཅིང་། དུས་ཚིགས་ལྔར་བསྟུད་མར་འཕར་ཚད་རྒྱུན་འཁྱོངས་བྱས་ཡོད། 

图片1.png

  • ཟླ7ཚེས1ཉིན་དབྱར་དུས་སྐྱེལ་འདྲེན་བྱེད་མགོ་ཚུགས་པ་ནས་ཚེས21ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱིས་བསྡོམས་འབོར་འགྲུལ་པ་མི་ཐེངས་དུང་ཕྱུར3.03བསྐྱལ་བ་དེ་དུས་མཚུངས་ལས3.8%འཕར་ཡོད། 

  • ལས་རིགས་གསར་པ་ཁག་བདུན་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དེའི་ནང་ལས་རིགས་གསར་པ17དང་ལས་སྣ་གསར་པ42ཚུད་ཡོད། 

  • ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒྱད་ཀྱིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་། 

  • 2025ལོའི་ཟླ1ནས6པའི་བར་ལས་བཟོ་པའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོའི་ཐོག་མི་ཐེངས་དུང་ཕྱུར2དང་དངུལ་གྲངས་སྒོར་དུང་ཕྱུར261.77ལ་རོགས་རམ་བྱས། 

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བདེ་སྲུང་ཐོན་རྫས་དྲིལ་བསྒྲགས་རྫུན་མ་བྱས་པ་བརྒྱུད“ནང་སྒྲིལ་རྣམ་པའི”འགྲན་རྩོད་ཀྱི་དཔེ་མཚོན་གྱོད་དཔེ་དྲུག་ཁྱབ་བསྒྲགས་བྱས།

  • 《གྲོང་གསེབ་གཞུང་ལམ་སྐོར་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་ཟླ9ཚེས15ཉིན་ནས་ལག་ལེན་བསྟར་རྒྱུ་རེད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་བྱས་ནས་མཉེན་ཆ་དང་གསོན་ཤུགས་ཅུང་ཆེན་པོ་མངོན་ཞིང་ཁྲོམ་རའི་སྔོན་དཔག་ལས་མངོན་ཚུལ་ལེགས་པོ་ཡོད། 

  • 2024ལོར་ཀྲུང་གོ་དང་ཨེ་ཤེ་ཡ་བྱང་ཤར་གྱི་རྒྱལ་ཁབ་ལྔའི་ཉོ་ཚོང་ཚོང་དོན་ཨ་སྒོར་དུང་ཕྱུར9016ཟིན་པ་དེ་དུས་མཚུངས་ལས1.6%འཕར་ཡོད། 

  • ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཐ་སྨི·པུའུ་ལུའུ་སིས་གསལ་བསྒྲགས་སྤེལ་ནས2026ལོའི་ཟླ12ཚེས31ཉིན་ཨ་རི་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བཤད། 

སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་ཚེས22ཉིན་གྱི་ཆུ་ཚོད20ནས་ཚེས23ཉིན་གྱི་ཆུ་ཚོད20བར་ཧུའུ་པེ་དང་། ཧུའུ་ནན། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་སོགས་ས་ཁུལ་ཁ་ཤས་སུ་ཆུ་ལོག་གི་གནོད་འཚེ་ཐོན་སྲིད་པའི་ཉེན་བརྡ་བཏང་། 

  • ཀྲུང་གོ་གནམ་གཤིས་ཅུས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་དུ་སྨུག་པ་དང་བྱེ་རྡུལ་གྱི་གནམ་གཤིས་མུ་མཐུད་ཉུང་དུ་འགྲོ་རྒྱུ་རེད། 

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ཟུར་པ་དང་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པ་ཆེ་དགྲ་ལྷར་སྒྲིག་ཁྲིམས་ཁྲིམས་འགལ་ཚབས་ཆེན་ཡོད་པས་ཏང་ཁོངས་དང་གཞུང་ལས་ནས་ཕྱིར་ཕུད། 

  • ཚེས22ཉིན་ཁྲིམས་འཛིན་པུ་ཡི་ཏང་ཙུའུ་ཁོངས་མི་ཟུར་པ་དང་པུ་ཀྲང་གཞོན་པ་ལིའུ་ཀྲི་ཆང་ལ་ལྐོག་རྔན་ལེན་པའི་གྱོད་དོན་འདྲི་གཅོད་དང་པོའི་ཁྲིམས་བཅད་ཁྱབ་སྒྲོག་བྱས་ཏེ། ལིའུ་ཀྲི་ཆང་ལ་དུས་བཙོན་ལོ་བཅུ་གསུམ་གྱི་ཁྲིམས་ཐག་བཅད། 

  • ཚེས22ཉིན་ཀྲུང་གོའི་རྐང་རྩེད་སྤོ་ལོའི་ལྷན་ཚོགས་ཀྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོའི་རྒྱལ་ཁབ་གློག་རྡུལ་འགྲན་སྡུར་རྐང་རྩེད་སྤོ་ལོའི་རུ་ཁག་འཛུགས་རྩིས་ཡོད་པ་རེད། 

  • 2025ལོའི་འཛམ་གླིང་མི་དབྱིབས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ད་ལོའི་ཟླ་8ཚེས14ཉིན་ནས་ཚེས17ཉིན་བར་པེ་ཅིན་དུ་འཚོག་རྒྱུ་རེད། 

  • ཉེ་ཆར་ཧང་ཀྲོའུ་ཡུས་ཧང་དུ་རང་འབབ་ཆུའི་དྲི་མ་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་ནས་དྲ་དམངས་ཧྲའོ་ཆེ་གེ་མོས“ཉེན་རྟོག་གནས་ཚུལ་བརྡ་ཁྱབ་”རྫུན་མ་རྫུན་བཟོ་བྱས་པས་ཁོངས་གཏོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས། 

  • ཚེས22ཉིན་རང་རྒྱལ་གྱི་པོ་ཧའེ་རྒྱ་མཚོར་གནས་པའི་ཏུན་དུང་ཕྱུར་རིམ་པའི་སྣུམ་ཞིང་སྟེ། ཁེན་ལི10-2སྣུམ་ཞིང་གསར་སྤེལ་རྣམ་གྲངས་བདེ་བླག་ངང་ཐོན་སྐྱེད་བྱེད་མགོ་ཚུགས་ཤིང་། དེས་རང་རྒྱལ་གྱི་མཚོ་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་གཏིང་ཐུང་བྲག་གཤིས་སྣུམ་ཞིང་དངོས་སུ་ཐོན་སྐྱེད་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད། 

图片2.png

  • ད་ལོའི་ལོ་སྟོད་དུ་ཀོང་ཀྲོའུ་པའེ་ཡུན་གནམ་ཐང་གི་ལོ་ཕྱེད་ནང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཐེངས་དང་པོར་མི་ཐེངས་ཁྲི4000ལས་བརྒལ་ནས་དུས་མཚུངས་ལས9.2%འཕར་ཡོད། 

图片3.png

  • ཉེ་ཆར་ཧུའུ་པེ་དབྱི་ཁྲང་གི་གཞོན་ནུ་དབྱང་དབྱང་གིས་ཁྲག་བཟོས་ཕྲ་ཕུང་རྐང་མའི་དཔྱང་རྙོག་གཤེར་ཁུ་ཧའོ་ཧྲེང170ཞལ་འདེབས་ཕུལ་ཏེ་ཁྲག་དཀར་ནད་ཀྱི་བྱིས་པ་ཞིག་ལ་ཚེ་སྲོག་སྦྱིན། 

སྲིད་ཇུས། 

  • ཧོ་པེ་ཡིས་བརྡ་ཐོ་པར་འགྲེམ་བྱས་ནས2025ལོ་ནས2027ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱིས་བདེ་ཐང་གསོ་སྐྱོང་དང་སྔོན་ཐོན་བཟོ་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི60ཡན་སྤེལ་རྒྱུ་ཡིན་ཞེས་བཏོན། 

  • ཨན་ཧུའེ་ཡིས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་འདོན་བྱས་ནས་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་བཀོད་སྒྲིག་བྱེད་མཁན་མི་སྤྱོད་སྡེ་ཚན་ལ་སྤྱི་ཚོགས་འགན་བཅོལ་ཁ་གསབ་དང་ལས་གནས་ཁ་གསབ་སྤྲོད་དགོས་པའི་བརྡ་ཐོ་པར་འགྲེམ་བྱས། 

  • ནང་སོག་གིས་བརྡ་ཐོ་པར་འགྲེམ་བྱས་ནས2026ལོ་ནས2028ལོ་བར་ཐོན་ལས་གཞི་གྲངས་དང་རིག་ནུས་ཅན་གྱི་རིགས་སྒྱུར་ཚད་གཞི་ཁེ་ལས10ཡན་ལེགས་བསལ་འདེམ་སྒྲུག་བྱས་ནས་ཁེ་ལས་རེར་ཐེངས་གཅིག་གི་བྱ་དགའ་དང་ཁ་གསབ་སྒོར་ཁྲི200སྤྲོད་རྒྱུ་ཁ་གསལ་བཟོས་ཡོད། 

དེ་རིང་གི་གནམ་གཤིས།

  • ནང་སོག་ཧོ་ཐའོ་ས་ཁུལ་དང་། ལིའོ་ཉིང་ཤར་རྒྱུད། ཧོ་པེའི་དབུས་ལྷོ་རྒྱུད། ཧོ་ནན་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཧྲན་ཏུང་དབུས་བྱང་རྒྱུ། ཧུའུ་པེའི་ནུབ་རྒྱུད། སི་ཁྲོན་གཤོང་སའི་དབུས་ལྷོ་རྒྱུད། ཀུའེ་ཀྲོའུ་མང་ཆེ་བ། ཀོང་ཞིའི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཏུང་དབུས་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད། ཡུན་ནན་ལྷོ་ནུབ་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།