དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-24 09:11:15   |   236

སྒྲིག་སྒྱུར། ཀླུ་མཁར་རྒྱལ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

640.jpg

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བློ་མཐུན་ཚའེ་ཞུས་ཀྲེ་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གཉིས་པ”སྤྲོད་རྒྱུ་དང་། བློ་མཐུན་སུང་ལིང་ཏུང་དང་ཝང་ཧའོ་ཙེ་ལ“འཇིག་རྟེན་འཕུར་སྐྱོད་པའི་དཔའ་བོའི་”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་མ་ཟད“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གསུམ་པ”སྤྲོད་རྒྱུའི་གཏན་འབེབས་བྱས།

  • ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ2025ལོའི་ཟླ12ཚེས18ཉིན་དངོས་སུ་སྒོ་སྡོམ་རྒྱུའི་གཏན་འཁེལ་བྱས།

  • ཟླ7པ་ནས་བཟུང་། རང་རྒྱལ་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཚོང་ཟོག་གི་རྩ་གཉིས་ཨང་རྟགས》ཀྱི་རྒྱལ་ཁབ་ཚད་གཞི་དངོས་སུ་ལག་བསྟར་བྱས་པས་འཛད་སྤྱོད་པས་ཚོང་ཟོག་ཐོག་གི་རྩ་གཉིས་ཨང་རྟགས་ཤིག་བཤེར་འབེབས་བྱས་ཚེ་རིན་གོང་རྩིས་རྒྱག་དང་ཐོན་རྫས་ཁུངས་འདེད། གྲངས་འཛིན་ཤོག་བྱང་སོགས་དགོས་མཁོ་ཡོད་པའི་ཆ་འཕྲིན་ཚང་མ་དུས་གཅིག་ཏུ་ཐོབ་ཐུབ།

  • དམངས་སྲིད་པུ་དང་ནོར་སྲིད་པུས་བརྡ་ཐོ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ནུས་པ་ཤོར་བའི་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་རྣམ་གྲངས་སྤྲོད་རྒྱུ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི1.65གསར་དུ་སྒྱུར་བཀོད་བྱེད་མགོ་བཙུགས།

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་འཁྱེར་བདེའི་སྦྲེལ་དྲ་རིམ་རྩིས་བྱས་ན་རྒྱུག་ཚད་དུང་ཕྱུར1867GBཟིན་པ་དེ་དུས་མཚུངས་ལས16.4%འཕར་ཡོད།

  • 2024ལོར་ཕྱི་རྒྱལ་ནས་ཡིན་པའི་མི་སྣ་ཀྲུང་གོར་ཡོང་མཁན་མི་ཐེངས་ཁྲི3253.9ཟིན་པའི་ནང་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་ཡོང་མཁན་མི་ཐེངས་ཁྲི2011.5ཟིན་པ་དེ་དུས་མཚུངས་ལས་སོ་སོར80.7%དང112.3%འཕར་ཡོད།

  • “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་སླུ་སྐོར་གྱོད་གཞི་ཁྲི173.9རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་ཁྲི36.6བཟུང་བའི་ནང་སླུ་སྐོར་ཚོགས་པའི་ལྐོག་རྒྱབ“གསེར་བདག”དང་གཙོ་གཏེ། རྐང་འཛིན་པ་བཅས3442ཚུད་ཡོད།

  • ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཨ་རི་དང་ཧྥི་ལི་ཕིན་དང་ལྗར་པན་བར་ཚོང་དོན་གྲོས་མཐུན་བཞག་པ་མ་ཟད། ཨ་རི་དང་ལྗར་པན་བར་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཚོང་དོན་གྲོས་མཐུན་བཞག་ཡོད་ཅེས་ཁྱབ་བསྒྲགས་བྱས།

  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་ཀྱིས་ཚེས22ཉིན་དུག་སྦྲང་སྨྱན་སྦྱོར་གྱིས་ཁྱབ་སྤེལ་བྱས་པའི་ནད་གཞིའི་ཅི་ཁུང་ཁེན་ཡ་རེའི་ཉེན་བརྡ་བཏང་སྟེ། རྒྱལ་ཁབ་སོ་སོས་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ནས་རིམས་ནད་གཞི་ཁྱོན་ཆེན་པོས་མི་ཐོན་པ་བྱེད་དགོས་པའི་དྲན་སྐུལ་བྱས།

སྤྱི་ཚོགས།

640 (1).jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སེར་པོ་བཏང་བ་དང་། དེ་རིང་ནང་སོག་དབུས་ནུབ་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་། ཧོ་པེའི་བྱང་ཤར་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཚེས23ཉིན་ནང་སོག་དང་མཚོ་སྔོན་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞིའི་འཕྲལ་སྡོམ་བབ་བསྟུན་བྱེད་མགོ་འཛུགས་རྒྱུ་མ་ཟད། ལས་དོན་ཚོ་ཆུང་ནང་སོག་གི་འཐབ་ས་དང་པོར་མངགས་ནས་འབྲུབ་འགོག་གེགས་སེལ་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱ་རྒྱུའི་གཏན་འབེབས་བྱས།

  • ཉེ་ཆར་གཉེར་སྐྱོང་ཚོང་པ་ཆེ་གྲས་གསུམ་གྱིས་ཕྱི་གསལ་ནང་གསལ་གྱི་འཛད་སྤྱོད་དང་ཆ་འགྲིག་ཁུ་བསྡུ་སོགས་ཐད་ངོ་བོའི་རང་བཞིན་གྱི་བྱེད་ཐབས་སྤྱོད་རྒྱུའི་ཁས་ལེན་བྱས་ཡོད།

  • 2025ལོར་གསར་དུ་བསྡུས་པའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྲི4.8ལྷག་ཙམ་ཉེ་ཆར་གཅིག་རྗེས་གཉིས་མཐུད་ངང་ལམ་ལ་ཆས་ཏེ། ཞིན་ཅང་དང་བོད་ལྗོངས་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)27དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔང་སྡེའི་གཞི་རིམ་འཐབ་ས་དང་པོར་བསྐྱོད་དེ་དང་བླངས་ཞབས་ཞུ་བྱས།

  • ཧང་ཀྲོའུ་ཡིས་“ཡུས་ཧང་གི་རང་འབབ་ཆུའི་དྲི་མ་རྒྱུན་ལྡན་མིན་པའི”བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་མི7ལ་འགན་འཁྲི་བདའ་འདེད་ནན་པོ་བཏང་ཡོད།

640.png

  • དབྱི་ལུང་འཕྲལ་སྡོམ་རྣམ་པའི་མི་མེད་གནམ་གྲུས་ཉེ་ཆར་ཀོང་ཏུང་དུ་རྒྱ་མཚོའི་རླུང་འཚུབ་མ་སྒྲོལ་གོང་གི་ཉེན་ཟོན་མྱུལ་ཞིབ་དང་། རྒྱལ་མཚམས་སྒྲོལ་རྗེས་ཀྱི་གནོད་འཚེའི་གནས་ཚུལ་མྱུལ་ཞིབ། འཕྲལ་སྡོམ་བཀོད་འདོམས་འཕྲིན་གཏོང་ལས་འགན་བཅས་ལག་བསྟར་བྱས་ནས་རྒྱལ་ཡོངས་ཀྱི་གཏན་འཇགས་གཤོག་མེད་གནམ་གྲུ་ཆེ་གྲས་ཀྱི་རྒྱ་མཚོའི་རླུང་འཚུབ་སྔོན་བརྡ་དང་མྱུལ་ཞིབ་ཐོག་མ་བྱས།

  • ཚེས22ཉིན་ཀྲུང་གོ་འདུས་འགྱུར་ནུས་རྒྱུ་ཚད་ཡོད་ཀུང་སི་ཧྲང་ཧའེ་རུ་སྒོ་བྱང་བཀལ་ནས་དབུ་བརྙེས།

  • རྒྱལ་ཡོངས་ཀྱི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུ་ཁུལ་ཁག་དང་པོའི“ཁ་ལོ་བའི་ཁྱིམ་གཞིས”སྒྱུར་བཀོད་རིམ་སྤོར་ལེགས་གྲུབ་བྱུང་ནས། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་འཁོར་སྡོད་ངལ་གསོ་དང་། ཆུ་ཚན་མཁོ་འདོན། ཟ་མ་ཚ་སྣོན། ཁྲུས་བྱེད་པ། གོས་འཁྲུད་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་ཐུབ་རྒྱུ་རེད།

640 (2).jpg

  • གནམ་དཔྱད་ཆེད་མཁས་ཀྱིས་དྲན་སྐུལ་བྱས་དོན། ཟླ7པའི་ཟླ་སྨད་ནས་ཟླ8པའི་ཟླ་སྟོད་བར་ནི་ད་ལོའི་སྐྱ་རེངས་གོང་མཐོང་བའི་སྐར་མ་པ་སངས་ཀྱི་མཐོ་ཚད་མཐོ་ཤོས་ཀྱི་དུས་ཡིན། སྐབས་དེར་གནམ་གཤིས་དྭངས་ཚེ་སྤྲོ་བ་ཡོད་པའི་སྤྱི་དམངས་ཀྱིས་མིག་གིས་བལྟས་ཚེ་ལོ་ཧྲིལ་པོའི“ཆེས་མཐོ་བའི”ཐོ་རེངས་སྐར་ཆེན་མཐོང་ཐུབ།

སྲིད་ཇུས། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ད་ལོ་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་དཔེ་སྟོན་རྣམ་གྲངས་མུ་མཐུད་བསྐྲུན་ནས་ལོ་གཉིས་རེར་དཔྱད་དཔོག་ཐེངས་རེ་བྱེད་པ་དང་། དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)དང་དཔེ་སྟོན་སྒྲིག་གཞི་ཁག100ཙམ་ལ་མིང་བཏགས་པ་དང2030ལོར་གསར་གཏོད་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན།

  • ཧྥུ་ཅན་གྱིས་རྒྱལ་ཁོངས་ཕྱིའི་མི་སྣ་རྒྱལ་ཁོངས་སུ་ཡོང་བ་དང་འཛད་སྤྱོད་སྟབས་བདེ་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་ཁྱབ་བསྒྲགས་བྱས་ཏེ། སྲིད་ཇུས་ཀྱི་གཟིགས་སྐྱོང་ཆ་རྐྱེན་དང་མཐུན་པའི་ཞང་ཀང་ཨོ་མོན་ཐེ་ཝན་གྱི་སྤུན་ཟླ་དང་། ཕྱིར་སྡོད་རང་མི། ཕྱི་རྒྱལ་པ་བཅས་འཛད་སྤྱོད་དངོས་རྫས་ནང་ཞུགས་ནས་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་ལྕག་བཏང་།

  • ཧུའུ་པེས་ཐེམ་སྲིད་ཞབས་ཞུ་རིམ་སྤོར་བྱས་ནས་གསར་སྐྱེས་ཐོ་འགོད་དང་། ཐེམ་ཐོ་གནས་སྤོ། ཐེམ་ཐོའི་རིགས་ཀྱི་དཔང་ཡིག་སོགས་ཐེམ་སྲིད་དོན་ཚན་ཁག72དྲ་སྒྲུབ་གཏིང་ཟབ་བྱས་པ་སྟེ། དོན་ཚན་ཚང་མའམ་ཡང་ན་ཁག་ཅིག་ཤོག་བུའི་ལག་ཁྱེར་དཔྱད་ཡིག་སྤྲོད་མི་དགོས་པར་གཉེར་ཆོག

དེ་རིང་གི་གནམ་གཤིས།

640 (3).jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་དབུས་ནུབ་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་། ཉིང་ཞའི་བྱང་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་བྱང་རྒྱུད། ཧོ་པེའི་དབུས་ཤར་རྒྱུད་དང་ནུབ་བྱང་རྒྱུད། ཐེན་ཅིན། པེ་ཅིན་དབུས་ཤར་རྒྱུད། ཧོ་ནན་གྱི་བྱང་ཤར་རྒྱུད། ཧྲན་ཏུང་གི་ནུབ་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཁྲུང་ཆིང་ལྷོ་རྒྱུད། ཀུའེ་ཀྲོའུ་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ཡུན་དབུས་བྱང་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན། དེ་བཞིན་མཚོ་སྔོན་ཤར་བྱང་རྒྱུད་དང་ཧེ་ལུང་ཅང་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ལ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ནང་སོག་དབུས་ནུབ་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་། ཧོ་པེའི་ཤར་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ས་ཁུལ་ཁག་ཅིག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།