དེ་རིང་ནི2025ལོའི་ཟླ07པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-25 09:21:53   |   60

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་ཡོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་ལྔ་པ་ཚོགས་པར་ཕེབས་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་།

ཟླ7པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན(བསམ་འཆར་བསྡུ་ལེན་མ་ཟིན)》ཚེས24ཉིན་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།

ཀྲུང་དབྱང་དྲིལ་སྒྲོག་པུས་ཨན་ཧུའེ་ཞིང་ཆེན་ཐའེ་ཧོ་རྫོང་གི་དེང་རབས་ཞིང་ལས་ཚན་རྩལ་ཚོད་ལྟའི་དཔེ་སྟོན་རྟེན་གཞིའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟེ། བློ་མཐུན་ཞུས་ཚུང་ཞང་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་སྤྲད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས “བཅུ་བཞི་ལྔ”ཡི་རིང་རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད95%ཡས་མས་བརྟན་པོ་བྱུང་ཡོད་ཅེས་བཤད།

ཀྲུང་གོ་མི་དམངས་དངུལ་ཁང་གི་གྲངས་གཞི་ལས་མངོན་པ་ལྟར་ན། ལོ་སྟོད་དུ་རང་རྒྱལ་གྱི་ཀུན་ཕན་དངུལ་བུན་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི35.57ཟིན་པ་དེ་དུས་མཚུངས་ལས12.3%འཕར་ཡོད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ངལ་རྩོལ་ཐོབ་ཆ་བདའ་འདེད་ཚུར་ལེན་གྱི་གྱོད་གཞི་ཁྲི2.09ཁྲིམས་སྦྱོར་བྱ་རྒྱུར་རྒྱབ་སྐྱོར་བྱས།

ས་གནས་དེ་གའི་ཚེས24ཉིན། ཐེ་ལན་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་ས་ཁུལ་དུ་མེ་མདའ་རྒྱག་རེས་བྱས་པ་དང་རང་རྒྱལ་གྱི་ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་བྱ་རྒྱུའི་ཁ་ཏ་བྱས་པ་མ་ཟད་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཚེས24ཉིན། ཨུ་རུ་སུའི་མྱུལ་ཞིབ་ཨུ་ལྷན་གྱིས་ཉིན་དེར་ཨ་མུར་མངའ་སྡེ་རུ་ལྷུང་བའི་ཨན—24གནམ་གྲུའི་ཐོག་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད། ཧ་པ་ལུའོ་ཕུའུ་སི་ཁེར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཐོག་ཀྲུང་གོའི་སྤྱི་དམངས་གཅིག་ཡོད།

སྤྱི་ཚོགས།

ཚེས24ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་པེ་ཅིང་དང་། ཧོ་པེ། ཧྲན་ཞི། ཅི་ལིན། ཉིང་ཞ་བཅས་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞིའི་འཕྲལ་སྡོམ་དང་ལེན་བྱས། ཀྲེ་ཅང་དང་ཧྥུ་ཅན་ལ་དམིགས་ནས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་ཀྱི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱས།

ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་བརྡ་ཐོ་བཏང་སྟེ། ས་གནས་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ད་ལོའི་ཟླ་བདུན་པ་ནས་དགུ་པའི་བར་རྒྱལ་ཡོངས་སུ་གློག་གསོག་ཆས་ཀྱི་སྤུས་ཚད་བདེ་འཇགས་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས།

ཀྲུང་གོ་ངར་སྨན(兴奋剂)ངོ་རྒོལ་ལྟེ་གནས་ཀྱིས་ཚེས24ཉིན་གནས་ཚུལ་སྤེལ་བར་གཞིགས་ན།《ངར་སྨན་དོ་དམ་ལས་དོན་ཁྲོད་ཀྱི་ན་སོ་དར་ལ་མ་བབས་པའི་ལུས་རྩལ་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》ད་ལོའི་ཟླ་དྲུག་པར་པར་འགྲེམ་བྱས། དེ་ནི་རང་རྒྱལ་གྱི་ན་སོ་དར་ལ་མ་བབས་པའི་ལུས་རྩལ་པའི་ངར་སྨན་དོ་དམ་གྱི་སྦྲེལ་ཐག་ཧྲིལ་པོའི་སྲུང་སྐྱོང་མ་ལག་ཅིག་རེད།

ཀུའེ་ཀྲོའུ་ཞིང་ཨུའི་རྒྱུན་ཨུའམ་པི་ཅེ་གྲོང་ཨུའི་ཧྲུའུ་ཅི་ཝུའུ་ཧྲེང་ཧ་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

2.jpg

ཉེ་ཆར།“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ཁྲོད་ཀྱི་ཀྲོའུ་ཅིང་ཧྭ་ཐེ་ལན་ནས་ཀྲུང་གོར་རྩིས་སྤྲོད་བྱས། དེ་ཡིས་ཨེ་ཤེ་ཡ་ས་ཁུལ་གྱི“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱ”གཙང་སེལ་བྱས་པ་མཚོན་ཡོད།

ནང་སོག་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོའི་གསེར་ཚོགས་ནང་སོག་གཏེར་ལས་ཚད་ཡོད་སྤྱི་གཉེར་གྱི“7·23”ལས་འཛོལ་གྱི་བརྟག་དཔྱད་ཚོགས་ཆུང་བཙུགས།

3.gif

ཧུའུ་པེའི་ཝུའུ་ཧན་ཁྲོམ་གཞུང་གི་རྐང་གསུམ་འཁོར་ལོ་ཞིག་ལ་མེ་སྐྱོན་བྱུང་བ་ན། ཝུའུ་ཧན་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཧྲེན་ཙུའོ་ཀྲུང་གིས་གནས་ཚུལ་མཐོང་རྗེས་མྱུར་དུ་རླངས་འཁོར་སྐོར་མཚམས་བཞག་པ་དང་ལག་ཏུ་མེ་གསོད་འཕྲུལ་ཆས་འཁྱེར་ནས་མེ་གསོད་པར་འབད་པ་བྱས། དེ་རྗེས་གྲོང་མི་དང་ཁྲོམ་གཞུང་རྒྱུད་ཀྱི་ཚོང་དུད་དང་མཉམ་དུ་མེ་བསད།

སྲིད་ཇུས།

《ཁྱིམ་ཆས་ཁོར་ཡུག་འདུ་ཤེས་ཇུས་འགོད་སྒྲིག་སྲོལ》ཞེས་པའི་རྒྱལ་ཁབ་ཀྱི་ཚད་གཞི་དེ2026ལོའི་ཟླ1པའི་ཚེས1ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཚད་གཞི་དེའི་དམིགས་ཡུལ་ནི་ཁྱིམ་ཆས་ཐོན་རྫས་ཀྱིས་མི་ལུས་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཕོག་ཚད་དམའ་རུ་བཏང་ནས་ཁྱིམ་ཆས་ལས་རིགས་ལྗང་མདོག་དང་རྒྱུན་མཐུད་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

པེ་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཚེས1ཉིན་ནས་བཟུང་པེ་ཅིང་གི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་ཟླ་རེར་སྒོར2420ནས་སྒོར2540བར་ལེགས་སྒྲིག་བྱས། ཉིན་གང་ལམ་ལུགས་མིན་པའི་ལས་ཞུགས་མི་སྣའི་ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་ཆུ་ཚོད་རེར་སྒོར26.4ནས་སྒོར27.7བར་ལེགས་སྒྲིག་བྱས།

ཀུའེ་ཀྲོའུ་ཡིས་ཇུས་གཞི་བཏོན་པ་སྟེ། ལས་གཏོད་བྱེད་འདོད་ཡོད་པའི་ལོ་དེ་གར་སློབ་གྲྭ་ནས་མཐར་ཕྱིན་ཡང་ལས་ཞུགས་མ་ཐུབ་པའི་མཐོ་སློབ་མཐར་ཕྱིན་སློབ་མ་དང་། ལས་ཤོར་ཐོ་འགོད་བྱས་པའི་ལོ16ནས24བར་གྱི་གཞོན་ནུར་གཏན་འབེབས་ལྟར་རྣམ་གྲངས་དང་། མ་དངུལ། རིན་མེད་ས་ཆ་སོགས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

4.jpg

ནང་སོག་གི་དབུས་ནུབ་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་། ཉིང་ཞའི་དབུས་ལྷོ་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་བྱང་རྒྱུད། ཧོ་པེའི་དབུས་བྱང་རྒྱུད། ཐེན་ཅིན་གྱི་བྱང་རྒྱུད། པེ་ཅིང་དང་ལེའོ་ཉིང་གི་ལྷོ་ནུབ་རྒྱུད། ཅི་ལིན་གྱི་དབུས་ནུབ་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་མཚོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ཁྲོད་ནང་སོག་གི་དབུས་ནུབ་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་། ཧྲའན་ཞིའི་བྱང་རྒྱུད། ཧོ་པེའི་དབུས་བྱང་རྒྱུད། པེ་ཅིང་གི་ལྷོ་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཅི་ལིན་གྱི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།