དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-28 09:25:41   |   88

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རང་བྱུང་ཐོན་ཁུངས་པུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ6པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་སུ་ཤིང་དམར་ནགས་ཚལ(红树林)སྤྱི་ཆིང9200གསར་དུ་བསྐྲུན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཤིང་དམར་ནགས་ཚལ་བསྐྲུན་པའི་དམིགས་ཚད་ལས་འགན་སྔ་སྣུར་དུ་ལེགས་འགྲུབ་བྱུང་བ་རེད།

  • ཞིང་ལས་གྲོང་གསེབ་པུ་སོགས་སྡེ་ཁག་བཅུ་ཡིས་ཞིང་ལས་ཐོན་རྫས་ཀྱི་འཛད་སྤྱོད་སྐུལ་འདེད་གཏོང་བའི་ལག་བསྟར་འཆར་གཞི་ཁྱབ་བསྒྲགས་བྱས།

  • ཟླ1པ་ནས6པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་དུང་ཕྱུར66.78མངོན་འགྱུར་བྱུང་བ་དང་། དུས་མཚུངས་ལས2.5%འཕར་ཡོད།

  • རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་སྤྱི་ཚོགས་ཀྱི་ཟོག་འགྲེམས་འགྲོ་གྲོན་སྡོམ་འབོར་དང་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་(རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་)དབར་གྱི་བསྡུར་ཚད14%བར་མར་ཆག་ནས།  སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བའི་ལས་དོན་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་པ་རེད།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་གསར་གཏོད་སྨན་རྫས43དང་གསར་གཏོད་སྨན་བཅོས་ཡོ་བྱད45ལ་ཆོག་མཆན་སྤྲད་པ་དང་། དུས་མཚུངས་ལས་སོ་སོར59%དང87%འཕར་ཡོད།

  • 27ཉིན། བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཁག་བཅུ་གཅིག་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཁག་དྲུག་པ་བོད་ལྗོངས་དང་མཚོ་སྔོན་དུ་ལས་ཀ་བྱེད་པར་ཕྱིན།

  • 27ཉིན། རང་རྒྱལ་གྱིས་རྒྱང་སྐྱོད་ཨང་དྲུག་པ(长征六号)སྤྱད་དེ་ཐེག་འདྲེན་མེ་ཤུགས་འཕུར་མདའ་ལ་བསྒྱུར་བཅོས་བྱས་པ་དང་། འཁོར་སྐར་དྲ་སྦྲེལ་གྱི་ལྕགས་ལམ་དམའ་བའི་འཁོར་སྐར་ཚོ་ཆུང05མཁའ་དབྱིངས་སུ་འཕེན་གཏོང་ལེགས་འགྲུབ་བྱས་པ་དང་། འཁོར་སྐར་བདེ་བླག་ངང་སྔོན་བཀོད་ཀྱི་ལམ་ཐིག་ཏུ་སོང་ནས་འཕེན་གཏོང་ལས་འགན་ལ་ལེགས་འགྲུབ་ཆེན་པོ་ཐོབ་ཡོད།

  • མིག་སྔའི་བར། དོམ་ཁྲའི་བུན་ལོར(熊猫债券)རིམ་རྩིས་ཀྱི་འགྲེམས་སྤེལ་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་གཅིག་ལས་བརྒལ་བ་དང་། འགྲེམས་སྤེལ་སྒྲིག་གཞི90ལས་བརྒལ་ཡོད་ལ། མི་དམངས་ཤོག་སྒོར་གྱི་རྒྱལ་སྤྱིའི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད་པ་རེད།

  • ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས27ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨིན་ཚེས་26ཉིན་ཁྲའོ་ཞན་རྒྱལ་ས་ཕིང་རིང་དུ་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་མཆོད་རྟེན་ལ་མཇལ་ནས་ཁྲའོ་ཞན་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་72འཁོར་བར་དྲན་གསོ་ཞུས་པ་རེད།

སྤྱི་ཚོགས།

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་ཚུད་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་པེ་ཅིང་བྱང་རྒྱུད་ཀྱི་ཆ་ཤས་དང་། ཧོ་པེའི་དབུས་རྒྱུད་དང་བྱང་ཤར་རྒྱུད་བཅས་ཀྱི་ཆ་ཤས་སུ་ས་གཤིས་གནོད་འཚེ་ཐོན་པའི་ཉེན་ཁ་ཆེན་པོ་ཡོད།

  • 27ཉིན། ཆུ་བེད་པུས་པེ་ཅིང་གྲོང་ཁྱེར་ལ་དམིགས་ནས་ཆུ་ལོག་འགོག་སྲུངIVརིམ་པའི་འཕྲལ་སྡོམ་དང་ལེན་བྱེད་མགོ་བརྩམས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཉེར་སྤྱོད་སྨན་རྫས་རྗེས་འདེད་ཨང་བཤེར་གྱི་ལོག་རྒྱུག་སྨན་རྫས་ཆེད་དམིགས་བྱ་སྤྱོད་ཀྱི་དཔེ་མཚོན་གྱོད་དཔེ་ཁྱབ་སྒྲོག་བྱས་པ་རེད།

  • ཉིན27བར་དུ། 2025ལོའི་དབྱར་དུས་ཀྱི་གློག་བརྙན་སྤ་སེ་སྡོམ་འབོར་(སྔོན་འཚོང་ཚུད་ཡོད)དུང་ཕྱུར་50ལས་བརྒལ་ཡོད།

  • ཧྲའོ་ལིན་དགོན་པའི་ཁྲི་བ་(住持)ཧྲི་ཡུང་ཤིན་ཉེས་དོན་ཉེས་གསོག་གི་དོགས་གཞི་ཡོད་པ་དང་རྣམ་གྲངས་མ་དངུལ་ཧམ་བཟུང་གཞན་སྤྱོད། དགོན་པ་རྒྱུ་ནོར་བཙན་བཟུང་བྱས་པ། ཆོས་ལུགས་སྡོམ་ཁྲིམས་ལ་འགལ་ནས་ཡུན་རིང་བུད་མེད་མང་པོ་དང་རྒྱུན་ལྡན་མིན་པའི་འབྲེལ་བ་ཡོད་ལ་ལྐོག་ཏུ་བུ་ཕྲུག་གསོ་སྐྱོང་བྱས་ཡོད་པས། མིག་སྔར་སྡེ་ཁག་མང་པོའི་མཉམ་འབྲེལ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • རེས་འཁོར་འབྲིང་གྲས་ཤིག་ཧྲན་ཤིས་ཏ་ཐུང་ཐེན་ཀྲིན་རྫོང་ཉེ་འགྲམ་དུ་ཉེན་ཁ་འཕྲད་ནས་འབྲེལ་ཐག་ཆད། ཉིན་27ཡི་དགོང་མོ་བར། ཉེན་ཁ་འཕྲད་པའི་མི1འཚོལ་སྐྱོབ་ཐུབ་པ་དང་། ད་དུང་མི13འབྲེལ་བ་ཆད་ཡོད།

  • 2025ལོའི་ཀྲུང་གོའི་བྱ་སྒྲོའི་སྤོ་ལོ་ཡོངས་བསྒྲགས་འགྲན་བསྡུར་ཚེས27ཉིན་ལེགས་འགྲུབ་ངང་མཇུག་འགྲིལ་ཞིང་། ཀྲུང་གོའི་རུ་ཁག་གིས་སྐྱེས་པའི་རྐྱང་འགྲན་དང་། བུད་མེད་རྐྱང་འགྲན། བུད་མེད་གཉིས་འགྲན། ཕོ་མོ་མཉམ་བསྲེས་བཅས་ཀྱི་རྣམ་གྲངས་ཀྱི་ཨང་རིམ་དང་པོ་དང་གཉིས་པའི་བྱ་དགའ་ཚང་མ་བླངས་ནས་གསེར་གྱི་རྟགས་མ4དང་དངུལ་གྱི་རྟགས་མ4བླངས་པ་རེད།

  • ཚེས27ཉིན། 2025ལོའི་འཛམ་གླིང་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི400ཡི་རང་མོས་ཆུ་རྐྱལ་མཐའ་བསྡུར་ཁྲོད་ཀྲུང་གོའི་འགྲན་ཞུགས་པ་ལི་པིན་ཅེ་ལ་སྐར་མ3དང་སྐར་ཆ58ཡང་ཆ21ཡི་གྲུབ་འབྲས་ཐོག་ནས་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། ཨེ་ཤེ་ཡའི་ཟིན་ཐོ་གསར་པ་གཏོད།

  • ཚེས28ཉིན་གྱི་ས་སྲོད་དུ་དམར་མདོག་གི་མིག་དམར་དེ་མོ་སྨི་ཟླ་བ་(蛾眉月)དང་ཐག་ཉེ་རུ་སོང་ནས“དམར་དཀར་སྡེབ་པའི”རྣམ་པ་ཞིག་བྱུང་རྒྱུ་ཡིན་པ་དང་། སྐབས་དེར་གནམ་གཤིས་བཟང་ཚེ་སྤྱི་དམངས་ཀྱིས “མིག་དམར་ཟླ་བ་དང་འགྲོགས་པའི”རྣམ་པ་མཐོང་ཐུབ།

སྲིད་ཇུས།

  • ཐེན་ཅིན་གྱིས་སྤྱི་ཕན་རིགས་དང་པོའི་བྱ་གཞག་ཚན་པས་ཁྲིམས་ལྟར་སྒྲིག་སྲོལ་གཞིར་བཟུང་ནས། ལག་རྩལ་གཞན་སྐོར་དང་། ལག་རྩལ་ཆོག་འཐུས། ལག་རྩལ་གསར་སྤེལ། ལག་རྩལ་བློ་འདྲི། ལག་རྩལ་ཞབས་ཞུ་སོགས་ཚན་རྩལ་འབྲས་བུ་གཞན་བསྒྱུར་གྱི་བྱེད་སྒོ་སྤེལ་བ་དང་འབྲེལ་གྲུབ་འབྲས་གཞན་བསྒྱུར་གྱི་ཡོང་འབབ་ཐོབ་ཆོག་པ་དང་། དེ་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ལ་བརྩི་མི་རུང་ཞེས་ཁ་གསལ་བཟོས་ཡོད།

  • ཅི་ལིན་ཞིང་ཆེན་གྱིས་མཐོ་རིམ་སློབ་གྲྭས་མཐར་ཕྱིན་སློབ་མའི་ལས་ཞུགས་འཚོ་བའི་ཁ་གསབ་ལག་བསྟར་ཞིབ་སྲོལ་(གནས་སྐབས་ལག་བསྟར་)ཁྱབ་བསྒྲགས་བྱས་པ་དང་། ཆ་རྐྱེན་དང་མཐུན་པའི་མཐར་ཕྱིན་སློབ་མའི་ཁ་གསབ་ཀྱི་ཚད་གཞི་ནི་འབུམ་རམས་པ་ཞིབ་འཇུག་སློབ་མར་ཟླ་རེར་སྒོར2500དང་། རབ་འབྱམས་པ་ཞིབ་འཇུག་སློབ་མར་ཟླ་རེར་སྒོར་1500དངོས་གཞིའི་ཚན་ཁག་གི་སློབ་མར་ཟླ་རེར་སྒོར་1000བཅས་ཡིན་པ་རེད།

  • ཧུའུ་ནན་ཞིང་ཆེན་གྱིས“ཚྭ་དང་སྣུམ་ཉུང་གཏོང་བའི”ཆེད་དམིགས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་བདེ་ཐང་གི་ཧུའུ་ནན་ཚལ་རིགས་གསར་པའི་སྤུས་རྟགས་ལ་ཆེས་མཐོ་བའི་སྒོར་ཁྲི100་ཡི་ཐེངས་གཅིག་ཅན་གྱི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།

དེ་རིང་གི་གནམ་གཤིས།

  • ཧྲན་ཤིས་ཀྱི་དབུས་བྱང་རྒྱུད་དང་། ཧོ་པེའི་དབུས་བྱང་རྒྱུད། པེ་ཅིན། ཐེན་ཅིན་གྱི་བྱང་རྒྱུད། ལིའོ་ཉིང་གི་ནུབ་རྒྱུད་དང་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཧྲའན་ཤིས་ཀྱི་བྱང་རྒྱུད། དེ་བཞིན་ཐའེ་དབན་གླིང་ཕྲན་དང་ཡུན་ནན་གྱི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཧོ་པེའི་དབུས་རྒྱུད་དང་ཤར་བྱང་རྒྱུད། པེ་ཅིང་གི་ལྷོ་རྒྱུད་དང་བྱང་རྒྱུད། ཐེན་ཅིན་གྱི་བྱང་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ནང་སོག་གི་དབུས་ཤར་རྒྱུད་དང་། ཀྲེ་ཅང་གི་ཤར་རྒྱུད། ཧྥུ་ཅན་གྱི་མང་ཆེ་བ། ཅང་ཞིའི་ལྷོ་རྒྱུད། ཧུའུ་ནན་གྱི་ཤར་རྒྱུད། ཀོང་ཏུང་གི་དབུས་ཤར་རྒྱུད། ཀོང་ཞིའི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད། བོད་ལྗོངས་ཀྱི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཐར་ཐོར་ཅན་གྱི་ཆར་ཆེན་སམ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།