དེ་རིང་ནི2025ལོའི་ཟླ08པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-07-31 09:30:47   |   94

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ7ཚེས30ཉིན་ཚོགས་འདུ་འཚོགས་ནས། ད་ལོའི་ཟླ10པར། པེ་ཅིན་དུ་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུ་གཏན་ཁེལ་བྱས་པ་རེད།

  • ཟླ7ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག  མིག་སྔའི་དཔལ་འབྱོར་གནས་བབ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཁོངས་མེད་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • ཀྲུང་དབྱང་དྲིལ་སྒྲོག་པུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུ་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་ལྔ་པ་དེ། ཉེ་ཆར་ཕྱི་རྒྱལ་གྱི་ཡི་གེ་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གི་པར་གཞིའི་ཐོག་ནས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་ལ་འགྲེམས་སྤེལ་བྱས་པ་རེད།

  • ཀྲུང་དབྱང་སྒྲིག་འཛུགས་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2025ལོའི་ཟླ6པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་གྲོང་རྡལ་(ཁྲོམ་རྒྱུ)ཁྲི3.8ཡི་འགན་འཁྲི་སྒྲུབ་པའི་དོན་ཚན་ཞིབ་ཐོའི་སྒྲིག་བཟོ་ཚང་མ་ལེགས་འགྲུབ་བྱུང་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་ཁག་གིས་ཟླ8པའི་ཟླ་མཇུག་ཏུ། ཕྲུ་གུ་གསོ་སྐྱོང་ཁ་གསབ་རེ་ཞུ་བྱེད་པ་སྔ་གཞུག་ཏུ་ལག་བསྟར་བྱེད་རྒྱུ་དང་། ཟླ8པའི་ཚེས31ཉིན་གྱི་སྔོན་ལ་ས་གནས་ཁག་གིས་ཕྲུ་གུ་གསོ་སྐྱོང་ཁ་གསབ་རེ་ཞུ་བྱེད་པ་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད།

  • ལོ་སྟོད་དུ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཀྱི་ཁེ་ལས་ཀྱིས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར71292མངོན་འགྱུར་བྱུང་བ་དང་། ལོ་གོང་མའི་དུས་མཚུངས་ལས7.4%འཕར་ཡོད།

  • རྒྱལ་ཁབ་གནས་སྤོ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། ཀྲུང་གོའི་རྒྱལ་གྲོལ་ལམ་ཡིག་སྤྱད་དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ(ས་ཁུལ་)90ལྷག་ཙམ་ལ་ཐོ་འགོད་མི་དགོས་པའམ་ཡང་ན་འབྱོར་སའི་ཐོ་འགོད་མི་དགོས་པར་སོང་ཆོག་པ་རེད།

01.jpg

  • ཚེས30ཉིན། རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱེད་ས་ནས་རྒྱང་སྐྱོད་ཨང་བརྒྱད་པའི་ཐེག་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྤྱོད་དེ། འཁོར་སྐར་དྲ་སྦྲེལ་དམའ་བའི་འཁོར་ལམ་ཚོགས་ཆུང་06ཡི་འཁོར་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱེད་པ་ལེགས་འགྲུབ་བྱུང་།

  • ཀྲུང་གོ་དང་ཨ་རིའི་རེས་སྐོར་གསར་པའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་གཅིག་མཐུན་གཞིར་བཟུང་། ཕྱོགས་གཉིས་གྱིས་གནས་སྐབས་མཚམས་འཇོག་བྱས་ཟིན་པའི་ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་ཀྱི་ཆ་ཤས་24%དང་དེ་བཞིན་ཀྲུང་གོའི་ཕྱོགས་གྱིས་བྱེད་ཐབས་ལ་ངོ་རྒོལ་བྱས་ནས་དུས་བཀག་ལྟར་ནར་འགྱངས་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

  • ཀྲུང་གོ་དང་ཨུ་རུ་སུའི་མཚོ་དམག་གིས་ཟླ8པར། “2025ལོའི་མཚོ་ཐོག་མཉམ་འབྲེལ”གྱི་ནང་སྦྱོང་བྱ་རྒྱུ་ཡིན་པ་རེད།

སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུ་ཡིས་མཉམ་འབྲེལ་ཐོག་ཆུ་ལོག(ཤྭ་འོད)བྱུང་བའི་དམར་མདོག་གནོད་འཚེའི་གནམ་གཤིས་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་དང་། ཚེས30ཉིན་གྱི་དུས་ཚོད20ནས་ཚེས31དུས་ཚོད20བར། ཀྲེ་ཅང་གི་ནུབ་བྱང་རྒྱུད་དང་ཨན་ཧུའེ་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆུ་ལོག་(ཤྭ་འོད)གནོད་འཚེ་ཐོན་སྲིད་པའི་ཉེན་ཁ་ཆེ།

  • རང་བྱུང་ཐོན་ཁུངས་པུའི་མཚོ་འཕྱུར་ཉེན་བརྡ་ལྟེ་གནས་ཀྱིས་ཚེས30ཉིན། མུ་མཐུད་དུ་ཐའེ་ཝན་ཤར་རྒྱུད་ཀྱི་འགྲམ་རྒྱུད་ལ་དམིགས་ནས་མཚོ་འཕྱུར་བྱུང་བའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག   ཀྲེ་ཅང་དང་ཧྲང་ཧའེ་འགྲམ་རྒྱུད་ཀྱི་མཚོ་འཕྱུར་ཉེན་བརྡ་སེར་པོ་བཏང་།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཟུར་པ་ཀྲའོ་ཅིན་ཡུན་ལ་ལྐོག་དངུལ་བྱིན་པའི་དོགས་གཞི་དང་ནང་ཁུལ་ནས་ཉོ་ཚོང་བྱས་པའི་གྱོད་གཞི་ལ་གཞུང་གཏུག་བྱས་པ་རེད།

  • ཨན་ཧུའེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཟུར་པ་ཀྲོའུ་ཞིས་ཨན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་འབུད་དང་གཞུང་ལས་ནས་གཡུག

  • ནང་སོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཟུར་པ་ཝང་ཀྲུང་གིས་སྒྲིག་འགལ་ཁྲིམས་འགལ་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཅུ་ཀྲང་གཞོན་པ་ཟུར་པ་ཁྲེན་དུས་ཧྥེའི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད།

  • ཚེས30ཉིན། ཀྲུང་གོའི་རྐང་གྲུག་མཐུན་ཚོགས་ཀྱི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་ཀྱི་དེ་སྔའི་ཀྲུའུ་རིན་ཝང་ཞའོ་ཕིང་གིས་ལྐོག་རྔན་བླངས་པའི་གྱོད་དོན་གྱི་འདྲི་རིམ་དང་པོའི་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཝང་ཞའོ་ཕིང་ལ་ལོ་བཅུ་དང་ཟླ་བ་དྲུག་རིང་གི་དུས་བཀག་བཙོན་འཇུག་བྱེད་རྒྱུ་ཐག་བཅད།

  • ཚེས30ཉིན། ཀྲུང་གོ་རིམ་འདས་མཉམ་འགྲན་ཚད་ཡོད་འགན་འཁྲི་སྤྱི་གཉེར་གྱི་དེ་སྔའི་ཏུང་ཧྲི་ཀྲང་ལིའུ་ཅུན་གྱིས་ལྐོག་རྔན་བླངས་པ་དང་། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་མིན་པའི་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་རིམ་དང་པོ་དཔྱད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལིའུ་ཅུན་ལ་ལོ་བཅུ་གཅིག་དུས་བཀག་བཙོན་འཇུག་བྱེད་རྒྱུ་ཐག་བཅད།

  • ཚེས30ཉིན་དང་། ཁྲལ་དོན་སྡེ་ཚན་གྱིས་ཁྲིམས་ལྟར་འབྲེལ་ཡོད་དཔེ་མཚོན་གྱོད་གཞི4ཞིབ་བཤེར་ཐག་གཅོད་བྱས་པ་དང་འབྲེལ་ཡོངས་བསྒྲགས་བྱས།

02.jpg

  • ཉིན་ཤས་གོང་། ཟོག་འགྲེམས་མི་མེད་གནམ་གྲུས་མཚོ་ཟས་འཁྱེར་ནས་ཀོང་ཏུང་ཀྲུའུ་ཧའེ་ཐང་ཅ་གྲུ་ཁ་ནས་འཕུར་ཏེ་ཀོང་ཀྲོའུ་སུའེ་ཞང་གྲུ་ཁ་བབ་པ་དང་། དེས་གྲུ་ཁ་ཏ་ཝན་ཁུལ་གྱི་ཟོག་འགྲེམས་མི་མེད་གནམ་གྲུ་ཤར་གཏོང་ཐུབ་པ་མཚོན།

03.jpg

  • “ཞུང་ཨན་ཀུའུ་ཀྲོའུ་མཁར་གྱི་གནའ་ཤུལ་གནའ་རྫས་རྟོག་ཞིབ་གྲུབ་འབྲས་འགྲེམས་སྟོན”ཞེས་པ་ཚེས30ཉིན་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རྟེན་མཛོད་ཁང་ནས་མང་ཚོགས་ལ་སྒོ་འབྱེད་རྒྱུ་རེད། ཐང་རྒྱལ་རབས་ཀྱི་རྫ་རིགས་འབྲུག་མགོ་གཉིས་ཐོག་དང་པོར་དམངས་ཡོངས་ལ་འགྲེམ་སྟོན་བྱ་རྒྱུ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་རྫས་རིགས་གཉིས་པར་ཐོ་འགོད་སྙན་ཞུའི་བརྒྱུད་རིམ་ཁྲོད་འབྲེལ་ཡོད་ཞིབ་དཔྱད་དང་ཞིབ་མཆན་སོགས་འཛུགས་པ་ལ་དམིགས་བསལ་བགྲོད་ལམ་བཏོད་ནས་སྔོན་ལ་ཞབས་འདེགས་ཞུ་བའི་གོ་རིམ་ཡོད་པ་རེད།

  • ཧྲན་ཞི་ཡིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་དམངས་གཉེར་ཁེ་ལས་ཞིང་ཆེན་ཡོངས་ཀྱི་འོད་དྲོད་གློག་གཏོང་དང་། སྐྱེ་དངོས་རྫས། བསྐྱར་སྐྱེ་ཐུབ་པའི་ནུས་པའི་དྲོད་གཏོང་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་སྐུལ་མ་བྱས་པ་རེད།

  • ཧྲན་ཏུང་གིས་ཞིབ་སྲོལ་ཁྱབ་བསྒྲགས་བྱས་ནས་བཙོག་འབུད་ཚན་པ་མང་པོས་མཚོ་ནང་བཙོག་འབུད་ཁ་གཅིག་བཀོལ་བར། བཙོག་འབུད་སྡེ་ཚན་ཚང་མ་འགན་འཁུར་བྱེད་པོ་ཡིན་པ་མ་ཟད། བཙོག་འབུད་སྡེ་ཚན་ཁག་གི་ཐོ་འགོད་སྙན་གསེང་རྒྱུ་ཆའི་ནང་བཙོག་འབུད་སྡེ་ཚན་ཁག་གི་འགན་འཁྲི་གསལ་བོར་བཟོ་དགོས་པ་བསྟན།

དེ་རིང་གི་གནམ་གཤིས།

04.jpg

  • ཀྲེ་ཅང་གི་བྱང་རྒྱུད་དང་། ཧྲང་ཧའེ། ཨན་ཧུའེ་ཡི་ཤར་རྒྱུད་དང་ཅང་སུའུ་ཡི་ས་ཆ་མང་ཆེ་བ། ཧྲན་ཏུང་ཕྱེད་གླིང་གི་ཤར་རྒྱུད་དང་ལྷོ་རྒྱུད་། ཅི་ལིན་ཤར་རྒྱུད་དང་དེ་བཞིན་ཞིན་ཅང་གི་དབྱི་ལི་ཆུ་བོའི་ལུང་གཞུང་དང་། ནང་སོག་ཀུའུ་ཧོ་ཐའོ་ས་ཁུལ། ཉིང་ཞའི་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ཤར་ལྷོ་རྒྱུད། ཀོང་ཞིའི་དབུས་རྒྱུད། ཀོང་ཏུང་དབུས་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནམ་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཨན་ཧུའེ་ཡི་ཤར་རྒྱུད་དང་། ཅང་སུའུ་ཡི་དབུས་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་ཡོད་པ་དང་། ས་ཆ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།