དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-01 09:15:51   |   334

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་བཀའ་རྒྱར་མཚན་རྟགས་བཀོད་དེ།  དམག་དོན་འཇིག་རྟེན་འཕུར་སྐྱོད་དཔུང་སྡེ་དང་། དྲ་རྒྱའི་བར་མཐོངས་དཔུང་སྡེ། ཆ་འཕྲིན་རོགས་སྐྱོར་དཔུང་སྡེ། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དཔུང་སྡེའི་དམག་དར་གྱི་བཟོ་དབྱིབས་ཁྱབ་བསྒྲགས་བྱས་པ་དང་འབྲེལ། བརྒྱད་གཅིག་དམག་བཙུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཡིག་གཉེར་བ། གྲ་སྒྲིག་དམག་ཞབས་མི་སྣ། ཡུལ་དམག་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས། 

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་འགའི་སྔོན་ལ་བཀའ་རྒྱར་མཚན་རྟགས་བཀོད་ནས། ཚན་པ་གཉིས་དང་མི་སྒེར5ལ་བྱས་རྗེས་བཀོད་ཡོད། 

  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གི་གསུང་བཤད》སྤེལ་ཡོད། 

  • རྒྱལ་ཁབ་བསྡོམས་རྩིས་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཞིབ་རྩིས་བྱས་པ་བརྒྱུད། 2024ལོར་རང་རྒྱལ་གྱི“གསར་པ་གསུམ”གྱི་དཔལ་འབྱོར་རིན་ཐང་འཕར་མ་སྒོར་དུང་ཕྱུར242908ཡིན་པ་དེསGDPབསྡུར་ཚད་ཀྱི18.01%བཟུང་ཡོད། 

  • དམག་འཁྱུར་དམག་མིའི་ལས་དོན་པུས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་གཤེགས་དཔའ་བོའི་བྱས་རྗེས7000ལྷག་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱས་ཡོད་པ་རེད། 

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིསH20རྩིས་རྒྱག་ནུས་པའི་ཉིང་ལྷེབ་ཀྱི་སྐྱོན་ཆ་དང་ལྟག་སྒོའི་བདེ་འཇགས་ཉེན་ཁའི་ཐད་དབྱིན་ཝེ་ཏ་སྤྱི་གཉེར་ལ་ཁ་ཆད་གླེང་མོལ་བྱས་པ་རེད། 

3b8327835394fefda2a473c5af6a70b.jpg

  • ཟླ7ཚེས31ཉིན་གྱི་ཆུ་ཚོད10:00སྟེང་། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མྱུར་གྲུ་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཕ་ཁི་སི་ཐན་གྱི་རྒྱང་ཚོར་སྲུང་སྐར01མཁའ་དབྱིངས་སུ་འཕེན་གཏོང་བྱས། 

  • ཟླ7ཚེས31ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོ་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་ཁྲིམས་འཛིན་སྐོར་ཞིབ་བྱས་པ་རེད། 

  • འབར་མས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གསར་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཉིའུ་སུའོ་ཡིས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལི་གསར་པའི་འགན་འཁུར་བ་དང་། རྒྱལ་སྲུང་དམག་གི་སྤྱི་ཁྱབ་སི་ལིང་མིན་ཨང་ལའེ་ཡིས་རྒྱལ་ཁབ་བདེ་འཇགས་དང་ཞི་བདེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་བ་རེད། 

    སྤྱི་ཚོགས།

  • རྒྱལ་ཁབ་གེགས་འགོག་གེགས་སེལ་ཨུ་ལྷན་གྱིས་ཧོ་པེ་རྒྱལ་ཁབ་ཀྱི་གེགས་སེལ་འཕྲལ་སྡོམ་གྱི་རིམ་པ་གསུམ་པར་མཐོ་རུ་གཏོང་རྒྱུར་དམིགས་ནས། ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་གྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ཡོད། 

  • ཟླ7ཚེས23ནས29ཉིན་བར། པེ་ཅིང་དུ་བསྟུད་མར་དྲག་ཆར་བབས་པ་རེད། ཚེས31ཉིན་བར་མི44རྐྱེན་ལམ་དུ་ཤོར་བ་དང་མི9གར་སོང་ཆ་མེད་དུ་གྱུར་ནས་འབྲེལ་བ་ཆད་ཡོད། 

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བ་ལྟར་ན། ད་ལོའི་ལོ་སྟོད་དུ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ1666ལ་ཆད་པ་བཅད་ཡོད། 

  • གོ་མཚོན་སྒྲིག་ཆས་ཚོགས་པའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཝུའེ་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད། 

  • ཀྲུང་གོ་མཚོ་སྣུམ་གྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡོན་ཀོང་ཡུས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་འབུད་བྱས་པ་རེད། 

  • སྤྱི་བདེ་པུས“དུས་བདེའི་བྱེས་འཚོ—2025”ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ནས། རྒྱལ་ཁབ་ཀྱི་སྲུང་སྐྱོང་བྱ་རིགས་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་རེད། 

22329eccb075b8420230f44b995b6a5.jpg

  • རང་རྒྱལ་གྱི་སི་ཁྲོན་གཤོང་སའི་རྡོ་གཡམ་སྣུམ་ཞིང་ཐོག་མ་སྟེ་ཧྥུའུ་ཞིང་སྣུམ་ཞིང་ཁྲུང་ཆིང་དུ་བཙུགས། 

a22fa1ddb18e90cd659dc25a1c498bd.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས“འབད་འཐབ་པ”རྟགས་ཅན་གྱི་མི་བཞུགས་ཆུ་འཛུལ་ཡོ་བྱད་སྤྱད་དེ། སྨི9533ཡོད་པའི་རྒྱ་མཚོའི་འཇིངས་སུ་མུ་ཟི་ཆིང་དང་ཝན་ཀ་བ“ཟ”བའི་གཞི་ཁྱོན་ཆེ་བའི་མཚོ་གཏིང་གི་ཚེ་སྲོག་ཁྱུ་ཚོགས་ཐོག་མར་ཤེས་རྟོགས་བྱུང་། 

  • ཟླ7ཚེས31ཉིན་དབྱི་ཝུའུ་གྲོང་ཁྱེར་གྱི་ཕྱི་རྒྱལ་གྱི་མ་དངུལ་གཉེར་སྐྱོང་བྱེད་པོའི་གྲངས་འབོར་ཁྲི1ལས་བརྒལ་ནས། དབྱི་ཝུའུ་རང་རྒྱལ་གྱི་ཕྱི་རྒྱལ་གྱི་མ་དངུལ་གཉེར་སྐྱོང་བྱེད་པོ་ཁྲི་ལས་བརྒལ་བའི་རྫོང་རིམ་པའི་གྲོང་ཁྱེར་དང་པོར་གྱུར་ཡོད། 

640.gif

  • ཟླ7ཚེས31ཉིན། 2025ལོའི་འཛམ་གླིང་ཐག་མཆོང་གཟེངས་རྟགས་འགྲན་བསྡུར་ཐོག་ཀྲུང་གོའི་བདམས་ཐོན་པ་ཚེན་ཞའོ་ལིན་གྱིས་སྐར་ཆ30རིང་ཁེར་ལྡིང232དང་སྐར་མ3རིང་ཁེར་ལྡིང1168བྱས་ནས། ཁོང་གིས་བཏོད་པའི་འཛམ་གླིང་གི་ཟིན་ཐོ་ལས་སླར་ཡང་བརྒལ་བ་རེད། 

    སྲིད་ཇུས།

  • 《ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་གི་གནས་སྐབས་ལག་བསྟར་གཏན་འབེབས》སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ཡོད། 

  • དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བརྡ་ཐོ་བཏང་ནས། གྲོང་ཁྱེར་གྱི་ཚོང་ལས་སྨན་བཅོས་གུན་སྐྱོབ་ཚད་ལྡན་དང་གནད་སྨིན་རིན་གོང་གཏན་འཁེལ་བྱས་ཏེ། ཐོན་རྫས་དང་ཞབས་ཞུའི་དྲང་སྙོམས་རང་བཞིན་དང་བཀོད་སྒྲིག་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

  • པེ་ཅིང་གིས་བྱེད་ཐབས་ཁག15ཁྱབ་བསྒྲགས་བྱས་ནས། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་བའི་ནང་། ཁྱིམ་ཚང་གཅིག་གི་བུ་ཕྲུག་གི“ཆེ་ཆུང་མཉམ་སློབ”སོགས་ལ་སྤྱི་འདོམས་བསམ་གཞིག་བྱེད་པ་ཚུད་ཡོད། 

    དེ་རིང་གི་གནམ་གཤིས།

1fa8778ab6e03726bd7cde88a099380.jpg

  • ཨན་ཧུའེ་ཡི་དབུས་ལྷོ་རྒྱུད་དང་ཤར་རྒྱུད། ཅང་སུའུ་ཡི་ནུབ་རྒྱུད་དང་དབུས་བྱང་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད་དང་ཤར་རྒྱུད། ལིའོ་ཏུང་ཕྱེད་གླིང་གི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་པ་དང་། དེའི་ནང་ཨན་ཧུའེ་ལྷོ་རྒྱུད་དང་ཅང་སུའུ་བྱང་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་ཀྱི་ཡོད་ལ། ཉིང་ཞའི་བྱང་རྒྱུད་དང་ཧྲའན་ཞིའི་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་དབུས་ལྷོ་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད། ཧྥུའུ་ཅན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།