དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-04 09:18:19   |   167

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ལོ་སྟོད་དུ་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་འབྲིང་ཆུང་གི་འཕར་ཐང་དུས་མཚུངས་ལས8.0%འཕར་ཡོད།

微信图片_2025-08-04_082703_181.jpg

  • རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལྕགས་ལམ་དབྱར་གསེང་སྐྱེལ་འདྲེན་དེ་ཟླ7པའི་ཚེས1ཉིན་ནས་སྤེལ་མགོ་ཚུགས་པ་ནས་བཟུང་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར4.6ལས་བརྒལ་ཡོད་པ་རེད།

  • ཚེས3ཉིན་ཆུ་བེད་པུས་ཀན་སུའུ་དང་མཚོ་སྔོན་གྱི་འབྲུབ་འགོག་རིམ་པⅣཡི་འཕྲལ་སྡོམ་དང་ལེན་དེ་རིམ་པⅢབར་མཐོ་རུ་བཏང་།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས8.9%དང11.9%སོ་སོར་འཕར་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ནས་བཟུང་རང་རྒྱལ་གྱིས་ཀྲུང་དབྱང་གི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར88ཙམ་སྤྱི་འདོམས་བྱས་ནས་རྫོང་རིམ་པའི་སྨན་ཁང་དང་གཙོ་གནད་ལྟེ་གནས་ཡུལ་གྲོང་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།

  • མིག་སྔར་ལྷ་གྲུ་ཨང་ཉི་ཤུ་པའི་ཚོགས་ཆུང་གི་ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་འཁོར་ལམ་ཐོག་ཟླ་བ་གསུམ་ལྷག་ཙམ་བསྡད་པ་དང་། བར་སྣང་ཚན་རིག་གི་ཚོད་ལྟ་མང་པོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

  • ཚེས3ཉིན་བར་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་ཀྲུང་གོའི་བགྲོད་ལམ་དེ་2013ལོར་ཐེངས་དང་པོ་ཤར་གཏོང་བྱས་ཚུན་རིམ་རྩིས་བྱས་ན་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐེངས20000ལས་བརྒལ་བ་ཤར་གཏོང་བྱས་ཡོད་པ་རེད།

  • ཚེས3ཉིན། ཀྲུང་ཨུའི“མཚོ་ཐོག་མཉམ་འབྲེལ—2025ལོའི”མཉམ་འབྲེལ་སྦྱོང་བརྡར་མཚོ་ཐོག་སྦྱོང་བརྡར་དུས་མཚམས་ཕྱོགས་ཡོངས་ནས་སྤེལ་བ་རེད།

  • ཨ་རིའི་ཡེ་ལུའུ་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། ཨ་རིའི་ཆ་སྙོམས་གོ་ཆོད་སྒོ་ཁྲལ་གྱི་ཁྲལ་ཚད་མིག་སྔར18.3%ཟིན་པ་དེ་ནི1934ལོ་ཚུན་གྱི་ཆུ་ཚད་མཐོ་ཤོས་ཡིན་པ་རེད།

སྤྱི་ཚོགས།

微信图片_2025-08-04_082716_875.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས3ཉིན་དྲོད་ཚད་མཐོ་བའི་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས4ཉིན་གྱི་ཉིན་མོར་ཧྭ་པེ་དང་། ཧྲའན་ཞི། ཧོང་ཧུའེ། ཅང་ཧན། ཅང་ཧུའེ། ཅང་ནན། སི་ཁྲོན། ཞིན་ཅང་སོགས་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད35℃~39℃ཡི་ཚ་བ་ཆེ་བའི་གནམ་གཤིས་ཡོད་རྒྱུ་རེད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས2ཉིན་གྱི་ཆུ་ཚོད8པ་ནས་ཚེས་3ཉིན་གྱི་ཆུ་ཚོད8པའི་བར་ཆར་བབས་པའི་རྐྱེན་གྱིས་ཀན་སུའུ་ཀྲོང་ལང་གཙང་པོ་དང་། ཉིང་ཞ་ཧོ་པའོ་གཙང་པོ། ནང་སོག་གི་ཧྲི་ལ་ཝུའུ་སུའུ་གཙང་པོ་སོགས་ཆུ་བོ་འབྲིང་ཆུང14ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་ཐོན་རྒྱུ་རེད།

  • ཚེས3ཉིན། སིང་ཀ་ཕོར་གྱི་ཆུ་རྐྱལ་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་མཇུག་བསྒྲིལ་བ་དང་ཀྲུང་གོའི་རུ་ཁག་ལ་ཁྱོན་གསེར་གྱི་རྟགས་མ9དང་། དངུལ་གྱི་རྟགས་མ3ཟངས་ཀྱི་རྟགས་མ4བཅས་ཐོབ་ཡོད།

640.gif

  • ཀྲུང་གོའི་འགྲན་ཞུགས་པ་ཚེན་ཞའོ་ལིན་གྱིས2025ལོའི་འཛམ་གླིང་ཐག་མཆོང་གཟེངས་རྟགས་འགྲན་བསྡུར་ཐོག་སྐར་ཆ30རིང་ཁེར་ལྡིང238བྱས་པའི་གྲུབ་འབྲས་ཐོག་ནས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་དེ་རྣམ་གྲངས་དེའི་ཨང་དང་པོ་ཐོབ།

微信图片_2025-08-04_082725_186.jpg

  • གློག་བརྙན《731》དེ་ཟླ9པའི་ཚེས18ཉིན་འགྲེམས་སྟོན་བྱ་རྒྱུ་རེད།

  • ཉེ་ཆར།《འཁྱུག་དབྱངས་ཐད་གཏོང་ཚོགས་པའི་མཉམ་བསྒྲགས་ནང་དོན་དོ་དམ་ཚད་གཞི》རིམ་སྤོར་བྱས་པ་དང་འབྲེལ《འཁྱུག་དབྱངས་ཐད་གཏོང་ཚོགས་པའི་མཉམ་བསྒྲགས་སྒྲིག་གཞིའི་དོ་དམ་ཚད་གཞི》དུས་གཅིག་ཏུ་ཁྱབ་བསྒྲགས་བྱས་པ་རེད།

微信图片_2025-08-04_082729_293.jpg

  • ཚེས3ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཏུན་རིམ་པ་ཡན་གྱི་གློག་སྒུལ་དྲང་འཕྱང་འཕུར་བབས་མཁའ་འགྲུལ་ཡོ་བྱད་དེ་རྒྱང་རིང་མཚོ་རྡོ་སྣུམ་ལས་སྟེགས་ཀྱི་དངོས་ཟོག་སྐྱེལ་འདྲེན་འཕུར་སྐྱོད་ཐེངས་དང་པོ་བྱས།

སྲིད་ཇུས།

  • ཧེ་ལུང་ཅང་གིས་བྱེད་ཐབས་ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་འཛོམས་པའི་རྩེར་སོན་རིག་ནུས་ཞིང་འཕྲུལ་ཐོན་རྫས་ལ་ཐོན་རྫས་ཀྱི་ལོ་འཁོར་གྱི་ཕྱིར་ཚོང་ཡོང་འབབ་ཀྱི་བརྒྱ་ཆ5%ལ་གཞིགས་ནས་ཁེ་ལས་ལ་བྱ་དགའ་སྤྲད་རྒྱུ་ཡིན་པ་དང་ལོ་རེར་སྒོར་ཁྲི1000ལས་བརྒལ་མི་ཆོག

  • ཧྲང་ཧའེ་ཡིས་ཡིག་ཆ་བཏང་ནས་མི་ཐབས་རིག་ནུས་ལག་རྩལ་དེ་བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས་བཅས་ལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། དཔེ་སྟོན་རྣམ་པ་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་བཤེར་གཏན་འཁེལ་བྱས་པའི་མ་འཇོག་སྡོམ་འབོར་གཞིར་བཟུང་ནས་མཐོ་ཤོས་ལ20%དང་སྒོར་ཁྲི1000གི་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཨན་ཧུའེ་ཡིས་ཡིག་ཆ་བཏང་ནས་བཟོ་སྐྲུན་ལས་རིགས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་ཁེ་ལས་ཀྱི་ཉེར་སྤྱོད་མཉེན་ཆས་ཞབས་ཞུའི་ཁུག་མར་ཁ་གསབ་མཐོ་ཤོས་སྒོར་ཁྲི1སྤྲད་པ་དང་། ཁེ་ལས་ཀྱིས་མཉེན་ཆས་མངག་ཉོ་བྱས་པར་སྒོར་ཁྲི་གཅིག་མ་ཟིན་པར་མུ་མཐུད་དུ་གྲངས་ཚད་ལྷག་མའི་མཉེན་ཆས་ཞབས་ཞུའི་ཁུག་མ་སྤྱད་དེ་ལྟ་ཀློག་བྱེད་ཆོག་གི་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

微信图片_2025-08-04_082733_195.jpg

  • མཚོ་སྔོན་གྱི་ཤར་རྒྱུད་དང་། ཀན་སུའུ་ཡི་དབུས་རྒྱུད། ཉིང་ཞའི་ས་ཆ་མང་ཆེ་བ། ཧྲའན་ཞིའི་བྱང་རྒྱུད། ནང་སོག་གི་ཧོ་ཐའོ་ས་ཁུལ། ཧྲན་ཞིའི་དབུས་བྱང་རྒྱུད། ཧོ་པེའི་ནུབ་རྒྱུད་དང་དབུས་ལྷོ་རྒྱུད། པེ་ཅིང་གི་དབུས་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་། ཡུན་ནན་གྱི་ནུབ་རྒྱུད། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་བར་འབབ་རྒྱུ་རེད།


མཉམ་སྤྱོད།