དེ་རིང་ནི2025ལོའི་ཟླ08པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-05 09:25:41   |   66

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་སྐོར་གྱི་དྲ་དམངས་ཀྱི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་དང་བསྡུ་ལེན་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། དམངས་ཀྱི་གནས་ཚུལ་རྒྱུས་ལོན་དང་། དམངས་ཀྱི་བསམ་འཆར་ཉན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་བྱས་ཏེ་མུ་མཐུད་དུ་མི་དམངས་ཀྱིས་རེ་སྙེག་བྱེད་པའི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན།

  • ཚོང་དོན་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་བརྟན་པོའི་ངང་འཕར་བ་དང་། ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་དུང་ཕྱུར38872.6ཟིན་པ་དེ་དུས་མཚུངས་ལས8.0%འཕར་ཡོད།

  • གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཁེ་ལས་ཀྱི་སྤྱིའི་ཕྱིར་ཚོང་ཡོང་འབབ་འཕར་ཚད་ལས་བརྒྱ་ཆའི་གྲངས1.5ཡིས་མགྱོགས་པ་དང་། དེ་ནི་དཔལ་འབྱོར་བརྟན་པོའི་ངང་འཕར་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད།

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཕྱིན་ཡོད། ཐོག་མའི་ཞིབ་རྩིས་ལྟར་ན། རྒྱ་མཚོའི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི5.1ཟིན་པ་དང་། དུས་མཚུངས་ལས5.8%འཕར་ཡོད།

  • ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས4ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་འཕར་ཐང་དུས་མཚུངས་ལས9%འཕར་ཡོད་པ་རེད།

1.jpg

  • སྡོད་ཁང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཁུག་མའི་སྤྱི་གླིང3420གསར་དུ་སྐྲུན་མགོ་ཚུགས་ཡོད།

  • ལྷོ་རྒྱུད་དམག་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ལྷོ་རྒྱ་མཚོར་དཀྲུགས་པར་དགའ་པོ་བྱེད་པའི་དམག་དོན་བྱེད་སྒོ་ཚང་མ་ཁོང་དུ་ཆུད་ཡོད་ཅེས་གཏམ་བཤད་སྤེལ།

  • ཟླ8པའི་ཚེས1ནས་ཚེས4ཉིན་བར་འཇར་པན་གྱི“སན་ཅ་ཝན”རྟགས་ཅན་གྱི་ཉ་གྲུ་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་ཡོང་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དེར་དོ་དམ་ཚོད་འཛིན་དགོས་ངེས་ཀྱི་བྱ་ཐབས་སྤྱད་པ་དང་འབྲེལ་ཕྱིར་འབུད་བྱ་རྒྱུའི་ཐ་ཚིག་བསྒྲགས་པ་རེད།

  • འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་པར་གཞིགས་ན། འཇར་པན་རྒྱལ་བཙུགས་གཞུང་ཡིག་དཔེ་དེབ་ཁང་གིས“མཐའ་མའི་དམག་འཐབ”སྔ་རྗེས་ཀྱི་གཞུང་ཡིག་གི་དམིགས་བསལ་འགྲེམས་སྟོན་བྱེད་བཞིན་ཡོད་པ་རེད། ཟླ8པའི་ཚེས8ནས་ཚེས21ཉིན་བར་འཇར་པན་གྱིས《པོ་ཚི་ཐན་སྤྱི་བསྒྲགས》དང་ལེན་བྱེད་པ་ཁྱབ་བསྒྲགས་བྱས་པའི《མཐའ་མའི་བཀའ་ཤོག》གི་མ་ཡིག་འགྲེམ་སྟོན་བྱ་རྒྱུ་ཡིན་པ་རེད།

སྤྱི་ཚོགས།

  • གཟའ་འཁོར་འདིར་བྱང་ཕྱོགས་ས་ཁུལ་དུ་ཆར་མང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་ཆར་བ་རེས་སྐོར་གཉིས་ལ་འབབ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཚེས4ནས་ཚེས6ཉིན་བར་དང་། ཚེས7ནས་ཚེས9ཉིན་བར་འབབ་རྒྱུ་རེད། ཤུགས་རྐྱེན་ཐེབས་རྒྱ་ཆེ་བ་དང་ས་ཁུལ་ཁག་ཏུ་རིམ་རྩིས་བྱས་ན་ཆར་ཆུ་མང་བ་སོགས་ཀྱི་ཁྱད་ཆོས་ལྡན།

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་བཀོད་འདོམས་ལྟེ་གནས་ཀྱིས་ཚེས4ཉིན་གྱི་ཆུ་ཚོད20པར་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཀོང་ཏུང་བཅས་ཀྱི་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་ནས་རིམ་པ་གསུམ་པར་མཐོ་རུ་གཏོང་རྒྱུ་རེད།

2.jpg

  • ཚེས4ཉིན། རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་དབྱིངས་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བཅུ་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར་ཨང07འཕེན་གཏོང་བྱས་ནས་སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་ཐོག་བསྐྱོད་པ་རེད།

  • 2025ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས12པ་སི་ཁྲོན་ཁྲེང་ཏུའུ་རུ་མགོ་ཚུགས་ཉེར་ཡོད་པ་དང། ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་ལྟེ་གནས་གཙོ་བོ་ཚེས4ཉིན་དངོས་སུ་གཉེར་མགོ་ཚུགས།

  • ཚེས3ཉིན་བར། 2025ལོའི་དབྱར་གསེང་སྐབས་ཀྱི་གློག་བརྙན་གྱི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར70ལས་བརྒལ་ཡོད་པ་རེད། འཇར་འགོག་དམག་འཁྲུག་གི་བརྗོད་གཞིའི་གློག་བརྙན《ནན་ཅིང་པར་ལེན་ཁང》ཞེས་པ་དེ་དབྱར་གསེང་སྐབས་ཀྱི་གློག་བརྙན་གྱི་སྤ་སེ་འཚོང་ཚད་ཀྱི་མིང་ཐོའི་ཨང་དང་པོར་གནས་ཡོད།

  • ཉིན་ཤས་གོང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཞང་ཀང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལས་འགལ་བའི་དོགས་ཡོད་མི་སྣ16ལ་དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད།

  • ཚེས4ཉིན། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་དཀའ་གནད་ཆེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། ཁྲང་ཧྲུའེ་གནམ་ཐང་གི་ཕུག་ལམ་ཏལ་འབིགས་ཐུབ་པ་དང་ཕུག་ལམ་འོག་ཁུན་མིང་ཁྲང་ཧྲུའེ་གནམ་ཐང་གི་སྐྱེལ་འདྲེན་སྒར་ཁུལ་དང་། ཟོག་འདྲེན་བགྲོད་ལམ། གནམ་ཐང་གི་རྒྱུག་ལམ་བཅས་བརྒྱུད་ཡོད།

  • ཧྲང་ཧའེ་འགག་སྒོའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་ཧྲང་ཧའེ་འགག་སྒོའི་ས་མཚམས་ནས་འགྲོ་འོང་བྱེད་མཁན་གྱི་འགྲུལ་པ་མི་ཐེངས་ཁྲི2478.8ཟིན་ཡོད།

  • དོམ་ཁྲར“སྡུག་གཅོད་ཕོག་པའི”དཀྲོག་གཏམ་རྫུན་བཟོ་བྱས་ནས་དྲ་རྒྱའི་གཏུམ་སྤྱོད་ངན་སྐུལ་བྱས་པའི་པའེ་ཆེ་གེ་མོ་དང་ཞུས་ཆེ་གེ་མོ་སོ་སོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་དྲུག་དང་། ལོ་གཅིག་དང་ཟླ་གཉིས་ཀྱི་ཁྲིམས་ཐག་བཅད་པ་རེད།

སྲིད་ཇུས།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ཡིག་ཆ་བཀྲམ་ནས་མི་སྤྱོད་ཚན་པས་ཚ་བ་ཆེ་བའི་གནམ་གཤིས་འོག་ངལ་རྩོལ་པའི་ཕྱི་རོལ་དུ་ལས་ཀ་བྱེད་པའི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། ཆ་རྐྱེན་འཛོམས་པའི་ངལ་རྩོལ་པར་ཚ་བ་ཆེ་བའི་ཁ་གསབ་དུས་ཐོག་ཏུ་སྤྲོད་དགོས་པ་དང་། ཚ་བ་ཆེ་བའི་གནམ་གཤིས་རྐྱེན་གྱིས་ལས་མཚམས་བཞག་པའམ་ལས་ཀའི་དུས་ཚོད་འཐེན་འཕྲི་བྱེད་དགོས་ཚེ་ངལ་རྩོལ་པའི་གླ་ཕོགས་ཐོབ་ཐང་དམའ་རུ་གཏོང་མི་ཆོག

  • པེ་ཅིང་གིས་སྲིད་འཛིན་ས་ཁུལ་གྱི་ས་ཁོངས་ཡོངས་ནི་མི་མེད་མཁའ་འགྲུལ་ཡོ་བྱད་ཀྱི་དོ་དམ་བར་སྣང་ཁྱབ་ཁོངས་ཡིན་པ་ཁ་གསལ་བཏོན། མཁའ་ཐོག་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་དོ་དམ་བྱ་ཡུལ་བར་སྣང་ཁྱབ་ཁོངས་སུ་མི་མེད་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་བྱེད་སྒོ་སྤེལ་མི་ཆོག་པ་གཏན་ལ་ཕབ།

  • ཀོང་ཏུང་གིས་བརྡ་ཐོ་བཏང་ནས་ཆ་རྐྱེན་འཛོམས་པའི་བཟོ་སྐྲུན་ལས་རིགས་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ལོ་འཁོར་གྱི་སྐྱེད་གསབ་དངུལ་གྲངས་མཐོ་ཤོས་སྒོར་ཁྲི2000ཟིན་པ་དང་། དངུལ་བུན་རྐྱང་པའི་གན་རྒྱར་ལོ་གཅིག་ལས་མི་བརྒལ་བའི་སྐྱེད་གསབ་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་གཏན་འཁེལ་བྱས།

དེ་རིང་གི་གནམ་གཤིས།

3.jpg

  • ཀན་སུའུ་ཡི་ཤར་ལྷོའི་རྒྱུད་དང་། ཧྲའན་ཞིའི་ཀོན་ཀྲུང་། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་བྱང་རྒྱུད། ནང་སོག་གི་དབུས་ཤར་རྒྱུད། ཧྲན་ཞིའི་དབུས་ལྷོ་རྒྱུད། ཧོ་པེ་ཡི་ས་ཆ་མང་ཆེ་བ། ཧོ་ནན་གྱི་བྱང་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། པེ་ཅིང་། ཐེན་ཅིན། ལིའོ་ཏུང་ཕྱེད་གླིང་། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཧྥུའུ་ཅན། ཅང་ནན་གྱི་ལྷོ་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཀོང་ཞིའི་དབུས་ཤར་རྒྱུད། ཀོང་ཏུང་། ཞང་ཀང་། ཨའོ་མོན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།