དེ་རིང་ནི2025ལོའི་ཟླ08པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-06 09:28:19   |   89

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སློབ་ཡོན་མི་དགོས་པའི་སློབ་ཞུགས་སྔོན་གྱི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ། སློབ་ཞུགས་སྔོན་གྱི་སློབ་གསོ་ཁྱབ་གདལ་དང་། བདེ་འཇགས། སྤུས་ལེགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན།

  • རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུ་སོགས་སྡེ་ཚན་བཅུ་དྲུག་གིས《བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལས་བདེ་ཐང་ཁོར་ཡུག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི(2025ལོ་ནས2030ལོ་བར)》ཁྱབ་བསྒྲགས་བྱས་ཏེ། ཁོར་ཡུག་བདེ་ཐང་གི་འདུ་ཤེས་དེ་ཁྱབ་ཁོངས་ཁག་གི་སྲིད་ཇུས་མ་ལག་ཁྲོད་དུ་འདྲེས་པར་བྱེད་དགོས་པའི་གྲོས་གཞི་བཏོན།

  • ཀྲུང་དབྱང་དྲིལ་སྒྲོག་པུ་སོགས་སྡེ་ཚན་བཞིས་སྤྱི་ཚོགས་ཡོངས་ལ“དམག་བཀུར་མི་སྣ་ཡག་ཤོས”ཡོངས་བསྒྲགས་བྱས་པ་དང་། ཀྲང་ཀྲི་ཀོང་སོགས་བློ་མཐུན8དང“དམག་བཀུར་ཨ་མ་རྒན་པ”གཟི་བརྗིད་ངང་བདམས་ཐོན་བྱུང་བ་རེད།

  • ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར10.15བཏང་སྟེ། གནོད་འཚེ་ཕོག་ཁུལ་གྱིས་ཆུ་ལོག་དང་ཐན་སྐྱོན་སོགས་གནོད་འཚེའི་ཤུགས་རྐྱེན་ལ་ཧུར་ཐག་གིས་གདོང་གཏད་ནས་ཞིང་ལས་ཐོན་སྐྱེད་མགྱོགས་མྱུར་སྒོས་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱས།

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བདུན་པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་འཕེལ་ཚད50.5%ཡིན་པ་དང་། རྒྱལ་ཡོངས་ཀྱི་ཟོག་འགྲེམས་དགོས་མཁོ་ཆེ་རུ་ཕྱིན་པ་རྒྱུན་འཁྱོངས་ཐུབ་ཡོད།

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་གཞི་རྒྱུ་རྩོམ་སྒྲིག་ལག་རྩལ་གསར་པ་ཞིག་གསར་སྤེལ་བྱས་པས། གཞི་རྒྱུ་རྩོམ་སྒྲིག་གི་ཚད་གཞི་དང་ནུས་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཚེས4ཉིན་དྲ་ཐོག་ནས《ཕྲ་ཕུང》དུས་དེབ་ཐོག་བཏོན་པ་རེད།

1.jpg

  • ཚེས5ཉིན། ཀྲུང་གོའི་ཡན་ལག་རུ་ཁག་བཅུ་གཅིག་པ་མཉམ་འབྲེལ་རྒྱལ་ཚོགས་ལྷོ་སུའུ་ཏན་གྱི་ལས་འགན་ཁུལ་དུ་བསྐྱོད་པའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་རུ་ཁག་རྒྱང་སྐྱོད་བྱས།

  • ཚེས5ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུ2305དཔུང་རུས་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས་པ་རེད།

  • ཚེས5ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་བྱེད་ཐབས་ཐོག་ནས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་འབྲེལ་བ་ལེགས་སུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

2.png

  • ཚེས5ཉིན། ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཡན་ལག་ཁང་གིས་ཁྱབ་བསྒྲགས་བྱས་པའི་པར་ལས་མངོན་པར། ཨུ་རུ་སུའི་རྒྱང་ཤར་གྱི་ཁན་ཁྲ་ཅ་ཕྱེད་གླིང་དུ་གནས་པའི་ཁེ་ལིའུ་ཆེ་ཕུའུ་མེ་རི་འཕྱུར་བ་དང་མེ་རིའི་ཐལ་བའི་མཐོ་ཚད་སྨི8000ཟིན་ཡོད།

སྤྱི་ཚོགས།

  • རྒྱལ་ཁབ་གེགས་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་བརྡ་ཁྱབ་བཏང་སྟེ། ཟླ་བརྒྱད་པར་རང་རྒྱལ་གྱི་གཙང་པོ་ཆེ་གྲས་བདུན་གྱི་བཞུར་ཁུལ་ཕྱོགས་ཡོངས་ནས་འབྲུབ་དུས་གཙོ་བོར་སླེབས་པ་དང་། སྔོན་དཔག་བྱས་ན་ཧའེ་ཧོ་དང་སུང་ལེའོ་བཞུར་ཁུལ་དུ་ཆུ་ལོག་ཆེ་ཙམ་ཐོན་ཉེན་ཡོད་པ་རེད།

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ཚད་ཡོད་སྤྱི་གཉེར་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཐན་རུའེ་སུང་གིས་ལྐོག་ཟ་དང་། ལྐོག་རྔན་ལེན་པ། ནང་ཁུལ་ཉོ་ཚོང་། ནང་ཁུལ་གྱི་ཆ་འཕྲིན་ཕྱིར་གྱར་བཅས་ཀྱི་གྱོད་གཞི་དང་འབྲེལ་བ་ཡོད་པར་ཁྲིམས་ལྟར་གཞུང་གཏུག་བྱས།

  • གློག་ཤུགས་གློག་རྡུལ་དང་དེ་བཞིན་ཚོད་འཛིན་སྒྲིག་ཆས་ཀྱི་རིགས་གཅིག་མཁས་ཅན་ཝང་ཡིའུ་ཧྲེང་ནད་གཞི་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས4ཉིན་ཧང་ཀྲོའུ་རུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ97ཡིན་པ་རེད།

  • རང་རྒྱལ་གྱིས་བཟོས་པའི་སྦྲག་སྲིད་གྲུ་གཟིངས་ཆེ་གྲས་གཉིས་པ“ཨའེ་ཏ·ཧྭ་གྲོང་རྟགས་ཅན”གྱི་གློག་འདོན་འཕྲུལ་འཁོར་གཙོ་བོ་དངོས་སུ་གློག་གཏོང་མགོ་ཚུགས་པ་དང་། སྦྲག་སྐྱེལ་གྲུ་གཟིངས་བཟོ་སྐྲུན་དེ་སྒྲིག་ཆས་ཚོད་ལྟ་དང་མ་ལག་གི་ནུས་པ་ར་སྤྲོད་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད།

3.jpg

  • ཤར་རྒྱ་མཚོས“ཉ་གྲུ་ཆུང་ཆུང”བསུས། ནན་ཐུང་དང་། ལེན་ཡུན་ཀང་། ཀྲོའུ་ཧྲན་སོགས་ཀྱི་ཉ་གྲུ་ཁྲི་གཅིག་མཉམ་གཅིག་ཏུ་རྒྱ་མཚོར་བསྐྱོད་ནས་ཉ་འཛིན་པའི་ལས་དོན་སྤེལ།

  • ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱིས་པེ་ཅིང་ནས་ཧྲང་ཧའེ་བར་གྱི“མཁའ་ཐོག་མྱུར་བགྲོད་ལམ་བུའི”ཞབས་ཞུ་རིམ་སྤོར་བྱས་ཏེ། རིན་མེད་ངང་སྒྱུར་སློག་གི་དུས་ཚོད་རིང་དུ་བཏང་བ་དང་། དུས་གཏན་གནམ་གྲུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་འགྲུལ་པ་རྣམས“གནམ་གྲུའི་རྗེས་སུ་སྙེག་པ”ནས“གནམ་གྲུ་འདེམས་པའི”བར་འགྱུར་རྒྱུ་རེད།

  • དྲ་ཐོག་ཏུ་ཏ་ཐུང་ཧྭ་ཡན་དགོན་པའི་ཕོ་བྲང་གི་གྱང་ངོས་སུ་གནས་སྐོར་བས་ཡི་གེ་བརྐོས་པའི་གནས་ཚུལ་ལ་ཏ་ཐུང་གྲོང་ཁྱེར་ལིའོ་ཅིན་རིག་གནས་སྒྱུ་རྩལ་རྟེན་མཛོད་ཁང་གིས་བརྡ་ཁྱབ་བཏང་སྟེ། རྗེས་ཤུལ་དེ་གནས་སྐོར་བས་ལག་པའི་མཛུབ་མོས་ཐལ་རྡུལ་ཐོག་རི་མོ་བྱུགས་པ་ལས་ཉམས་གསོ་བྱེད་དགོས་དོན་མེད་པ་བསྟན།

640.gif

  • ཚེས4ཉིན། 2025ལོའི་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་གཟེངས་རྟགས་འགྲན་བསྡུར་སྐྱེས་པའི་རིམ་གསུམ་རྒྱང་མཆོང་གི་མཐའ་བསྡུར་ཐོག་ཀོང་ཏུང་གི་བདམས་ཐོན་པ་ཝུའུ་རུའེ་ཐིང་གིས་སྨི17གྱི་གྲུབ་འབྲས་ཐོག་ནས་ལོ16རིང་གི་ཨེ་ཤེ་ཡའི་ཟིན་ཐོ་ལས་བརྒལ་བ་རེད།

  • རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས2026ལོར་ལོན་ཏོན་གྱི་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཚོགས་པའི་སྐྱེས་པ་དང་བུད་མེད་ཚོགས་པའི་རྣམ་གྲངས་སོ་སོར་རུ་ཁག64འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། དེ་ཉེ་བའི་ལོ་ཤས་རིང་འགྲན་བསྡུར་རུ་ཁག40ཡི་གཞི་ཁྱོན་ལས་ཆེས་ཆེར་ཆེ་རུ་ཕྱིན་ཡོད་པ་རེད།

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཐོ་བཏང་སྟེ། སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་ཁང་གི་མིང་འདོགས་དུས་སྤྱི་སྒྲིག་སྲོལ་བཟང་དང་འགལ་བ་དང་། ཚད་གཞི་གསར་པ་དང་མི་མཐུན་པ། སྤྱི་ཚོགས་ཀྱི་རྩོད་གཞི་ཐོན་སླ་བའི་མིང་སྤྱོད་མི་ཆོག་པ་བཅས་ཁ་གསལ་བཏོན་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གཏན་འབེབས་གསར་པ་བཏོན་ནས་བཟའ་བཅའ་ཕྱིར་ཚོང་མུ་འབྲེལ་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་རྩིས་ཡོད་པ་རེད།

  • སི་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་བུ་བཙའི་ཕོགས་སྣོན་རེ་ཞུ་དང་སྤྲོད་སྟངས་ལེགས་སྒྲིག་བྱས་ནས་ཟླ9པའི་ཚེས1ཉིན་ནས་བཟུང་བུ་བཙའི་ཕོགས་སྣོན་ཐད་ཀར་མི་སྒེར་ལ་སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

5.jpg

  • ཀོང་ཏུང་གི་ས་ཆ་མང་ཆེ་བ་དང་། ཀོང་ཞིའི་དབུས་ཤར་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། འབྲི་ཆུའི་ལྷོ་ནུབ་རྒྱུད། སི་ཁྲོན་གྱི་ཤར་ལྷོའི་རྒྱུད། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། དེ་བཞིན་ཧོ་ནན་གྱི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཧྲན་ཏུང་གི་ལྷོ་ནུབ་རྒྱུད་དང་ཕྱེད་གླིང་གི་བྱང་རྒྱུད། ལེའོ་ཉིང་གི་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཀོང་ཏུང་གི་དབུས་བྱང་རྒྱུ་དང་། ཀོང་ཞིའི་ཤར་རྒྱུད། སི་ཁྲོན་གྱི་ཤར་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།