དེ་རིང་ནི2025ལོའི་ཟླ08པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-07 09:09:20   |   219

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》པར་འགྲེམས་བྱས།

  • ཟླ་བརྒྱད་པར་རང་རྒྱལ་གྱི་སིལ་ཚོང་ལས་རིགས་ཀྱི་འཕེལ་ཚད50.1%ཟིན་པ་དང་དུས་མཚུངས་ལས་བརྒྱ་ཆའི་གྲངས0.5འཕར་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཅིག་འཕྲལ་མར་བཀོད་སྒྲིག་བྱས་ནས་ཀོང་ཏུང་ཞིང་ཆེན་ལ་དྲག་ཆར་དང་ཆུ་ལོག་གནོད་འཚེ་ཚབས་ཆེན་བྱུང་རྗེས་ཀྱི་འཕྲལ་སྡོམ་སླར་གསོ་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག《འཕྲུལ་ཆས་བཟོ་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཏེ། 2027ལོར་སླེབས་སྐབས་རང་རྒྱལ་གྱིས་ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ200ལས་མི་ཉུང་བ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཏོན་ཡོད།

  • དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི87.74ཟིན་པ་དེ་དུས་མཚུངས་ལས12.49%འཕར་ཡོད།

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་བཟོ་ལས་འཕྲུལ་མི་དང་། ཞབས་ཞུའི་འཕྲུལ་མིའི་ཐོན་འབོར་དུས་མཚུངས་ལས35.6%དང25.5%སོ་སོར་འཕར་ཡོད། མིག་སྔའི་བར་རང་རྒྱལ་དུ་འཕྲུལ་མིའི་འབྲེལ་ཡོད་ཁེ་ལས་ཁྲི93ལས་བརྒལ་ཡོད་པ་རེད།

1.jpg

  • ཁྲིན་ཏུའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་དེ་རིང་དགོང་མོར་འཚོག་རྒྱུ་རེད། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་དར་ཆ་སྒྲེང་མཁན་ནི་རྩལ་བདེའི་རྣམ་གྲངས་ཀྱི་སྐྱེས་པའི་ལུས་རྩལ་པ་ཧྲི་ཅིན་ཝེ་དང་འཁོར་ཤུད་རྣམ་གྲངས་ཀྱི་སྐྱེས་མའི་ལུས་རྩལ་པ་ཀུའོ་ཏན་གྱིས་འགན་འཁུར་རྒྱུ་རེད།

  • ཚོང་དོན་པུས་ནང་འདྲེན་སྐམས་ཤའི་འགན་ལེན་བྱེད་ཐབས་ཀྱི་བརྟག་དཔྱད་དུས་བཀག་དེ2025ལོའི་ཟླ11པའི་ཚེས26ཉིན་བར་རིང་དུ་གཏོང་རྒྱུ་གཏན་འབེབས་བྱས།

  • ཟླ9པའི་ཚེས29ཉིན་ནས་བཟུང་ལྷོ་ཁོ་རེ་ཡས་ཀྲུང་གོའི་ཚོགས་པའི་གནས་སྐོར་བར་དམིགས་ནས་གནས་སྐབས་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

  • ཨ་རིའི་འགོག་སྲུང་བདེ་འཇགས་མཉམ་ལས་ཅུས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་སྒོར་དུང་ཕྱུར2ཙམ་གྱི་ཡུག་རེན་ལ་གོ་མཚོན་ཕྱིར་ཚོང་གི་རྣམ་གྲངས་ལ་ཆོག་མཆན་སྤྲད་ཡོད་པ་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སེར་པོ་བཏང་སྟེ། དེ་རིང་ཀོང་ཞིའི་བྱང་རྒྱུད་དང་ཤར་རྒྱུད་དང་། ཀོང་ཏུང་གི་ཤར་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

  • སྤྱི་བདེ་པུས་དབྱར་གསེང་རིང་སྒེར་འཁོར་བཏང་ནས་གནས་སྐོར་དུ་འགྲོ་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཟོན་སྔོན་བརྡ་བཏང་།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་དྲན་སྐུལ་བྱས་དོན། སྤྱིར་བཏང་བཟའ་བཅའི་ནང་འཕྲོད་སྦྱོར་ནུས་པ་ཁྱབ་བསྒྲགས་བྱེད་མི་རུང་བ་དང་། ནད་རིགས་སྔོན་འགོག་སྨན་བཅོས་ཀྱི་ཕན་ནུས་དང་འབྲེལ་བ་ཡོད་མི་ཆོག་པ། འཛད་སྤྱོད་པས་དྲིལ་སྒྲོག་རྫུན་མ་དང་འུད་སྒྲོག་བྱེད་མི་རུང་བ་རེད།

  • ཚེས4ནས་ཚེས6ཉིན་བར་རྒྱལ་ཁབ་གློག་དྲ་གཉེར་ཁུལ་གྱི་གློག་སྤྱོད་ཐེག་ཚད་ཉིན་གསུམ་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ཐེག་ཚད་ཆེ་ཤོས་སྟོང་ཝ་དུང་ཕྱུར12.33ཟིན་ཡོད།

  • ཟླ་དྲུག་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཞིང་ལས་རྩི་ཤིང་གི་ས་བོན་གསར་པའི་དབང་ཆ་རེ་ཞུ་བྱེད་ཚད99827ཟིན་པ་དང་། དབང་ཆ་སྤྲོད་ཚད་ཁྲི4ལས་བརྒལ་ཡོད་པ་རེད།

  • ཀོང་ཞི་ཧྥང་ཁྲེང་ཀང་གྲོང་ཁྱེར་སྤྱི་བདེ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།“དཔང་ཁྱེར་མངོན་པའི་ཁ་ལོ་བ་”ཧོའུ་ཆེ་གེ་མོ་ཉིན5ཡི་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་རེད།

  • 2025ལོའི་འབྱུང་འགྱུར་ཚན་རིག་བྱ་དགའ་ཆེན་པོ་ཐོབ་མཁན་གྱི་མིང་ཐོ་ཚེས6ཉིན་ཁྱབ་བསྒྲགས་བྱས་པ་རེད།

640.gif

  • ཚེས5ཉིན། ཀྲེ་ཅང་ཉིང་པོ་ལམ་མདོ་ཞིག་ཏུ་འགྲིམ་འགྲུལ་ལས་འཛོལ་བྱུང་ནས་འགྲོ་མི་ཞིག་རླངས་འཁོར་གྱི་འོག་ལ་མནན་པ་དང་། འགྲིམ་འགྲུལ་ཉེན་རྟོག་པ་དང་ལམ་འགྲོ་བ་བཅུ་ལྷག་གིས་མཉམ་དུ་རླངས་འཁོར་ཡར་བཀྱགས་ནས་རྨས་མ་སྐྱོབ་ནས་སྨན་ཁང་དུ་བསྐྱལ་བ་རེད། མིག་སྔར་རྨས་མ་ལ་སྐྱོན་ཆེན་པོ་མེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་ལུས་ལྡན་རིག་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་ཏེ། ཤེས་ཚོར་ཐབས་ཇུས་དང་ལུས་རྩལ་ཚོད་འཛིན་སོགས་འགག་རྩའི་ལག་རྩལ་འགག་སྒྲོལ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་དང་། རྣམ་གྲངས་ཀྱི་སྤྱིའི་མ་འཇོག་གཞིར་བཟུང་ནས་མཐོ་ཤོས་ལ་སྤྱིའི་མ་འཇོག་གི30%དང་སྒོར་ཁྲི5000ལས་མི་བརྒལ་བ་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཁྲུང་ཆིང་གིས“རྩལ་ནུས་ཀྱིས་མདུན་ལམ་གསལ་བར་བྱེད་པའི”གསོ་སྦྱོང་བྱ་སྤྱོད་ལག་བསྟར་བྱས་ནས་2025ལོ་ནས2027ལོ་བར་ལོ་རེར་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི15ཡན་སྤེལ་རྒྱུ་རེད།

  • ཧའེ་ནན་གྱིས་བརྡ་ཐོ་བཏང་ནས་ཆ་རྐྱེན་དང་མཐུན་པའི་ཆུའི་ཐོན་རྫས་ཀྱི་དྲོད་ཚད་དམའ་ཤོས་གྲང་མཛོད་རྣམ་གྲངས་ལ་རྣམ་གྲངས་རྐྱང་པའི་མ་འཇོག་སྡོམ་འབོར་གྱི30%ལ་གཞིགས་ནས་ཐེངས་གཅིག་ལ་ཁ་གསབ་རོགས་དངུལ་མཐོ་ཤོས་སྒོར་ཁྲི2000ལས་མི་བརྒལ་བ་སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

3.jpg

  • ཀོང་ཞིའི་ས་ཁུལ་མང་ཆེ་བ་དང་། ཀོང་ཏུང་གི་ཤར་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། སི་ཁྲོན་གཤོང་སའི་དབུས་རྒྱུད། ཧོ་ནན་གྱི་ནུབ་རྒྱུད་དང་དབུས་བྱང་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། མཚོ་སྔོན་གྱི་བྱང་ཤར་རྒྱུད། ཀན་སུའུ་ཡི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་བར་འབབ་རྒྱུ་དང་། དེའི་ནང་ཀོང་ཞིའི་བྱང་རྒྱུད་དང་ཤར་རྒྱུད། ཀོང་ཏུང་གི་ཤར་ནུབ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།