དེ་རིང་ནི2025ལོའི་ཟླ08པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-08 09:20:15   |   56

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་ལག་བསྟར་བྱས་པའི་བྱིས་གསོ་སློབ་གསོའི་རིན་གོང་མེད་པར་བཟོ་བའི་སྲིད་ཇུས་དེ་བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་མོའི་བྱིས་པ་ཚང་མར་ཁྱབ་ཡོད། སྔོན་དཔག་བྱས་ན་ད་ལོའི་སྟོན་དུས་ཀྱི་སློབ་དུས་ནང་མི་ཁྲི1200ཙམ་ལ་ཕན་པ་ཐོབ་རྒྱུ་དང་ཁྱིམ་ཚང་གི་གཏོང་སྒོ་སྒོར་དུང་ཕྱུར200ཉུང་དུ་གཏོང་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《རང་བྱུང་གནོད་འཚེའི་བརྟག་དཔྱད་དཔྱད་དཔོག་གི་གནས་སྐབས་ལག་བསྟར་བྱ་ཐབས》པར་འགྲེམས་བྱས།

  • ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུ་དང་། ནོར་སྲིད་པུ། རང་བྱུང་ཐོན་ཁུངས་པུ་བཅས་ཀྱིས《རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གཞུང་ལམ་མཐོར་གཏོང་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས་ཏེ། 2027ལོར་སླེབས་སྐབས་རྒྱལ་ཡོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི30གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།

  • བཟོ་འཕྲིན་པུ་དང་། འཕེལ་སྒྱུར་ཨུ་ལྷན། སློབ་གསོ་པུ་སོགས་སྡེ་ཚན་བདུན་གྱིས་ཀླད་པའི་འཕྲུལ་འཁོར་མཐུད་ཁའི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ཁྱབ་བསྒྲགས་བྱས་པ་རེད།

  • ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་སླར་ཡང་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར4.3སྔོན་གཏོང་བྱས་ཏེ། པེ་ཅིང་དང་། ཧོ་པེ། ཀོང་ཏུང་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)5ཡིས་འཕྲལ་སྡོམ་ཉེན་སེལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད།

1.jpg

  • ཚེས7ཉིན། 2025ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་སི་ཁྲོན་ཁྲེང་ཏུའུ་རུ་དངོས་སུ་ཚོགས་མགོ་བརྩམས་ཤིང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ321འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

2.png

  • ཚེས6ཉིན། ཟླ་བའི་ངོས་ཀྱི་སྐམ་སའི་འབབ་ཆས་སྐམ་སར་འཕུར་བའི་ཕྱོགས་བསྡུས་ར་སྤྲོད་ཚོད་ལྟ་དེ་སའི་ཕྱིའི་སྐར་མའི་གོ་ལའི་སྐམ་སའི་ཚོད་ལྟའི་ར་བ་བདེ་བླག་ངང་ལེགས་གྲུབ་བྱུང་། དེ་ཐོག་ནས་རང་རྒྱལ་གྱི་མི་བཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལས་གྲྭའི་ཞིབ་བཟོའི་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པར། ཟླ་བདུན་པར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི3.91ཟིན་པ་དེ་དུས་མཚུངས་ལས6.7%འཕར་ཡོད་པ་དང་། འཕར་ཚད་ལོ་འདིའི་ནང་གི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཨ་རིའི་ཙུང་ཐུང་ཁྲོན་ཕུས་མིང་རྟགས་བཀོད་པའི་སྒོ་ཁྲལ་གྱི་སྲིད་འཛིན་བཀའ་རྒྱར་ཚེས7ཉིན་གོ་ཆོད་པ་དང་། ཚོང་དོན་སྤུན་ཟླ་བཅུ་གྲངས་ལ་སྒོ་ཁྲལ་སྤར་བ་རེད། རྒྱལ་ཁབ་མང་པོ་ཞིག་གིས་ངོ་རྒོལ་དྲག་པོ་བྱས་ཏེ་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཤད་པ་རེད།

སྤྱི་ཚོགས།

3.png

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་བཏང་སྟེ། སྔོན་དཔག་བྱས་ན། དེ་རིང་ཀོང་ཏུང་གི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་བྱུང་བའི་གནམ་གཤིས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པ་རེད།

  • ཉིན་ཤས་གོང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དཔེ་མཚོན་དྲ་རྒྱའི་བདེ་འཇགས་གྱོད་གཞི་གསུམ་ཁྱབ་བསྒྲགས་བྱས།

  • ཚེས6ཉིན། ཞིན་ཅང་དབྱི་ལིའི་མཛེས་ལྗོངས་ཁུལ་ཞིག་གི་དཔྱང་ཟམ་ཆད་ནས་ཟམ་ངོས་གསེག་པས་གནས་སྐོར་བ་མང་པོ་ཞིག་ཟམ་པའི་ཐོག་ནས་མར་ལྷུང་བ་རེད། མིག་སྔར་མི5རྐྱེན་ལམ་དུ་ཤོར་བ་དང་། མི24ལ་རྨས་སྐྱོན་ཕོག་ཡོད་པ་རེད།

  • ཚེས7ཉིན་གྱི་ཆུ་ཚོད17ཙམ་བར། 2025ལོར་གློག་བརྙན་གྱི་སྡེར་ཆེན་པོའི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)སྒོར་དུང་ཕྱུར350ལས་བརྒལ་ཡོད་པ་རེད།

4.png

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ8པའི་ཚེས15ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60ལོན་པའི་གསེར་དངུལ་གྱི་དྲན་རྟེན་དངུལ་ལོར་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུ་གཏན་འཁེལ་བྱས།

5.png

  • རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་བྱ་ཚའེ་དབྱི(彩鹮)ལོ15སོང་རྗེས་སླར་ཡང་ཧེང་ཧྲུའེ་མཚེའུ་རུ་མངོན་པ་རེད།

  • ཚེས7ཉིན། རང་རྒྱལ་དུ་ད་ཡོད་ཀྱི་མཚོ་བརྒལ་གདུང་རྣམ་རྡོ་ཟམ་རིང་ཤོས་ཏེ་ཨན་ཕིང་ཟམ་པ་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་དངོས་སུ་སྤེལ་མགོ་ཚུགས་པ་རེད།

  • ད་ལོ་ཚུན་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི“ཤར་བགྲོད་ལམ”རིམ་རྩིས་བྱས་ན་མེ་འཁོར3000ལྷག་ཙམ་ཤར་གཏོང་ཐུབ་པ་དང་། ཚོང་ཟོག་སྣ་ཚོགས་ཚད་ལྡན་སྒམ་ཁྲི30ལྷག་ཙམ་སྐྱེལ་འདྲེན་བྱས་ཡོད།

  • དྲ་དམངས་ཁྲེན་ཆེ་གེ་མོས་དཀྲོག་གཏམ་བཟོས་ནས“རི་བོ་རྩེ་ལྔའི་མཛེས་ལྗོངས་ཁུལ་དུ་མི་གཅིག་གཡང་གཟར་དུ་ལྷུང་བ་དང་མི་གཅིག་རྐྱེན་ལམ་དུ་ཤོར་བ”ཞེས་པ་བརྒྱུད་བསྒྲགས་བྱས་པས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།

640.gif

  • ཉེ་ཆར་ཧྥུའུ་ཅན་མའེ་ཀྲོའུ་གླིང་ཕྲན་གྱི་བུ་ཞིག་སེམས་ཆུང་མ་བྱས་པར་མཚོ་ནང་དུ་ལྷུང་། ཉེན་ཁ་ཆེ་བའི་སྐབས་སུ་ཉེ་འགྲམ་གྱི་གནས་སྐོར་བ་ལིའུ་ཅི་ལིན་མཚོ་ནང་དུ་མཆོངས་ནས་བྱིས་པ་དེ་ཆུ་གཏིང་ཐུང་འགྲམ་དུ་དྲུད། དེ་རྗེས་ས་གནས་དེ་གའི་སྲོག་སྐྱོབ་མཁན་གྱི་རོགས་རམ་འོག་བྱིས་པ་དེ་བདེ་བླག་ངང་བསྐྱབས་པ་རེད།

སྲིད་ཇུས།

  • ཧའེ་ནན་གྱིས་བརྡ་ཐོ་བཏང་སྟེ། འབྲེལ་ཡོད་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཆ་རྐྱེན་འཛོམས་པའི་ནད་པས་མི་བཟོས་རྣ་འཁྱིལ་དེ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཆོག་པ་དང་། ཟླ8པའི་ཚེས15ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

  • བོད་ལྗོངས་ཀྱིས་བརྡ་ཐོ་བཀྲམ་ནས2025ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་། བཟའ་བཅའ་དང་། སྡོད་ས། སློབ་སྦྱོང་མཁོ་ཆས་བཅས་འགན་ལེན་བྱེད་པའི་སློབ་གསོའི“འགན་ལེན་གསུམ”གྱི་ལོ་རེའི་སློབ་མ་རེའི་ཆ་སྙོམས་ཚད་གཞི་སྒོར80མཐོ་རུ་བཏང་ནས་སྒོར5700ཐོན་རྒྱུ་ཡིན་པ་གཏན་ལ་ཕབ།

  • ཀོང་ཏུང་ཧྲེན་ཀྲེན་གྱིས་ཕ་མ་ཆ་རྐྱེན་འཛོམས་པ་དང་། གྲོང་ཁྱེར་དེ་གར་བསྡད་ཡོད་ལ་བུ་བཅོལ་ཁང་དང་སློབ་གྲྭར་བསྡད་མེད་པ། ས་ཁུལ་གཞན་དག་གི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མེད་པའི་ཐེམ་ཐོ་མེད་པའི་སློབ་ལོ་མ་ལོན་གོང་གི་བྱིས་པ་གྲོང་ཁྱེར་དེ་གའི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག་པའི་བརྡ་ཐོ་བཏང་།

དེ་རིང་གི་གནམ་གཤིས།

6.png

  • ནང་སོག་གི་ཧོ་ཐའོ་ས་ཁུལ་དང་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ཧྭ་བྱང་གི་དབུས་བྱང་རྒྱུད། ཧོང་ཧོའེ་ཡི་ནུབ་རྒྱུད་དང་ལྷོ་རྒྱུད། ཅང་ཧོའེ་ཡི་བྱང་ཤར་རྒྱུད། སི་ཁྲོན་གཤོང་སའི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་ནང་སོག་གི་ལྷོ་ནུབ་རྒྱུད་དང་། ཧྲན་ཞིའི་བྱང་རྒྱུད། ཧོ་པེའི་ནུབ་རྒྱུད། ཧོ་ནན་གྱི་བྱང་རྒྱུད་དང་ཤར་རྒྱུད། ཅང་སུའུ་ཡི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།