དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-12 09:18:46   |   358

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང་)ལས་དོན་སྲོལ་ཡིག》པར་འགྲེམ་བྱས།

  • ནོར་སྲིད་པུས་ཁྲལ་དོན་སྤྱི་ཁྱབ་ཅུ་དང་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་ཐང་འཕར་ཁྲལ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན)》ཞིབ་འཇུག་བྱས་ནས་འཆར་ཟིན་བཀོད་ཅིང་། དེ་རིང་ནས་བཟུང་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད།

  • 《སློབ་ཞུགས་གོང་གི་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་དོ་དམ་བྱ་ཐབས》བཟོ་བཅོས་མ་པར་འགྲེམ་བྱས་པ་དང་། གཏན་འབེབས་གསར་པར་སློབ་ཞུགས་གོང་གི་སློབ་གསོ་ལེགས་གཏོང་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

1.jpg

  • རང་རྒྱལ་གྱིས་ཁག་དང་པོར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང5ཚང་མས་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལེགས་གྲུབ་ཟིན་པ་དང་། དོམ་ཁྲ་དང་། བྱང་ཤར་སྟག ཧའེ་ནན་གྱི་ཚ་ཁུལ་ནགས་ཚལ་དང་ཝུའུ་དབྱི་རི་བོ། གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང5བཅས་ལ“སུ་ལ་དབང་བ”དང“སུས་དོ་དམ་བྱེད་དགོས”པ་ཁ་གསལ་བཏོན་ཡོད།

  • ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་དུས་མཚུངས་ལས་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་ཀྱིས་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་སྡོམ་འབོར་གྱི45%ཟིན་ཡོད།

  • 2025ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུ་མགོ་ཚུགས་པར་ད་དུང་ཟླ་བ་གཅིག་ཡོད་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས70ཙམ་ལ་འགྲེམ་སྟོན་གཉེར་བའི་འདུན་མ་ཡོད།

  • ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་གཉེར་ནས་དུས་བར་དུ་སླེབས་ཡོད། ཚེས11ཉིན་བར་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ14དང་། དངུལ་གྱི་རྟགས་མ4དང་། ཟངས་ཀྱི་རྟགས་མ2བཅས་ཐོབ་ཡོད་ཅིང་། གནས་སྐབས་སུ་གསེར་གྱི་རྟགས་མ་ཐོབ་ཚད་ཨང་དང་པོ་ཡིན།

  • སྤྱི་བདེ་པུས་རྒན་གསོའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱས་པའི་ཉེས་གསོག་དཔེ་མཚོན་གྱོད་གཞི5ཡོངས་བསྒྲགས་བྱས། དེ་དག་དུར་ས་ཕྱིར་ཚོང་དང་། “བདེ་སྲུང་ཐོན་རྫས”ལ་མ་འཇོག་བྱེད་པའི་རྣམ་གྲངས་སོགས་དང་འབྲེལ་བ་ཡོད་པ་དང་གྱོད་འབྲེལ་དངུལ་འབོར་མཐོ་ཤོས་སྒོར་དུང་ཕྱུར12ཟིན་ཡོད།

  • ཚེས11ཉིན་ཧྥི་ལི་ཕིན་གྱི་གྲུ་གཟིངས་དང་དམག་སྤྱོད་གནམ་གྲུ་ཧོང་ཡན་གླིང་ཕྲན་གྱི་མཚོ་ཁོངས་སུ་འཛུལ་བ་དང་། རང་རྒྱལ་གྱི་ཕྱི་འབྲེལ་པུས་ཧོང་ཡན་གླིང་ཕྲན་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་པས་ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཆོད་སེམས་བརྟན་པོར་འགྲན་སློང་བྱེད་མི་རུང་ཞེས་ལན་བཏབ།

  • ཨོ་སི་ཁྲུ་ལི་ཡས་ཟླ་དགུ་པར་འཚོག་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་བརྒྱད་ཅུ་པའི་ཐོག་ཕ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱ་རྒྱུ་ཡིན་ཞེས་བཤད།

    སྤྱི་ཚོགས།

2.jpg

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང11པ་སྟེ“དབྱང་ལིའུ་”སྔ་རྗེས་སུ་ཐའེ་ཝན་དང་། ཧྥུ་ཅན་དང་ཀོང་ཏུང་རྒྱུད་ཀྱི་མཚོ་རྒྱུད་དུ་སླེབས་སྲིད། དེ་རིང་མཚན་མོ་ནས་བཟུང་ཐའེ་རླུང་ཆར་བ་འབབ་རྒྱུ་རེད།

  • གནམ་གཤིས་སྡེ་ཚན་གྱིས་སྔོན་བརྡ་བཏང་བར་གཞིགས་ན། ཚེས11ནས་ཚེས13ཉིན་བར་ཧུའུ་ནན་གྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་འབབ་རྒྱུ་ཡིན་པ་དང་། རང་བྱུང་ཐོན་ཁུངས་པུས་ཧུའུ་ནན་ས་གཤིས་གནོད་འཚེ་འགོག་སྲུང་གི་རིམ་པⅣདང་ལེན་བྱེད་མགོ་ཚུགས།

3.jpg

  • 2025ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་རིང་གོ་ལ་ཧྲིལ་པོའི་ཁྱིམ་ཆས་རིག་ནུས་འཕྲུལ་མིའི4Sཚོང་ཁང་སྤྱི་དམངས་ལ་ཕྱོགས་ནས་སྒོ་ཕྱེས་པ་དང་། འཕྲུལ་འཁོར་བུ་རྫི་སོགས་ཐོན་རྫས50ལྷག་ཙམ་ཕྱིར་ཚོང་བྱས་ལ། རིན་གོང་སྒོར་སྟོང་ཕྲག་ནས་སྒོར་ཁྲི་བརྒྱ་ཕྲག་བར་མི་འདྲ་བ་ཡོད།

  • ཕང་ཏུང་ལེ་ཡིས་ཉེས་དོན་གློད་གྲོལ་མི་སྣ་གདན་ཞུ་བྱས་པའི་ཐད་དུ་ལན་སློག་པ་སྟེ། ཚོགས་སྤྱི་ཁག་གི་མི་རྣམས་ལ་སྤྱི་ཚོགས་ཀྱི་བརྩི་འཇོག་དང་གཅེས་སྐྱོང་ཐོབ་ཐུབ་པ་དང་། མི་ཚང་མས་ལ་རྒྱ་ལྡན་པའི་སྒོ་ནས་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད་ཅེས་བཤད།

6.jpg

  • ཧོ་ནན་ཀྲུའུ་མཱ་ཏེན་གྱི་གྲོང་མི་ཞིག་གིས་སེམས་ཆུང་མ་བྱས་པར་ཁྲོན་པའི་ནང་ལྷུང་བ་ན། རུ་འཁྱུར་དམག་མི་རྒན་གྲས་ཝང་ཧྥུ་ཡེ་ཡིས་སྐར་མ30ལ་ཁྲོན་པའི་ནང་དུ་འཛུལ་ནས་མཐར་མང་ཚོགས་གཞན་དག་དང་མཉམ་དུ་མི་དེ་བསྐྱབས། ཝང་ཧྥུ་ཡེ་ཡིས“མང་ཚོགས་ཀྱི་བྱ་བ་ནི་རང་ཉིད་ཀྱི་བྱ་བ་ཡིན”ཞེས་བཤད།

    སྲིད་ཇུས།

  • ཧོ་ནན་གྱིས་བྱེད་ཐབས་ཁག20བཏོན་ནས་ཁེ་ལས་ཀྱི་མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་རེད། དེའི་ནང་ཞིང་ཆེན་ནང་ཁུལ་གྱི་རིན་བསྡུའི་གཞུང་ལམ་དུ་བསྐྱོད་པའི་ཆིང་ནུས་ཟོག་འདྲེན་རླངས་འཁོར་ལ་ཤར་གཏོང་གྲོན་དངུལ་མི་བསྡུ་བ་དང་གློག་སྒུལ་ཟོག་འདྲེན་རླངས་འཁོར་ལ་ཤར་གཏོང་གྲོན་དངུལ་བཅུ་ཆ་བདུན་བཅག་ནས་གཟིགས་སྐྱོང་བྱེད་པ་སོགས་ཚུད་ཡོད།

  • 《སི་ཁྲོན་ཞིང་ཆེན་གྱི་དམངས་གཉེར་ལས་རིགས་གསོ་སྦྱོང་སློབ་གྲྭའི་དོ་དམ་བྱ་ཐབས》ཟླ་རྗེས་མར་ལག་བསྟར་བྱ་རྒྱུ་དང་། དམངས་གཉེར་ལས་རིགས་གསོ་སྦྱོང་སློབ་གྲྭས་ཟླ་གསུམ་ལས་བརྒལ་བའི་འགྲོ་གྲོན་ཐེངས་གཅིག་ལ་བསྡུ་མི་ཆོག

  • ཧྲའན་ཞི་ཡིས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གསར་གཏོད་ལས་གཏོད་འདུ་ཤེས་ཀྱི་རྨང་གཞིའི་སློབ་ཚན་ལ་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུ་དང་སློབ་ཆེན་སློབ་མའི་གསར་གཏོད་སྦྱོང་བརྡར་འཆར་གཞི་ལག་བསྟར་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

7.jpg

  • ཁྲུང་ཆིང་གི་དབུས་ཤར་རྒྱུད་དང་། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་དང་དབུས་རྒྱུད། ཧུའུ་པེའི་བྱང་ཤར་རྒྱུད་དང་ནུབ་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཅང་སུའུ་ཡི་དབུས་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཧོ་པེའི་བྱང་རྒྱུད་དང་ནུབ་རྒྱུད། པེ་ཅིང་གི་དབུས་ནུབ་རྒྱུད་དང་ཀན་སུའུ་ཡི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་ཁྲུང་ཆིང་གི་ཤར་རྒྱུད་དང་། ཧུའུ་པེའི་ལྷོ་ནུབ་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།