དེ་རིང་ནི2025ལོའི་ཟླ08པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-08-13 09:12:01   |   184

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ8པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་པར་ཙིར་གྱི་ཙུང་ཐུང་ལུའུ་ལ་དང་ཞལ་པར་བཏང་།

  • ཟླ8པའི་ཚེས12ཉིན་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས《ཀྲུང་གོ་དང་ཨ་རིའི་སི་ཐོག་ཁོར་མོའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་མཉམ་འབྲེལ་གསལ་བསྒྲགས》ཁྱབ་བསྒྲགས་བྱས།

  • ཚེས12ཉིན་ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.7འཕྲལ་མར་བཏང་ནས་སུའུ་ཡུས་ཀུའེ་ཀན་སོགས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་འཕྲལ་སྡོམ་ཉེན་སེལ་གེགས་སེལ་ལ་རྒྱབ་སྐྱོར་བྱས།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་བདུན་པར་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམ་སྟོན་གྲངས112.0ཟིན་ནས་ལོ་འདིའི་ནང་གི་ཟིན་ཐོ་གསར་པ་བཏོད།

  • ཚེས12ཉིན་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་གཉེར་སྐྱོང་བྱེད་པོ་ཁྲི1327.8གསར་དུ་བཙུགས་ཡོད།

  • ཉེ་ཆར། མི་སྒེར་གྱི་འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ8ཀྱི་འཛད་སྤྱོད་ལ་དམིགས་པའི་དངུལ་བུན་ཚང་མར་སྐྱེད་གསབ་སྲིད་ཇུས་ཐོབ་ཡོད།

  • ཟླ7པའི་ཚེས1ནས་ཟླ8པའི་ཚེས11ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར6.16སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས4.0%འཕར་ཡོད།

  • ཆུ་བེད་པུའི་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྨ་ཆུའི་ཆུ་འབོར་གཅིག་གྱུར་བཀོད་གཏོང་བྱས་པ་བརྒྱུད་རྨ་ཆུར1999ལོ་ནས་བཟུང་ལོ26ལ་བསྟུད་མར་ཆུ་རྒྱུན་ཆད་རྒྱུ་མེད་པ་མངོན་འགྱུར་བྱུང་ཡོད།

2.jpg

  • ཚེས11ཉིན་གྱི་དགོང་མོར། ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོའི་བརྒྱུད་རིམ་ཧྲིལ་པོའི་མཉམ་འབྲེལ་འཁྲབ་སྦྱོང་ཐེངས་དང་པོ་བྱས་པ་དང་། མཇུག་སྒྲིལ་མཛད་སྒོ་ཚེས17ཉིན་གྱི་དགོང་མོར་ཁྲེང་ཏུའུ་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་རྒྱལ་སྤྱིའི་མཛའ་མཐུན་ཁང་དུ་གཉེར་རྒྱུ་རེད།

    སྤྱི་ཚོགས།

3.png

  • ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང11པ་སྟེ“དབྱང་ལིའུ་”ཚེས13ཉིན་གྱི་ཉིན་གུང་སྔ་རྗེས་སུ་ཐའེ་ཝན་མཚོ་རྒྱུད་ནས་སྐམ་སར་འབུད་རྒྱུ་དང་། ཚེས13ཉིན་གྱི་མཚན་མོ་ནས་ཚེས14ཉིན་གྱི་ཐོ་རེངས་བར་ཧྥུ་ཅན་ལྷོ་རྒྱུད་ནས་ཀོང་ཏུང་ཤར་རྒྱུད་ཀྱི་མཚོ་རྒྱུད་དུ་སླར་ཡང་སྐམ་སར་འབུད་རྒྱུ་རེད།

  • ཚེས12ཉིན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུ་ཡིས2025ལོའི་ལོ་འཁོར་གྱི་ཁག་དགུ་པའི་གཙོ་གནད་བརྩམས་ཆོས་ཀྱི་པར་དབང་སྲུང་སྐྱོང་གི་ཉེན་ཟོན་སྔོན་བརྡའི་མིང་ཐོ་ཁྱབ་བསྒྲགས་བྱས། དེའི་ནང《རལ་གྲི་རྣོན་པོ·རྒྱ་སེ་མེ་ཏོག》སོགས་བརྩམས་ཆོས20ཚུད་ཡོད།

  • རྒྱལ་ཁབ་དཔེ་མཛོད་ཁང་གི་འཇར་འགོག་དམག་འཁྲུག་གི་ཡིག་ཆ་ལེགས་སྒྲིག་གི་གྲུབ་འབྲས་འགྲེམ་སྟོན་དེ་རིན་མེད་ངང་སྤྱི་དམངས་ལ་སྒོ་མོ་འབྱེད་རྒྱུ་དང་། འགྲེམ་སྟོན་དེ་ཟླ10པའི་ཚེས15ཉིན་བར་རྒྱུན་མཐུད་རྒྱུ་རེད།

  • ཚེས11ཉིན་ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་ནས་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་བར་གྱི་ཞིང་ཆེན་བརྒལ་བའི་གྲོང་ཁྱེར་དབར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་དང་པོ་དངོས་སུ་ཤར་གཏོང་བྱས་པ་དང་། ཉིན་ལྟར་ཐེངས10གཏོང་རྒྱུ་དང་། མི་རེའི་སྤ་སེའི་རིན་གོང་སྒོར50ཡིན།

  • རང་རྒྱལ་གྱིས་འཛམ་གླིང་གི་རིག་ནུས་སོན་གསོའི་འཕྲུལ་མི་ཐོག་མ་ཞིབ་བཟོ་བྱས། རྒྱུད་འདྲེས་སོན་གསོ་དང་ས་བོན་བཟོ་བའི་དཀའ་གནད་སེལ་ཏེ་སོན་གསོའི་མ་གནས་དམའ་རུ་ཤུགས་ཆེན་བཏང་ནས་སོན་གསོའི་དུས་འཁོར་ཐུང་དུ་འགྲོ་བའི་རེ་བ་ཡོད།

  • ཞི་ཨན་ཉེན་རྟོག་ཕྱོགས་ཀྱིས“ཨ་མས་ཕྲུ་གུ་ཁྲིད་ནས་འཆམ་འཆམ་དུ་འགྲོ་སྐབས་མི་མང་པོས་གཞོགས་འདེགས་བྱས་ནས་ལག་ཁྱེར་ཁ་པར་བརྐུས་སོང་བ”ཡི་ཐད་དུ་བརྡ་ཁྱབ་བཏང་བ་སྟེ། ཚེས12ཉིན་བར་ས་ཆ་གཞན་དུ་བྲོས་བྱོལ་བྱས་པའི་ཉེས་གསོག་ཚོགས་པ་ཚང་མ་འཛིན་བཟུང་བྱས་ཡོད།

4.jpg

  • ན་གཞོན་ཨ་མ་ཞིག་གིས་ཕྲུ་གུ་ཁྲིད་དེ་ནང་སོག་གི་མཛེས་ལྗོངས་ཁུལ་ཞིག་ཏུ་རྔ་མོང་བཞོན་སྐབས་སེམས་ཆུང་མ་བྱས་པར་ཐང་ལ་ལྷུང་སྟེ་རྨས་སྐྱོན་ཕོག དམག་མིའི་སྨན་པ་ཡིན་པའི་བཟའ་ཟླ་ཏུའུ་རུའེ་དང་ཐང་ཞའོ་ཡན་གྱིས་དཔའ་ངར་ཆེར་བསྐྱེད་ཀྱིས་ས་གནས་ས་ཐོག་ཏུ་མྱུར་སྐྱོབ་བྱས་ཤིང་། མྱུར་སྐྱོབ་ཀྱི་ནང་ཞུགས་པས་རྨས་སྐྱོན་ཕོག་པའི་གནས་སྐོར་བ་མཐར་ཉེན་ཁ་ལས་ཐར།

    སྲིད་ཇུས།

  • ཉེ་ཆར། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《དྲ་རྒྱའི་བཟའ་བཅའ་ཉོ་ཚོང་གི་ཕྱོགས་གསུམ་པའི་ལས་སྟེགས་དང་དྲ་ཐོག་བཟའ་བཅའ་ཕྱིར་ཚོང་ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་པའི་ལྟ་སྐུལ་དོ་དམ་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》གྱི་འཆར་ཟིན་བཀོད་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།

  • ཧོ་ནན་གྱིས་བྱེད་ཐབས་བཅུ་བཏོན་ནས་མི་ཐབས་རིག་ནུས་ཐོན་ལས་ཀྱི་སྐྱེ་ཁམས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། དེའི་ནང་ཆ་རྐྱེན་འཛོམས་པའི་ཁེ་ལས་དང་བྱ་གཞག་ཚན་པར་མ་དངུལ་མཐོ་ཤོས་སྒོར་ཁྲི100ཡི་རྒྱབ་སྐྱོར་བྱས་ཡོད།

  • ཀུའེ་ཀྲོའུ་ཡིས་ཡིག་ཆ་བཀྲམ་ནས་སྨན་བཅོས་ཡོ་བྱད་ཐོན་རྫས་རྩེ་གྲ་ལ“གེགས་མེད་བགྲོད་ལམ”ཤར་གཏོང་བྱེད་དགོས་པ་དང་། ཞིབ་བཤེར་ཆ་རྐྱེན་འཛོམས་པའི་སྔོན་འགྲོའི་ཆ་རྐྱེན་འོག ཞིབ་བཤེར་དུས་འཁོར་དེ་གྲོས་མཐུན་ནང་གི་དུས་ཚོད་ཀྱི80%བར་ཐུང་དུ་བཏང་ནས་ཐོན་རྫས་ཁྲོམ་རར་འདོན་པའི་དུས་ཚོད་ཐུང་དུ་གཏོང་རྒྱུ་ཡིན་ཞེས་བཏོན།

    དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་། ཧེ་ལུང་ཅང་གི་དབུས་ནུབ་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། ལིའོ་ཉིང་གི་ནུབ་རྒྱུད། ཧོ་པེའི་བྱང་ཤར་རྒྱུད། པེ་ཅིན་གྱི་བྱང་རྒྱུད། ཐེན་ཅིན་གྱི་ཤར་ལྷོའི་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་དབུས་རྒྱུད། ཧུའུ་པེའི་དབུས་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཡུན་ནན་གྱི་དབུས་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་ཧོ་ནན་གྱི་ཤར་ལྷོའི་རྒྱུད་དང་། ཧུའུ་པེའི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།